分享按钮

(པར་ངོས་དང་པོར་མཐུད)གཉིས་པ། ལས་བཟོ་བ་དུང་ཕྱུར་མང་པོ་སྒྲིག་འཛུགས་དང་སྐུལ་སློང་བྱས་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་འབད་འབུངས་ཆེར་བསྐྱེད་དང་དུས་རབས་གསར་པར་བྱས་རྗེས་འཇོག་དགོས། བཟོ་ཚོགས་ཀྱི་ལས་ཀར་བཤད་ན་དོན་ཚན་སྟོང་ཕྲག་མང་པོ་ཡོད་ཅིང་། ཆེས་རྩ་བར་གྱུར་པའི་དོན་ཚན་ཞིག་ནི་རྒྱ་ཆེའི་ལས་བཟོ་མང་ཚོགས་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཏང་གི་ལྟེ་བའི་ལས་འགན་མངོན་འགྱུར་བྱ་ཆེད་མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་དེ་ཡིན། བློ་གཅིག་སེམས་གཅིག་གིས་བཟོ་པའི་གྲལ་རིམ་ལ་བརྟེན་པའི་རྩ་བའི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ཏེ། རྒྱ་ཆེའི་ལས་བཟོ་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ལ་སྐུལ་སློང་གང་ལེགས་བྱེད་པ་དང་། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་བྱ་གཞག་རླབས་པོ་ཆེའི་ནང་ཧུར་ཐག་ཞུགས་དགོས། ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས་དང་། ངལ་རྩོལ་གྱི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་གཏོང་དགོས། གསུམ་པ། སེམས་ཤུགས་དང་བརྩེ་སེམས་གང་ཡོད་བཏོན་ནས་ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབ་དགོས། མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བའི་ཐོག་སྔར་བས་མངོན་གསལ་དོད་པ་དང་དོན་དངོས་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། དེ་ཡང་ཐོག་མར་ངལ་རྩོལ་པ་དུང་ཕྱུར་མང་པོའི་ཐོག་ནས་མཚོན་དགོས། བཟོ་ཚོགས་ནི་ལས་བཟོ་བའི་ཁེ་ཕན་གྱི་འཐུས་ཚབ་པ་དང་སྲུང་སྐྱོང་བྱེད་མཁན་ཡིན་པའི་ངོས་ནས་ལས་བཟོ་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་དོན་དངོས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་པ་དང་། ལྷག་པར་དུ་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ཁྲིམས་མཐུན་གྱི་ཁེ་དབང་ལ་སྲུང་སྐྱོང་ཡག་པོ་བྱ་རྒྱུར་མཐོང་ཆེན་བྱེད་དགོས། ལས་བཟོ་བས་ཁྲིམས་ལྟར་དང་གོ་རིམ་ལྡན་པའི་སྒོ་ནས་ཁེ་ཕན་གྱི་རེ་འདུན་མཚོན་པ་དང་། རང་ངོས་ཀྱི་ཁེ་དབང་ལ་སྲུང་སྐྱོང་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། འཆམ་མཐུན་གྱི་ངལ་རྩོལ་འབྲེལ་བ་འཛུགས་པར་སྐུལ་འདེད་གཏོང་དགོས།

རྩོམ་ཡིག་ནང་ནན་གསུངས་གནང་དོན། བཟོ་ཚོགས་ནི་ལས་བཟོ་བའི་ཁྱིམ་ཡིན་པ་དང་། བཟོ་ཚོགས་ཀྱི་ལས་བྱེད་པ་ནི་ལས་བཟོ་པའི་ནང་མི་ལྟ་བུ་ཡིན་དགོས། བཟོ་ཚོགས་སྒྱུར་བཅོས་དང་འཛུགས་སྐྱོང་མུ་མཐུད་ཟབ་སྤེལ་བྱས་ཏེ། གཞི་རིམ་དམ་འཛིན་བྱེད་པའི་ཁྲིད་སྟོན་མངོན་གསལ་དོད་པོས་བརྟན་པོར་འཛུགས་དགོས། གཞི་རིམ་བཟོ་ཚོགས་ཀྱི་སྣེ་ཁྲིད་ཀྱི་ནུས་པ་དང་། རྩ་འཛུགས་ཀྱི་ནུས་པ། ཞབས་འདེགས་ཞུ་བའི་ནུས་པ་བཅས་རྒྱུན་ཆད་མེད་པར་ལེགས་སུ་གཏོང་དགོས། ཏང་ཨུད(ཏང་ཙུའུ)རིམ་པ་ཁག་གིས་བཟོ་ཚོགས་དང་བཟོ་ཚོགས་ཀྱི་ལས་ཀར་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས། རིམ་ཁག་སྲིད་གཞུང་གིས་བཟོ་ཚོགས་ལ་རོགས་རམ་ཧུར་ཐག་བྱས་ནས་ལས་བཟོ་མང་ཚོགས་ཀྱི་དོན་དངོས་ཀྱི་དཀའ་ངལ་དང་གནད་དོན་ཐག་གཅོད་བྱེད་དགོས།(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-02 6 6 拉萨日报藏文 c180374.html 1 /enpproperty-->