分享按钮

རང་གྲོང་གི་འགོ་ཁྲིད་ཀྱིས་2024ལོའི་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་ཚོགས་ཆེན་གྲ་སྒྲིག་བྱས་ཚུལ་ལ་བརྟག་ཞིབ་གནང་བ།

(པར་ངོས་དང་པོར་མཐུད)ཡུལ་དངོས་སུ་མཛུབ་ཁྲིད་ཀྱང་གནང་བ་རེད། རྒྱལ་ནང་གི་གྲགས་ཅན་མཛེས་ལྗོངས་ཁུལ་གྱི་དྲིལ་བསྒྲགས་བྱེད་སྟངས་དཔྱད་གཞིར་འཛིན་ནས་གནམ་མཚོའི་ཁྱད་ཆོས་ལྡན་པའི་དྲིལ་བསྒྲགས་བརྙན་ཐུང་བཟོ་བ་དང་། དྲ་རྒྱའི་སྟེགས་བུ་གང་ལེགས་སྤྱད་དེ་གནམ་མཚོའི་གཏམ་རྒྱུད་བཤད་ནས་མཛེས་ལྗོངས་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་དཔལ་འབྱོར་རིན་ཐང་སྔར་བས་མཐོ་རུ་གཏོང་དགོས་པ་དང་། བྱེད་སྒོའི་གྲ་སྒྲིག་དང་མཛེས་ལྗོངས་ཁུལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཟུང་འབྲེལ་བྱས་ཏེ་མཛེས་ལྗོངས་ཁུལ་གྱི་རྣམ་པ་ཕུན་སུམ་ཚོགས་སུ་བཏང་ནས་ཁ་དོག་རྐྱང་པའི་མཐོང་ཚོར་ངལ་དུབ་མེད་པར་བཟོས་ཏེ། ཡུལ་སྐོར་བར་བོད་མི་རིགས་ཀྱི་ཁྱད་ཆོས་དེ་བས་ཟབ་པ་དང་།སྣ་མང་ཕུན་སུམ་ཚོགས་པ། མཛེས་ལྗོངས་དེ་བས་མཛེས་སྡུག་ལྡན་པའི་གནམ་མཚོའི་མཐོང་ཚོར་གྱི་གསོལ་སྟོན་གཟབ་རྒྱས་ཤིག་མཁོ་འདོན་བྱེད་དགོས་པའི་ནན་གསུངས་གནང་བ་རེད།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-25 6 6 拉萨日报藏文 c179952.html 1 རང་གྲོང་གི་འགོ་ཁྲིད་ཀྱིས་2024ལོའི་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་ཚོགས་ཆེན་གྲ་སྒྲིག་བྱས་ཚུལ་ལ་བརྟག་ཞིབ་གནང་བ། /enpproperty-->