(པར་ངོས་དང་པོར་མཐུད)ཚོགས་འདུའི་ཐོག་སྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བར་མར་ཁེ་སི་ལེ་ཉིན་རིང་ལུཊ་དང་།མའོ་ཙེ་ཏུང་གི་དགོངས་པ།ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས།མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན།ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་རྒྱུན་འཁྱོངས་དང་།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ།སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གསར་པ་དང་།ལྟ་བ་གསར་པ།ཆོད་གཏམ་གསར་པ་རབ་དང་རིམ་པར་སློབ་སྦྱོང་དང་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། ཡང་དག་པ། ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ།བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ།བསམ་བློར་བཅིངས་འགྲོལ་དང་།སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས།སྤྱི་ཚོགས་ཀྱི་གསོན་ཤུགས་བཅིངས་འགྲོལ་དང་ཆེ་རུ་བཅས་གཏོང་བ།རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་བྱེད་པ།ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ།ཕྱོགས་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་གྱིས་སྐུལ་འདེད་གཏོང་བ།དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ཀྱིས་སྣེ་ཁྲིད་དུ་འཛིན་པ།སྤྱི་ཚོགས་དྲང་གཞག་དྲང་བདེན་ལ་སྐུལ་འདེད་གཏོང་བ་དང་མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་འབབ་སར་བྱེད་པ།མ་ལག་གཅིག་སྡུད་ལ་དེ་བས་མཐོང་ཆེན་བྱེད་པ།གཙོ་གནད་འབུར་ཐོན་ལ་དེ་བས་མཐོང་ཆེན་བྱེད་པ།སྒྱུར་བཅོས་ཀྱི་ཕན་འབྲས་ལ་དེ་བས་མཐོང་ཆེན་བྱེད་པ།ཐོན་སྐྱེད་འབྲེལ་བ་དང་ཐོན་སྐྱེད་ནུས་ཤུཊ་དང་།སྟེང་གི་བཀོད་པ་དང་དཔལ་འབྱོར་རྨང་གཞི།རྒྱལ་ཁབ་བཅོས་སྐྱོང་དང་སྤྱི་ཚོགས་འཕེལ་རྒྱས་བཅས་སྔར་ལས་འཚམ་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བར་སྒུལ་ཤུགས་དང་ལམ་ལུགས་ཀྱི་འགན་སྲུང་ཆེན་པོ་འདོན་སྤྲོད་བྱེད་དགོས་པའི་ནན་སྟོན་བྱས་ཡོད།
ཚོགས་འདུའི་ཐོག་འདི་ལོ་ནས་བཟུང་།བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ངར་ཤུགས་ཆེན་པོས་དཔལ་འབྱོར་གོང་འཕེལ་ལ་དམ་འཛིན་བྱས་པ་དང་།དཔལ་འབྱོར་བསྐྱར་འཕར་ཡག་པོ་ཡོང་བའི་རྣམ་པ་སྲ་བརྟན་དང་ཤུགས་སྣོན་བརྒྱབ་པ།དཔལ་འབྱོར་འཁོར་སྐྱོད་ཁྲོད་དགེ་མཚན་ལྡན་པའི་རྒྱུ་རྐྱེན་མང་དུ་བཏང་བ།འགུལ་ནུས་རྒྱུན་མཐུད་ངང་ཆེ་རུ་བཏང་བ།སྤྱི་ཚོགས་སྔོན་དཔག་ལེགས་སུ་བཏང་བ།སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་ནས་འཕར་ཚད་ཅུང་མགྱོགས་པ་དང་།གྲུབ་ཆ་ལེགས་སུ་ཕྱིན་པ།སྤུས་ཚད་དང་ཕན་འབྲས་ལེགས་སུ་ཕྱིན་པའི་ཁྱད་ཆོས་མངོན་ནས་དཔལ་འབྱོར་འགོ་ཚུགས་ཡག་པོ་བྱུང་ཡོད་པའི་ངོས་འཛིན་བྱས་པ་རེད།
ཚོགས་འདུའི་ཐོག་དཔལ་འབྱོར་རྒྱུན་མཐུད་ངང་བསྐྱར་འཕར་ཡག་པོ་ཡོང་བར་སྔར་བཞིན་འགྲན་སློང་མང་པོ་འཕྲད་ཡོད་པ་སྟེ།གཙོ་བོ་ནུས་ལྡན་གྱི་དགོས་མཁོ་སྔར་བཞིན་མི་འདང་བ་དང་།ཁེ་ལས་གཉེར་སྐྱོང་གི་གནོན་ཤུགས་ཆེ་ཙམ་ཡོད་པ།གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་མང་བ།རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་བདེ་བླག་ངང་ཡོང་གི་མེད་པ་བཅས་དང་ཕྱི་རོལ་གྱི་ཁོར་ཡུག་རྙོག་འཛིང་རང་བཞིན་དང་།ཚབས་ཆེ་བ།ངེས་གཏན་མེད་པའི་རང་བཞིན་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་པ་རེད།དུས་མཚུངས་སུ་ངེས་པར་དུ་མཐོང་ཐུབ་དགོས་པ་ཞིག་ནི།རང་རྒྱལ་གྱི་དཔལ་འབྱོར་རྨང་གཞི་བརྟན་པོ་དང་།དགེ་མཚན་མང་བ།མཉེན་ཆ་ཆེ་བ།མི་མངོན་པའི་ནུས་པ་ཆེ་བ་བཅས་ཡིན་པས།འགོ་ཡག་པོ་འཛུགས་རྒྱུ་དང་།བསྐྱར་འཕར་ཡག་པོ་ཡོང་བ་བྱ་རྒྱུ་ནི་མིག་སྔའི་དཔལ་འབྱོར་འཁོར་སྐྱོད་ཀྱི་གཞི་རྩའི་ཁྱད་ཆོས་དང་འཕེལ་ཕྱོགས་ཡིན་པས།དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཡིད་ཆེས་ཆེ་རུ་གཏོང་དགོས་ཞེས་བསྟན་ཡོད།
ཚོགས་འདུའི་ཐོག་ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུ་དང་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ནས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་མཐའ་འཁྱོངས་དང་།འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་།གནད་ལ་འཁེལ་བ།ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ།འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་འཛུགས་པ་།སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ།སྟབས་བསྟུན་མདུན་སྐྱོད་མཐའ་འཁྱོངས་བྱེད་པ།འགོ་མཇུག་གཉིས་ཀར་དམ་འཛིན་བྱེད་པ་བཅས་ཀྱི་ཐོག་ནས་དཔལ་འབྱོར་བསྐྱར་འཕར་ཡག་པོ་ཡོང་བའི་རྣམ་པ་སྲ་བརྟན་དང་ཤུགས་སྣོན་ཏན་ཏིག་རྒྱག་དགོས་པའི་ནན་སྟོན་བྱས་ཡོད།
ཚོགས་འདུའི་ཐོག་སྔོན་ལ་ཤུགས་སྣོན་བརྒྱབ་ནས་གཏན་འཁེལ་བྱས་པའི་སྤྱི་ཁོག་སྲིད་ཇུས་དོན་འཁྱོལ་ནུས་ལྡན་བྱས་ཏེ། དགེ་མཚན་ལྡན་པའི་ནོར་སྲིད་ཀྱི་སྲིད་ཇུས་དང་བརྟན་པའི་དངུལ་ལོར་སྲིད་ཇུས་ལག་བསྟར་ཡག་པོ་བྱེད་དགོས་པ་དང་། དུས་ཡུན་རིང་བོ་ལས་བརྒལ་བའི་དམིགས་བསལ་རྒྱལ་བུན་སྔ་ཙམ་འགྲེམས་སྤེལ་དང་བེད་སྤྱོད་ཡག་པོ་བྱེད་པ་དང་། ཆེད་དོན་བུ་ལོན་འགྲེམས་སྤེལ་དང་བེད་སྤྱོད་ཀྱི་མྱུར་ཚད་མགྱོགས་སུ་གཏོང་བ། དགོས་ངེས་ཀྱི་ནོར་སྲིད་ཀྱི་གཏོང་སྒོའི་ཤུགས་ཚད་རྒྱུན་འཁྱོངས་བཅས་བྱས་ཏེ་གཞི་རིམ་གྱི་འགན་ལེན་གསུམ་དུས་ཐོག་ཏུ་གཏོང་སྒོ་འདང་ངེས་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས་པ།སྐྱེད་ཚད་དང་།བཅོལ་དངུལ།གྲབས་དངུལ་གྱི་ཚད་སོགས་སྲིད་ཇུས་ཀྱི་ལག་ཆ་སྟབས་བསྟུན་གྱིས་བེད་སྤྱོད་བྱས་ཏེ་དངོས་ཚན་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་ཀྱི་ཕྱོགས་བསྡུས་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་དམའ་རུ་གཏོང་དགོས་པ། སྤྱི་ཁོག་སྲིད་ཇུས་ཀྱི་ཁ་ཕྱོགས་གཅིག་མཐུན་རང་བཞིན་གྱི་དཔྱད་དཔོག་ཡག་པོ་བྱས་ནས་སྔོན་དཔག་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་པ། རྒྱལ་ནང་གི་དགོས་མཁོ་རྒྱ་ཆེར་ཧུར་ཐག་བཏང་ནས་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་དང་འཛད་རྫས་རྙིང་པ་གསར་བརྗེས་བྱ་སྤྱོད་ཀྱི་ཇུས་གཞི་དོན་འཁྱོལ་ཡག་པོ་བྱེད་དགོས་པ། འཛད་སྤྱོད་ཀྱི་རྣམ་པ་སྔར་ལས་མང་བ་གསར་སྐྲུན་བྱས་ནས་མི་དམངས་མང་ཚོགས་ཀྱི་སྣ་མང་ཅན་དང་སྤུས་ཚད་མཐོ་བའི་འཛད་སྤྱོད་ཀྱི་དགོས་མཁོ་སྔར་ལས་ལེགས་པར་སྐོང་དགོས་པ། མི་རྩ་བར་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྐུལ་འདེད་གཏིང་ཟབ་བཏང་ནས་འཛད་སྤྱོད་དང་མ་དངུལ་འཇོག་པའི་མི་མངོན་པའི་སྟོབས་ཤུགས་རྒྱུན་མཐུད་ངང་འདོན་དགོས་པ། སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས་བྱེད་པའི་ལམ་སྲོལ་གསར་པ་ལག་བསྟར་ཡག་པོ་བྱས་ཏེ་དམངས་ཁྲོད་ཀྱི་མ་དངུལ་འཇོག་པའི་གསོན་ཤུགས་སྐུལ་སྤེལ་གང་ལེགས་བྱེད་དགོས་པ་བཅས་བསྟན་ཡོད།
ཚོགས་འདུའི་ཐོག་ཡུལ་བབ་དང་བསྟུན་ནས་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་དགོས་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གསར་དར་ཐོན་ལས་སྐྱེད་སྲིང་སྟོབས་ཆེར་གཏོང་བ། སྔོན་ཐོན་གྱི་ལག་རྩལ་སྤྱད་དེ་སྲོལ་རྒྱུན་ཐོན་ལས་རིགས་སྒྱུར་རིམ་སྤར་བྱེད་དགོས་པ།ཉེན་འཁུར་མ་དངུལ་འཇོག་པ་འཕེལ་རྒྱས་ཧུར་ཐག་བཏང་ནས་མ་རྩ་རྒྱ་སྐྱེད་གཏོང་དགོས་པ་བཅས་ནན་སྟོན་བྱས་ཡོད།ཚོགས་འདུའི་ཐོག་བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་སྒོ་དབྱེ་རྒྱ་ཆེར་གཏོང་བ་དང་། རྒྱལ་ཡོངས་ཀྱི་གཅིག་གྱུར་ཚོང་ར་ཆེན་པོ་འཛུགས་སྐྲུན་བྱེད་པ། ཁྲོམ་རའི་དཔལ་འབྱོར་གྱི་རྨང་གཞིའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། བར་རྫས་ཉོ་ཚོང་དང་། ཞབས་ཞུའི་ཉོ་ཚོང་། གྲངས་འཛིན་ཉོ་ཚོང་། རྒྱལ་མཚམས་སྒྲོལ་བའི་གློག་རྡུལ་ཚོང་དོན་བཅས་ཕྱིར་གཏོང་རྒྱ་སྐྱེད་ཧུར་ཐག་གཏོང་བ་དང་། དམངས་གཉེར་ཁེ་ལས་ཀྱིས་ཕྱི་རྒྱལ་གྱི་ཚོང་ར་རྒྱ་སྐྱེད་གཏོང་བར་རྒྱབ་སྐྱོར་བྱས་ཏེ་ཕྱི་རྒྱལ་གྱི་མ་དངུལ་འགུག་པ་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་བཅས་བསྟན་ཡོད།
ཚོགས་འདུའི་ཐོག་གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་མུ་མཐུད་དོགས་ཟོན་དང་སེལ་དགོས་པ་དང་། གྲོང་ཁྱེར་ལ་གཞིགས་ནས་སྲིད་ཇུས་ལག་བསྟར་བྱ་རྒྱུ་མུ་མཐུད་མཐའ་འཁྱོངས་བྱས་ཏེ་ས་གནས་སྲིད་གཞུང་དང་། ས་ཁང་བདག་ཁོངས་ཁེ་ལས། དངུལ་རྩའི་ལས་ཁུངས་བཅས་ཀྱི་འགན་འཁྲི་ནན་དུ་བཏང་ནས་ཁང་པ་དུས་ཐོག་ཏུ་སྤྲོད་རྒྱུར་འགན་ལེན་བྱེད་པའི་ལས་དོན་ཏན་ཏིག་བསྒྲུབས་ནས་ཁང་པ་ཉོ་མཁན་གྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱེད་དགོས་པ། ས་ཁང་བདག་ཁོངས་ཁྲོམ་རའི་མཁོ་སྤྲོད་འབྲེལ་བའི་འགྱུར་ལྡོག་གསར་པ་དང་། མི་དམངས་མང་ཚོགས་ཀྱིས་སྤུས་ལེགས་སྡོད་ཁང་ལ་རེ་སྒུག་གསར་པ་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། གསོག་འཇོག་ཁང་ཁོངས་འཇུ་རྒྱུ་དང་འཕར་ཚད་སྡོད་ཁང་ལེགས་སྒྱུར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་གཅིག་གྱུར་གྱིས་ཞིབ་འཇུག་བྱས་ཏེ།ས་ཁང་བདག་ཁོངས་འཕེལ་རྒྱས་གཏོང་སྟངས་གསར་པ་དམ་འཛིན་བྱས་ནས་ས་ཁང་བདག་ཁོངས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།ས་གནས་སྲིད་གཞུང་གི་བུ་ལོན་ཉེན་ཁ་སེལ་བའི་ཇུས་གཞི་ལག་བསྟར་གཏིང་ཟབ་བྱས་ཏེ། བུ་ལོན་ཉེན་ཁ་ཆེ་བའི་ཞིང་ཆེན་དང་གྲོང་ཁྱེར་དང་རྫོང་གིས་བུ་ལོན་དངོས་སུ་ཉུང་དུ་བཏང་ལ། བརྟན་ལྷིང་ངང་འཕེལ་རྒྱས་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས། དངུལ་རྩའི་ལས་ཁུངས་འབྲིང་ཆུང་སྒྱུར་བཅོས་དང་ཉེན་འགོག་ཅན་དུ་འགྱུར་བར་མུ་མཐུད་སྐུལ་འདེད་བཏང་ནས་བྱེད་ཐབས་མང་པོ་སྤྱད་དེ་མ་རྩའི་ཚོང་ར་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་པ་བཅས་ནན་སྟོན་བྱས་ཡོད།
ཚོགས་འདུའི་ཐོག་འབྱུང་འཕྲོད་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པ་དང་། མཁའ་རླུང་སྤུས་ཚད་རྒྱུན་མཐུད་ངང་ལེགས་བཅོས་བྱེད་པའི་བྱ་སྤྱོད་འཆར་གཞི་ལག་བསྟར་ནན་ཏན་བྱས་ཏེ། རྡོ་སོལ་གཙང་མ་དང་ནུས་ཆེའི་སྒོ་ནས་བེད་སྤྱོད་དང་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་བསྡུ་ལེན་དང་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཐཱན་ཚད་མཐོ་ཤོས་སུ་སླེབས་པའི་བྱ་སྤྱོད་ཆེན་པོ་བཅུ་རྒྱུན་མཐུད་དང་ནུས་ལྡན་ངང་སྤེལ་ནས། དངོས་ཟོག་བེད་མེད་དང་རྙིང་པ་འཁོར་རྒྱུག་བེད་སྤྱོད་མ་ལག་འཛུགས་སྐྲུན་མགྱོགས་སུ་གཏོང་དགོས་པ་བཅས་བསྟན་ཡོད།
ཚོགས་འདུའི་ཐོག་དམངས་འཚོ་འགན་ལེན་དང་ལེགས་སུ་ཏན་ཏིག་གཏོང་བ་དང་། ལས་ཞུགས་སྔོན་ལ་ཐུབ་པའི་ཕྱོགས་སྟོན་མངོན་གསལ་དོད་པ།ཡོང་འབབ་འབྲིང་དམའ་ཚོགས་སྤྱིའི་ཡོང་འབབ་འཕར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་འགན་སྲུང་གི་དྲ་བ་དམ་པོ་འཛུགས་དགོས་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས་པ། ཐོན་སྐྱེད་བདེ་འཇགས་ལ་དམ་འཛིན་ཡག་པོ་བྱས་ནས་ཐོན་སྐྱེད་བདེ་འཇགས་ཀྱི་རྨང་གཞིའི་སྒྲིག་བཀོད་གསར་སྒྱུར་སྒྱུར་བཀོད་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་ཆབ་སྲིད་སྒྲིག་ཁྲིམས་ནན་སྲུང་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་ལེན་མཐར་ཕྱིན་དོན་འཁྱོལ་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པ་བཅས་ནན་སྟོན་བྱས་ཡོད།
ཚོགས་འདུའི་ཐོག་འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་ཀྱི་ཐབས་ཇུས་གལ་ཆེན་ཞིག་རེད། ཏང་ཀྲུང་དབྱང་གི་འཐབ་ཇུས་འདོད་བློ་ལ་གོ་བ་གཏིང་ཟབ་ལེན་པ་དང་། འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་དུ་འགྱུར་བའི་འཕེལ་རྒྱས་ཀྱི་འགག་གནད་སྔར་ལས་ཆེ་བ་སྒྲོལ་རྒྱུར་སྐུལ་འདེད་བཏང་ནས་སྔོན་ལ་ལམ་བུ་འཚོལ་ཞིབ་དང་། སྣེ་ཁྲིད་དཔེ་སྟོན།ཁྱབ་འགྱེད་སྣེ་ཁྲིད་ཀྱི་ནུས་པ་སྔར་བས་ལེགས་པར་འདོན་སྤེལ་བྱེད་དགོས་པ་བཅས་བསྟན་ཡོད།
ཚོགས་འདུའི་ཐོག་ཐོག་མཐའ་བར་གསུམ་དུ་གཞི་གཅིག་ཅན་དང་སྤུས་ཚད་མཐོ་བའི་འགག་རྩ་གཉིས་དམ་པོར་བཟུང་ནས་འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་འཕེལ་རྒྱས་ཀྱི་གཙོ་གནད་ལས་འགན་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པ་དང་། འགག་རྩའི་ལྟེ་བའི་ལག་རྩལ་གྱི་ལས་བརྒལ་ཚད་མགྱོགས་སུ་བཏང་ནས་སྲོལ་རྒྱུན་ཐོན་ལས་རིམ་སྤོར་དང་། གསར་དར་ཐོན་ལས་སྟོབས་ཆེན། འབྱུང་འགྱུར་ཐོན་ལས་གསོ་སྐྱོང་བཅས་གཅིག་གྱུར་གྱིས་སྐུལ་འདེད་བཏང་ནས་ཁྱབ་ཁོངས་སྔར་ལས་ཆེ་བའི་ནང་མཉམ་འགུལ་ངང་གསར་གཏོད་འབྲེལ་ཐག་དང་། ཐོན་ལས་འབྲེལ་ཐག མཁོ་སྤྲོད་འབྲེལ་ཐག་བཅས་འཛུགས་དགོས་པ། སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་མགྱོགས་སུ་བཏང་ནས་སྲིད་འཛིན་བཀག་རྒྱ་གཏོར་བ་དང་སྲིད་ཇུས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། གཞི་གཅིག་ཅན་དེ་སྔར་ལས་གཏིང་ཟབ་དང་སྔར་ལས་རྒྱ་ཆེ་བའི་ཁྱབ་ཁོངས་སུ་རྒྱ་སྐྱེད་གཏོང་བར་སྐུལ་འདེད་གཏོང་དགོས་པ། རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་དང་ཐོག་སྦྲེལ་མཐུད་བྱས་ཏེ་རིམ་པ་མཐོ་བའི་མཐུན་སྦྱོར་སྒོ་འབྱེད་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཆུ་ཚད་སྔར་ལས་མཐོ་བའི་སྒོ་དབྱེའི་རྣམ་པའི་དཔལ་འབྱོར་གྱི་ལེགས་ཆ་གསར་པ་གསར་གཏོད་དགོས་པ། མཐའ་ཚད་འཛིན་སེམས་མཐའ་འཁྱོངས་བྱས་ནས་འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ཏེ་འབྱུང་ཁམས་ཁོར་ཡུག་མཉམ་སྲུང་མཉམ་སྐྱོང་དང་།ས་ཁོངས་འབྱུང་འཕྲོད་འཕེལ་རྒྱས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་པ། ཀྲུང་དབྱང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་འགོ་ཁྲིད་ཚོགས་ཆུང་གིས་གཅིག་གྱུར་འཆར་འགོད་མཐུན་སྦྱོར་ལ་ཤུགས་སྣོན་དང་། འབྲེལ་ཡོད་སྡེ་ཚན་གྱིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཧྲང་ཧའེ་གྲོང་ཁྱེར་གྱིས་སྣེ་ཁྲིད་ནུས་པ་སྔར་བས་འདོན་སྤེལ་བྱེད་པ། ཅང་སུའུ་དང་། ཀྲེ་ཅང་། ཨན་ཧུའེ་བཅས་ཞིང་ཆེན་གསུམ་གྱིས་རང་རང་གི་ལེགས་ཆ་དར་སྤེལ་དང་།ལས་ཀའི་མཉམ་ཤུགས་སྟོབས་ཆེན་གཅིག་ཏུ་བསྡུས་ནས་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྒྱུན་ཆད་མེད་པར་འབྲི་དགོས་པ་བཅས་ནན་སྟོན་བྱས་ཡོད།
ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་ལའང་ཞིབ་འཇུག་བྱས་པ་རེད།
(བུ་ཆུང་དང་ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社