分享按钮

ཝང་ཅུན་ཀྲེང་གིས་ལྷ་སའི་དགེ་འོས་མཐོ་རིམ་ཆེད་ ཚན་སློབ་གྲྭར་བརྟག་ཞིབ་གནང་བ།

ལིའུ་ཅང་བརྟག་ཞིབ་ནང་ཞུགས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་ཁང་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར།རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ལྷ་སའི་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭར་བརྟག་ཞིབ་གནང་བར་ཕེབས་ཤིང་།ཁོང་གིས་སློབ་གསོའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་གཏིང་ཟབ་བྱེད་པ་དང་། ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། ཀུན་སྤྱོད་དང་མི་གསོ་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ། སློབ་གཉེར་གྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་དང་སློབ་གཉེར་གྱི་ཆུ་ཚད་མཐོ་རུ་གཏོང་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་ཆེད་ཚད་ལྡན་གྱི་འཛུགས་སྐྲུན་པ་དང་བློས་འགེལ་ཆོག་པའི་རྒྱུན་འཛིན་པ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས་པའི་ནན་གསུངས་གནང་བ་རེད།

རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལིའུ་ཅང་དང་། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། ལུའོ་མེ། ཏུའུ་ཅན་ཀུང་བཅས་ལྷན་དུ་ཕེབས་པ་རེད།

ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭ་ནི་དུས་རབས་གོང་མའི་ལོ་རབས་60པའི་དགེ་འོས་སྦྱོང་བརྡར་འཛིན་གྲྭ་ནས་འཕེལ་རྒྱས་བྱུང་བ་དང་། དེ་ནི་རང་ལྗོངས་ཀྱི་དགེ་འོས་སློབ་གྲྭ་འབའ་ཞིག་དེ་ཡིན། ཝང་ཅུན་ཀྲེང་ཀུན་སྤྱོད་སློབ་གསོ་ཁང་དང་། སློབ་གྲྭའི་ལོ་རྒྱུས་ཁང་། ཆ་འཕྲིན་དྲ་རྒྱའི་ལྟེ་གནས། གྲངས་འཛིན་འཁྲབ་གཏོང་ཁང་། རོལ་དབྱངས་སློབ་ཁྲིད་ཁང་བཅས་སུ་ཕེབས་ཏེ་སློབ་གྲྭའི་འཕེལ་རྒྱས་ལོ་རྒྱུས་དང་། དགེ་རྒན་བཀོད་སྒྲིག ཤེས་ལྡན་མི་སྣ་གསོ་སྐྱོང་། ཁྱད་ལྡན་རིག་ཚན་འཛུགས་སྐྱོང་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གསན་ནས་སློབ་གྲྭའི་སློབ་གཉེར་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད།ཁོང་གིས་བདེན་འཚོལ་ཞེས་པའི་སློབ་གྲྭའི་བསླབ་ཚིག་རྒྱུན་འཛིན་དང་། སྲོལ་རྒྱུན་བཟང་པོ་དར་སྤེལ་དང་དགེ་འོས་ཀྱི་རྨང་གཞི་བརྟན་སྲུང་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་དང་ཟུང་འབྲེལ་དམ་ཟབ་བྱས་ནས་སློབ་གཉེར་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་།སློབ་གྲྭ་དེ་བས་ལེགས་པ་དང་ཁྱད་ཆོས་ལྡན་པ་ཞིག་གཉེར་རྒྱུར་འབད་བརྩོན་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།

བརྟག་ཞིབ་བྱེད་རིང་ཝང་ཅུན་ཀྲེང་གིས་དགེ་འོས་ཆེད་ཚན་སློབ་གྲྭས་སློབ་གྲྭ་འབྲིང་ཆུང་ལ་དགེ་རྒན་གསོ་སྐྱོང་བྱེད་པའི་ལས་འགན་ལྕི་པོ་འཁུར་གྱི་ཡོད་པས་འགན་འཁྲི་དཀའ་ཚེགས་ཆེ་ལ་ལས་འགན་གཟི་བརྗིད་ལྡན་པ་ཞིག་ཡིན། སློབ་གཉེར་གྱི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱས་ཏེ། རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་སློབ་གྲྭ་འཛུགས་སྐྲུན་དང་སློབ་གཉེར་གྱི་ལག་ལེན་ལ་མཛུབ་སྟོན་བྱེད་པ་དང། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་ཤོས་ཀྱིས་རྒྱ་ཆེའི་དགེ་སློབ་ཀྱི་བསམ་བློར་དྲག་ཆས་སྤྲོས་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཀུན་སྤྱོད་ལྡན་པའི་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་མཐའ་འཁྱོངས་བྱས་ཏེ། ཏང་གི་ཆེད་དུ་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་དམིགས་ནས་སློབ་གསོའི་ཆོས་ཉིད་དང་ཤེས་ལྡན་མི་སྣ་འཚར་ལོངས་ཀྱི་ཆོས་ཉིད་ལ་བརྩི་སྲུང་ཞུས་ཏེ། ཀུན་སྤྱོད་དང་།ཤེས་རིག ལུས་རྩལ་མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་ཧུར་ཐག་བྱེད་དགོས།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-03 ལིའུ་ཅང་བརྟག་ཞིབ་ནང་ཞུགས་པ། 6 6 拉萨日报藏文 c180387.html 1 ཝང་ཅུན་ཀྲེང་གིས་ལྷ་སའི་དགེ་འོས་མཐོ་རིམ་ཆེད་ ཚན་སློབ་གྲྭར་བརྟག་ཞིབ་གནང་བ། /enpproperty-->