(པར་ངོས་དང་པོར་མཐུད)རིམ་པ་ཁག་དང་སྡེ་ཚན་ཁག་གིས་མ་འཇོག་བརྟན་པོའི་ངང་འཕར་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་མངོན་གསལ་དོད་པའི་གནས་སུ་འཇོག་རྒྱུ་མཐའ་འཁྱོངས་དང་། དམིགས་ཚད་ལས་འགན་གཞིར་བཟུང་ནས་རང་གིས་རང་ལ་འཆར་གཞི་བཟོ་བ་དང་དེར་གཞིགས་ནས་རང་འགུལ་ངང་སྒྲུབ་པ་བཅས་བྱས་ཏེ་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་སྔར་བས་མྱུར་པོ་དང་ཤུགས་ཆེན་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས་ཞེས་གསུངས་པ་རེད།
ཝང་ཆང་གིས་དུས་འགོའི་ལས་དོན་དོན་གཉེར་ཡག་པོ་བྱེད་དགོས་པ་སྟེ།དུས་འགོར་རྣམ་གྲངས་ལག་བསྟར་བྱེད་འཐུས་རང་བཞིན་གྱི་ཞིབ་འཇུག་དང་།ཚན་རིག་དང་མཐུན་པའི་རིགས་པས་ཁུངས་སྐྱེལ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་ཇུས་འགོད་ཞིབ་ཚགས་བྱས་ནས་རྣམ་གྲངས་འཐུས་ཚང་ཡོང་ཚད་མཐོ་རུ་གཏོང་དགོས་པ་དང་། རྣམ་གྲངས་ལ་ཞིབ་མཆན་འགོད་པའི་བརྒྱུད་རིམ་ལེགས་སུ་གཏོང་དགོས་པ་སྟེ། སྡེ་ཚན་མང་པོས་མཉམ་དུ་ཤུགས་རྒྱག་པ་དང་། རྣམ་གྲངས་གཙོ་གནད་ལ་མཉམ་དུ་ཞིབ་བཤེར་དང་ཆོག་མཆན་སྤྲོད་པ་བཅས་བྱས་ཏེ་རྣམ་གྲངས་ཀྱི་དུས་འགོའི་ལས་ཆོད་ཆེ་རུ་གཏོང་དགོས་པ། གོ་སྐབས་དམ་འཛིན་བྱེད་དགོས་པ་སྟེ།རྒྱལ་ཁབ་ཀྱི་དུས་ཡུན་རིང་པོའི་དམིགས་བསལ་རྒྱལ་བུན་སྲིད་ཇུས་ཀྱི་སྐར་ཁུང་ལ་དམ་འཛིན་བྱས་ནས་རང་འགུལ་ངང་སྲིད་ཇུས་སློབ་སྦྱོང་དང་ཞིབ་འཇུག་དང་། རྣམ་གྲངས་སྙན་ཞུ་འབུལ་རྒྱུའི་འཆར་འགོད་ཧུར་ཐག་བྱས་ཏེ་མ་དངུལ་འཇོག་པ་དང་། འཕར་སྣོན་བརྟན་པོ། རྨང་གཞིའི་འཛུགས་སྐྲུན་སྟོབས་ལྡན་བཅས་ལ་སྔར་བས་སྐུལ་འདེད་གཏོང་དགོས་པ། གདུམ་ཟུམ་གྱི་བཀོད་གཏོང་བྱེད་དགོས་པ་སྟེ།འགན་ལེན་འགོ་ཁྲིད་ཀྱིས་གནད་དོན་ལ་དོ་སྣང་བྱས་ནས་རྣམ་གྲངས་འཛུགས་སྐྲུན་གྱི་འཐབ་ཕྱོགས་དང་པོའི་ནང་ཟབ་འཇུག་དང་། ཡུལ་དངོས་སུ་གཞུང་དོན་སྒྲུབ་པ། གནད་དོན་མཐུན་སྦྱོར་ཐག་གཅོད་བཅས་བྱས་ཏེ་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ཡག་པོ་བྱེད་དགོས་པ།རྣམ་གྲངས་ཚན་པས་རྣམ་གྲངས་ཀྱི་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་པ་སྟེ།དུས་བཀག་ལྟར་རྣམ་གྲངས་ཀྱི་མྱུར་ཚད་ལ་བཀོད་གཏོང་དང་།རྣམ་གྲངས་འཛུགས་སྐྲུན་སྤུས་ཚད་ཐདརྒྱུན་གཏན་གྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ་རྣམ་གྲངས་འཛུགས་སྐྲུན་སྤུས་ཚད་མཐོ་བ་དང་མྱུར་ཚད་མགྱོགས་པའི་འགན་ལེན་བྱེད་དགོས་པ། ཨར་ལས་སྡེ་ཚན་གྱིས་གཅིག་འགྱུར་འཆར་འགོད་ལ་ཤུགས་སྣོན་རྒྱག་དགོས་པ་སྟེ། འཕྲུལ་ཆས་སྒྲིག་ཆས་དང་ལས་མི་སྤྱོད་པའི་རྒྱུ་ཆ་སོགས་ལས་རིམ་བཀོད་སྒྲིག་ལུགས་མཐུན་བྱས་ནས་འཛུགས་སྐྲུན་གྱི་ལས་ཆོད་ཆེ་རུ་གཏོང་དགོས་པ། ཆེད་དོན་དཔུང་ཁག་འཛུགས་དགོས་པ་སྟེ།དཀའ་གནད་ཆེ་བའི་རྣམ་གྲངས་ལ་ལས་ཀའི་ཆེད་དོན་དཔུང་ཁག་བཙུགས་ནས་ཕྱོགས་ཡོངས་ནས་རྒྱབ་སྐྱོར་དང་། ཚང་དགོས་པའི་ཆ་དེ་ཡོངས་སུ་འགན་ལེན།དུས་འཁོར་ཡོངས་ཀྱི་ཞབས་ཞུ་སྒྲུབ་པ་བཅས་བྱས་ཏེ་རྣམ་གྲངས་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད་ཀྱི་དཀའ་ངལ་གནད་དོན་ཐག་གཅོད་ཤུགས་ཆེན་བྱས་ནས་རྣམ་གྲངས་གང་ཐུབ་ཅི་ཐུབ་ཀྱིས་དོན་གཉེར་བྱས་ནས་དངོས་པོའི་གྲངས་འབོར་དེ་བས་མང་བ་ཆགས་པར་འགན་ལེན་ཏན་ཏིག་བྱེད་དགོས་པ། རྩིས་ཐོར་དོ་དམ་བྱེད་དགོས་པ་སྟེ། རྣམ་གྲངས་ཀྱི་གནད་དོན་གྱི་རྩིས་ཐོ་དང་། དམིགས་ཚད་ཀྱི་རྩིས་ཐོ། འགན་འཁྲིའི་རྩིས་ཐོ་བཅས་བཟོས་ནས་རྩིས་ཐོ་བཀོད་ནས་ལྟ་སྐུལ་དང་། རྗེས་འདེད་ཕན་འབྲས་འདྲི་རྩད་བྱས་ཏེ་འགན་འཁྲི་དོན་འཁྱོལ་གནད་ལ་འཁེལ་བ་དང་། གནད་དོན་ཐག་གཅོད་ནུས་ལྡན་བྱེད་པ། དམིགས་ཚད་དུས་ཐོག་ཏུ་ལེགས་སྒྲུབ་ཡོང་བར་འགན་ལེན་བྱེད་དགོས་པ་བཅས་ཀྱི་ནན་གསུངས་གནང་བ་རེད།
གྲོང་ཁྱེར་གྱི་འགོ་ཁྲིད་གཞོན་པ་བཀྲ་ཤིས་དཔལ་སྒྲོན་དང་། ལུའུ་ཚུང་ཧྥུ། བློ་གསལ།བློ་བརྟན་བཅས་ཚོགས་འདུར་ཞུགས་པ་རེད།
(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社