分享按钮

“བོད་དུ་ང་ཡིས་བཏབ་པའི་ཤིང་ཞིག་ཡོད”ཅེས་པའི་ སྤྱི་ཕན་ཤིང་འཛུགས་ཀྱི་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་4ཚེས་28ཉིན། “ལྷོ་བྱང་རི་བོར་ནགས་ཚལ་མཉམ་དུ་བསྐྲུན། བོད་དུ་ང་ཡིས་བཏབ་པའི་ཤིང་ཞིག་ཡོད”ཅེས་པའི་སྤྱི་ཕན་ཤིང་འཛུགས་ཀྱི་བྱེད་སྒོ་སྤེལ་འགོ་ཚུགས་པའི་མཛད་སྒོ་དེ་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཁྲོམ་གཞུང་གི་སྟེང་དཀར་འཛུགས་སྐྲུན་དངུལ་ཁང་སྤྱི་ཕན་ནགས་ཚལ་དུ་འཚོགས་ཤིང་། ཐེངས་འདིའི་བྱེད་སྒོ་དེ་འཛུགས་སྐྲུན་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་དང་རང་སྐྱོང་ལྗོངས་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་དང་བོད་ལྗོངས་སྨྱན་སྦྱོར་ཚོགས་པས་སྒྲུབ་འགན་ཁུར་ནས་གཉེར་བ་ཞིག་རེད།

ཤིང་འཛུགས་ཡུལ་དུ་དང་བླངས་པ་ཚོས་ལས་བགོས་རྒྱག་པ་དང་། ཕན་ཚུན་གཞོགས་འདེགས་བྱེད་པ། ས་དོང་འདྲུ་བ། ཆུ་འདྲེན་པ། ཤིང་སོན་འཛུགས་པ་སོགས་ཀྱི་ལས་དོན་གོ་རིམ་བཞིན་བསྒྲུབས་ཏེ། ལག་ལེན་དངོས་ཀྱི་ཐོག་ནས་ལྗང་མདོག་འཕེལ་རྒྱས་ཀྱི་ལྟ་བ་ལག་ལེན་བསྟར་ཞིང་། ཤིང་སོན་བཏབ་ཚར་རྗེས་དང་བླངས་པ་ཚོས་སྡོང་ཕྲན་གྱི་སྟེང་དུ་བསམ་འདུན་གྱི་བྱང་བུ་བཏགས་པ་རེད།

“བོད་དུ་ང་ཡིས་བཏབ་པའི་ཤིང་ཞིག་ཡོད”ཅེས་པའི་སྤྱི་ཕན་ཤིང་འཛུགས་ཀྱི་བྱེད་སྒོས་སྤྱི་ཚོགས་ཡོངས་ལ་སྐུལ་སློང་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཕྱོགས་ཁག་གི་སྟོབས་ཤུགས་གཅིག་ཏུ་སྡུད་པ། གསར་འགྱུར་སྨྱན་སྦྱོར་གྱི་ཐབས་ལམ་ལེགས་པར་སྤྱོད་པ་བཅས་བྱས་ཏེ། སྒྲིག་གཞི་ཁག་དང་མང་ཚོགས་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གཞིར་ཧུར་ཐག་ཞུགས་རྒྱུའི་འབོད་སྐུལ་གང་ལེགས་བྱས་པ་རེད།

འཛུགས་སྐྲུན་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཧང་ཀྲང་ཝང་ཙི་ལེང་གིས་ང་ཚོའི་དངུལ་ཁང་གིས་སྔ་ཕྱི་བར་གསུམ་དུ་བློ་བརྟན་འགྱུར་མེད་ངང་ལྗང་མདོག་དངུལ་རྩའི་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་དོན་འཁྱོལ་བྱས་ཡོད། 2022ལོ་ནས་བཟུང་འཛུགས་སྐྲུན་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ལྷ་ས་དཔལ་སྡིངས་གྲོང་ཚོའི་ཤར་གྱི་ཡུག་སྦྲེལ་ཁུལ་ཨང་གཉིས་པ་དངོས་སུ་འགན་གཙང་བླངས་ནས་ཤིང་སོན་ཁྲི་26.7བཏབ་ནས་བཏབ་ཚད་བརྒྱ་ཆ་99.9ཟིན་པ་དང་། རྣམ་གྲངས་ལ་མ་དངུལ་སྒོར་ཁྲི་4600ལྷག་ཙམ་བཏང་ཡོད་ཅེས་བཤད།(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-01 6 6 拉萨日报藏文 c180368.html 1 “བོད་དུ་ང་ཡིས་བཏབ་པའི་ཤིང་ཞིག་ཡོད”ཅེས་པའི་ སྤྱི་ཕན་ཤིང་འཛུགས་ཀྱི་བྱེད་སྒོ་སྤེལ་བ། /enpproperty-->