分享按钮

བོད་ལྗོངས་དམིཊ་བསལ་སློབ་གསོ་སློབ་གྲྭའི་སློབ་མའི་མཛེས་རྩལ་བརྩམས་ཆོས་འགྲེམས་སྟོན་སྐབས་དང་པོ་ལྷ་སར་གཉེར་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར་བོད་ལྗོངས་དམིགས་བསལ་སློབ་གསོ་སློབ་གྲྭའི་སློབ་མའི་མཛེས་རྩལ་བརྩམས་ཆོས་འགྲེམས་སྟོན་སྐབས་དང་པོ་བོད་ལྗོངས་མཛེས་རྩལ་ཁང་དུ་གཉེར་ཞིང་། ད་ཐེངས་ཀྱི་བརྩམས་ཆོས་འགྲེམས་སྟོན་དེ་རང་སྐྱོང་ལྗོངས་སློབ་གསོ་ཐིང་དང་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པ་ཞིག་ཡིན་པ་དང་། ཡུལ་དངོས་སུ་འགྲེམས་སྟོན་བྱས་པའི་རི་མོའི་བརྩམས་ཆོས་180ལྷག་ཙམ་ཡོད་པ་དེ་ནི་དབང་པོ་སྐྱོན་ཅན་གྱི་སློབ་མ་ཚོས་བྲིས་པ་ཞིག་ཡིན་པ་དང་། ཁོང་ཚོས་བོད་ལྗོངས་དམིགས་བསལ་སློབ་གསོའི་སློབ་གྲྭ་དང་སྤྱིར་བཏང་སློབ་གྲྭ་7གྱི་ནང་མཉམ་དུ་སློབ་སྦྱོང་བྱེད་ཀྱི་ཡོད་པ་དང་ལོ་ན་6ནས་21བར་ཡིན་པ་རེད།

འགྲེམས་སྟོན་ཁང་དུ་ལྟ་སྐོར་བ་400ལྷག་ཙམ་གྱི་ཡིད་དབང་འཕྲོག་ཅིང་། ཚང་མས་མཛེས་རྩལ་བརྩམས་ཆོས་དེ་དག་ལ་མྱོང་རོལ་བྱས་པར་མ་ཟད། དམིགས་བསལ་གྱི་ཕྲུ་གུ་དེ་དག་དང་སེམས་ཁམས་སྤེལ་རེས་ཀྱང་བྱས་པ་རེད། ཁོང་ཚོས་རང་ཉིད་ཀྱི་བྱ་སྤྱོད་ཐོག་ནས་ཕྲུ་གུ་ཚོར་བརྩི་འཇོག་དང་གཅེས་སྐྱོང་བྱས་པ་མཚོན་པར་མ་ཟད། དམིགས་བསལ་སློབ་གསོའི་བྱ་གཞག་ལ་རྒྱབ་སྐྱོར་དང་སྐུལ་ལྕག་ཀྱང་གནང་བ་རེད།

ཁྲེང་ཀོན་ཆུས་གཙང་རལ་སློབ་ཆུང་གི་སློབ་མ་རིན་ཆེན་མཚོ་མོས་ངས་གཅེན་གཅུང་ཚོའི་རི་མོའི་བརྩམས་ཆོས་ལ་བལྟས་རྗེས་ཕན་པ་ཆེན་པོ་ཐོབ་བྱུང་། ཁོང་ཚོའི་རི་མོའི་བརྩམས་ཆོས་ཧ་ཅང་མཛེས་པོ་དང་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད། སླད་ཕྱིན་ངས་ཀྱང་ཁོང་ཚོ་དང་འདྲ་བར་བརྩམས་ཆོས་མཛེས་པོ་ཞིག་བྲིས་ནས་རང་ཉིད་ཀྱི་སྒྱུ་རྩལ་གྱི་ཕུགས་འདུན་མངོན་འགྱུར་ཡོང་བར་བྱ་རྒྱུ་ཡིན་ཞེས་བཤད།

རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་ཏང་ཙུའུ་ཡི་ཁོངས་མི་དང་ལྗོངས་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ཚའེ་ཧྲོའུ་ཁོན་གྱིས་ད་ཐེངས་ཀྱི་འགྲེམས་སྟོན་དེ་ཟླ་5ཚེས་6ཉིན་བར་རྒྱུན་མཐུད་བྱ་རྒྱུ་ཡིན་པ་དང་འགྲེམས་སྟོན་ནང་གི་རི་མོ་ཚང་མ་གཅིག་ལས་གཉིས་མེད་ཡིན་ལ་ཕྲུ་གུ་ཚོའི་མཚོན་ཚུལ་ངོ་མ་ཞིག་ཀྱང་ཡིན་ཞེས་ཤད།

(པ་ཚེས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-25 6 6 拉萨日报藏文 c179950.html 1 བོད་ལྗོངས་དམིཊ་བསལ་སློབ་གསོ་སློབ་གྲྭའི་སློབ་མའི་མཛེས་རྩལ་བརྩམས་ཆོས་འགྲེམས་སྟོན་སྐབས་དང་པོ་ལྷ་སར་གཉེར་བ། /enpproperty-->