分享按钮

2024ལོའི་སྐལ་བཟང་མེ་ཏོག་འཁྲབ་སྟོན་དུས་ཚིགས་ལས་རྒྱ་ཆེའི་མང་ཚོགས་ལ་ཕན་པ་ཐོབ་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་4ཚེས་23ཉིན།ཁྲེང་ཀོན་ཆུས་ཀྱི་སྡེ་ཁུལ་ཁག་གི་མང་ཚོགས་སྟོང་ཕྲག་ལྷག་ཙམ་གྱིས་རྒན་སྐྱོར་གཞོན་ཁྲིད་བྱས་ཏེ་བོད་ལྗོངས་ཟློས་གར་ཁང་ཆེན་པོར་འཛོམས་ནས།2024ལོའི་སྐལ་བཟང་མེ་ཏོག་འཁྲབ་སྟོན་དུས་ཚིཊ་ཀྱི་རིག་གནས་གསོལ་སྟོན་ལ་མྱོང་རོལ་བྱས།ད་ཐེངས་ཀྱི་འཁྲབ་སྟོན་དུས་ཚིགས་དེ་ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པས(གཞས་མ་གཏམ)སྤྲོ་སེམས་འཁོལ་པོས་འཁྲབ་སྟོན་བྱས་པ་དང་།ཁྱོན་ལེ་ཚན་གསར་པ་13འགྲེམས་སྟོན་བྱས་པས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོཊ་སུ་ཕྱིན་པར་མ་ཟད། ལྷ་སའི་རིག་གནས་ཀྱི་ནང་དོན་དང་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་ཀྱང་གཏིང་ཟབ་མངོན་ཡོད།

ད་ཐེངས་ཀྱི་འཁྲབ་སྟོན་ནང་སྒྱུ་རྩལ་གྱི་རྣམ་པ་སྣ་ཚོགས་ཚུད་པ་སྟེ།སྲོལ་རྒྱུན་ཞབས་བྲོ《བཀྲ་ཤིས་རྔ་སྒྲ》དང《སྒོར་གཞས》སོགས་ཀྱིས་ས་ཁོངས་རིག་གནས་ཀྱི་ཁྱད་ཆོས་མངོན་ཡོད་པ་དང་།དགོད་བྲོའི་གཏམ་གླེང《འགྱུར་བ་མེད་པའི་སེམས་པ》དང་།མི་སེམས་ལ་གཡོ་འགུལ་ཐེབས་པའི་འཁྲབ་ཚན་འཐུང་ངུ《ནད་བརྟག་པ》ཞེས་པས་ཡུལ་དངོས་སུ་དགོད་སྒྲ་དང་སེམས་འགུལ་རབ་ཏུ་བསྣན་པ།གླུ་གཞས《དེ་སྔོན་གྱི་ལྷ་ས》དང《ལོ་ངོ་སྟོང་གི་ལྷ་ས》ཞེས་པའི་གླུ་དབྱངས་ཀྱིས་ལྷ་སའི་གྲོང་ཁྱེར་དེར་བཅངས་པའི་དགའ་ཞེན་དང་ཡིད་སྨོན་མཚོན་ཡོད།

ད་ཐེངས་ཀྱི་བྱེད་སྒོའི་ནང་ཁྲེང་ཀོན་ཆུས་ཀྱི་སྡེ་ཁུལ་མང་ཚོགས་སྟོང་ཕྲག་ལྷག་ཙམ་ཞུགས་ཐུབ་པ་དང་།ཁོང་ཚོའི་སྤྲོ་སེམས་དང་དེའི་ནང་ཞུགས་ཚད་ཀྱི་ཐོག་ནས་གྲོང་མི་མང་ཚོགས་ཀྱིས་རང་ཡུལ་གྱི་རིག་གནས་ལ་རྒྱབ་སྐྱོར་དང་དགའ་ཞེན་བྱེད་པ་གང་ལེགས་མངོན་ཡོད་པ་རེད།ཡུལ་དངོས་ཀྱི་ལྟད་མོ་བ་ཚོའི་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ་དང་།ཐལ་མོའི་རྡེབ་སྒྲ་དང་དགོད་སྒྲ་རྒྱུན་ཆད་མེད་པར་གྲགས་པ་ལས་འཁྲབ་སྟོན་ལ་གྲུབ་འབྲས་ལེཊ་པོ་ཐོན་པ་དང་ཡིད་དབང་འཕྲོག་ཤུཊ་ཆེན་པོ་ལྡན་པ་མཚོན་ཡོད།

གྲོང་ཁྱེར་གླུ་གར་ཚོགས་པའི་ཚོགས་གཙོ་གཞོན་པ་སྦྱིན་པ་བསྟན་འཛིན་གྱིས་ད་ཐེངས་སྐལ་བཟང་མེ་ཏོག་འཁྲབ་སྟོན་དུས་ཚིགས་ནང་ཞབས་བྲོ་དང་གཞས་མ་གཏམ་སོགས་སྒྱུ་རྩལ་གྱི་རྣམ་པ་སྣ་ཚོགས་འདུས་ཡོད།འཁྲབ་སྟོན་མི་སྣས་སྤྲོ་སེམས་ཆེན་པོས་འཁྲབ་སྟོན་ལེ་ཚན་དེ་འདྲ་ཞིག་སྒྲིག་བཟོ་བྱས་ཤིང་།སྟེགས་བུ་དེ་བརྒྱུད་མང་ཚོགས་ཀྱི་བསམ་པའི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་མཐོ་རུ་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད།

སྐབས་འདིའི་སྐལ་བཟང་མེ་ཏོག་འཁྲབ་སྟོན་དུས་ཚིགས་ཀྱིས་མཐོང་ཚོར་དང་ཐོས་ཚོར་གྱི་གསོལ་སྟོན་གཟབ་རྒྱས་ཤིག་བཤམས་པར་མ་ཟད།ལྷ་སའི་རིག་གནས་སྒྱུ་རྩལ་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་།ལྷ་ས་ནི་རིག་གནས་ཀྱི་ལྟེ་གནས་ཡིན་པའི་ངོས་ནས་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུཊ་དང་སྒྱུ་རྩལ་གསར་གཏོད་ཀྱི་ནུས་པ་མངོན་ཡོད།འཁྲབ་སྟོན་དུས་ཚིགས་ཟམ་མི་ཆད་པར་གཏིང་ཟབ་ཏུ་ཕྱིན་པ་དང་བསྟུན་ནས་གྲོང་མི་དང་ཡུལ་སྐོར་བ་དེ་བས་མང་བ་རིག་གནས་དོན་ཆེན་དེའི་ནང་ཞུགས་ནས།ལྷ་སའི་རིག་གནས་ཀྱི་སྙིང་བཅུད་ཐུན་མོང་ཐོག་ལོངས་སྤྱོད་དང་རྒྱུན་འཛིན་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།

དཔྱིད་དུས་ཀྱི་ཉམས་འགྱུར་རབ་ཏུ་འཕེལ་བའི་དུས་ཚིགས་འདིར་ལྷ་ས་གྲོང་ཁྱེར་གྱི་ཁྱད་ལྡན་ཟླ་བའི་ཆེད་དོན་འཁྲབ་སྟོན་དངོས་སུ་བྱེད་འགོ་ཚུཊ་ཡོད། འབྱུང་འགྱུར་ང་ཚོས་ཆེས་སྙན་ཞིང་འཇེབས་པའི་གླུ་སྒྲ་དང་།ཆེས་འཁྲུག་ཆ་དོད་པའི་ཞབས་བྲོ།ཆེས་བདེ་སྐྱིད་ལྡན་པའི་གཏམ་རྒྱུད་བརྗོད་པ་བཅས་ལ་བརྟེན་ནས་ཐུན་མོང་ཐོག་གངས་ལྗོངས་ས་མཐོའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་བསྟོད་གླུ་འབུལ་རྒྱུ་རེད།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-26 6 6 拉萨日报藏文 c180093.html 1 2024ལོའི་སྐལ་བཟང་མེ་ཏོག་འཁྲབ་སྟོན་དུས་ཚིགས་ལས་རྒྱ་ཆེའི་མང་ཚོགས་ལ་ཕན་པ་ཐོབ་པ། /enpproperty-->