སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐད་ཆ་ཕན་ཚུན་འབྲེལ་འདྲིས་བྱེད་པ་ནི་མི་དང་མི་ཕན་ཚུན་འབྲེལ་འདྲིས་བྱེད་པའི་ལྷུ་ཚིགས་གལ་ཆེན་ཞིག་ཡིན། སྐད་ཆ་ཕན་ཚུན་འབྲེལ་འདྲིས་མ་ཐུབ་ན་མི་དང་མིའི་དབར་འབྲེལ་འདྲིས་བྱེད་དཀའ་བ་དང་། འབྲེལ་འདྲིས་མ་བྱས་ན་བསམ་ཤེས་བྱེད་དཀའ་བ། ཁས་ལེན་བྱེད་དཀའ་བ་ཡོད་ཅེས་གསུངས་གནང་ཡོད། ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་དགོངས་དོན་ནན་ཏན་གྱིས་ལག་ལེན་མཐར་ཕྱིན་བྱས་པ་དང་། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་གཏོང་རྒྱུར་དམིགས་ནས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ“འགག་རྩའི་ཉུང་ཤས”ཀྱིས་སྣེ་ཁྲིད་དཔེ་སྟོན་བྱས་ཏེ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་པའི་ལས་དོན་གཏན་འཁེལ་བྱས་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ཤུགས་ཆེན་བཏང་བས་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱ་རྒྱུའི་སྤྲོ་སེམས་ཆེ་རུ་ཕྱིན་ནས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།
གཅིག་ནས་སློབ་སྦྱོང་དང་བེད་སྤྱོད་ཀྱི་རྨང་གཞི་ཡག་པོ་འདིང་དགོས། རང་གྲོང་གིས《རྒྱལ་ཁབ་ཀྱི་སྐད་ཡིག་བྱ་གཞག་གི“ལོ་ལྔ་ཚན་བཅུ་བཞི་པའི”འཕེལ་རྒྱས་འཆར་འགོད》དོན་འཁྱོལ་བྱས་ནས་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུའི་གསོ་སྦྱོང་ལ་དམ་འཛིན་བྱ་རྒྱུ་རྒྱུན་གཏན་དུ་འགྱུར་བར་བྱས་ཏེ་རིམ་པ་ཁག་དང་།སྡེ་ཚན་ཁག ཁྱབ་ཁོངས་ཁག་ལས་རིགས་ཁག་བཅས་ཀྱིས་ལས་སྒོའི་དགོས་མཁོར་གཞིགས་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གསོ་སྦྱོང་བྱེད་སྟངས་དང་བྱ་ཐབས་རྒྱ་སྐྱེད་གསར་གཏོད་བྱས་པ་དེའི་ཐོག་ནས་འགན་འཁྲི་ཡག་པོ་འཁུར་བ་མཚོན་ཡོད། རིམ་ཁག་སློབ་གྲྭས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཚད་ལྡན་ཅན་གྱི་ཚད་གཞི་ལོན་པའི་སློབ་གྲྭ་གསར་གཏོད་བརྩོན་ལེན་བྱས་ནས་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་སྔོན་ལ་འཆར་འགོད་བྱས་ཏེ།དགེ་རྒན་གྱི་སྤྱི་སྐད་ཚད་གཞི་ལོན་ཚད་བརྒྱ་ཆ་99.6ཡན་ཟིན་པ་དང་། སློབ་གྲྭའི་དྲ་ཚིགས་དང་། སློབ་གྲྭའི་ཚགས་པར། འཕྲིན་ཕྲན་གྱི་སྤྱི་སྟེགས་ཨང་གྲངས་སོགས་ཀྱི་ཐབས་ལམ་བརྒྱུད་ནས་སློབ་མའི་གྲུབ་འབྲས་དང་། མྱོང་རོལ། མྱོང་ཚོར་བཅས་མཉམ་སྤྱོད་བྱས་ནས་རྒྱལ་ཁབ་ཀྱིས་གཅིག་གྱུར་རྩོམ་སྒྲིག་བྱས་པའི་སློབ་དེབ་ཕྱོགས་ཡོངས་ནས་བོད་རྒྱའི་སྐད་གཉིས་ཐོག་ནས་སློབ་ཁྲིད་བྱས་ཏེ་སློབ་གྲྭ་94ལ་ཚད་གཞི་ལོན་པའི་འཛུགས་སྐྲུན་སྙན་ཞུ་དང་སྐུལ་འདེད་ལས་དོན་ལེགས་གྲུབ་ཟིན་པ་དང་ལྷ་སའི་དགེ་འོས་ཆེད་ལས་ལ་རང་སྐྱོང་ལྗོངས་རིམ་པའི་རྒྱལ་ཁབ་ཀྱི་ཀུན་སྤྱོད་སྐད་ཡིག་སློབ་གསོའི་ལག་ལེན་རྟེན་གཞི་ཡིན་པར་ཁས་ལེན་བྱས་པ་དང་། ཆོས་ལུགས་ཁྱབ་ཁོངས་སུ་གསོ་སྦྱོང་གི་གཞོགས་འདེགས་དཔྱད་གཞིའི་ཤེས་བྱའི་ལག་དེབ་བཟོས་ནས“རིག་གནས་གསབ་སྦྱོང་ཉིན་མོ”བཙུགས་ནས“ཉིན་རེར་ཚིག་རེ་སློབ་སྦྱོང་བྱེད་པའི”བྱེད་སྒོ་སྤེལ་ནས་དགོན་སྡེའི་དགེ་འདུན་པ་ཕུལ་བྱུང་གདན་དྲངས་ཏེ།རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྤྱད་དེ་སྲིད་ཇུས་སྒྲོག་འགྲེལ་དང་དགོན་སྡེའི་ལོ་རྒྱུས་རིག་གནས་ལ་འགྲེལ་བཤད་བརྒྱབ་ཡོད། ཞིང་འབྲོག་ཁུལ་དུ་ལྷ་ས་གྲོང་ཁྱེར་བོད་སྐད་ཨུ་ལྷན་གྱིས་རྩོམ་སྒྲིག་བྱས་པའི“རྨང་གཞིའི་སློབ་ཚན་དང་། འབྲིང་རིམ་སློབ་ཚན། མཐོ་རིམ་སློབ་ཚན”བཅས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་སློབ་གཞི་རིགས་གསུམ་ཁྱབ་གདལ་དུ་བཏང་བ་དང་། “གཟའ་མཇུག་གི་མཚན་མོའི་སློབ་གྲྭ”གཉེར་བ། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་དང་ཞིང་འབྲོག་མང་ཚོགས་ལ་དྲ་ཐོག་དང་དྲ་ཕྱི་ནས་གསོ་སྦྱོང་བྱེད་པ། རིམ་པ་ཁག་གི་འགན་ནུས་སྡེ་ཚན་གྱིས་ཞིང་འབྲོག་གཞོན་ནུ་དར་མ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཆེད་དོན་གསོ་སྦྱོང་བྱེད་པ། “ལས་རིགས་རྩལ་ནུས་དང་སྤྱི་སྐད”ཀྱི་རྣམ་པར་ཞིང་འབྲོག་མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་ཁས་ལེན་བྱེད་ཀྱི་ཡོད། 2023ལོར་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་དང་ལས་རིགས་ཁག་གིས་རིམ་རྩིས་བྱས་ན་སྒྲོག་འགྲེལ་གསོ་སྦྱོང་ཐེངས་1000ལྷག་ཙམ་བྱས་པ་དང་མི་ཐེངས་ཁྲི་50ལྷག་ཙམ་ཞུཊ་ཡོད།
གཉིས་ནས་སློབ་སྦྱོང་གི་ཉམས་འགྱུར་འགྲེམས་སྟོན་བྱེད་པ། ལྷ་ས་གྲོང་ཁྱེར་གྱི་རིམ་ཁག་སྡེ་ཚན་ཁག་དང་། ཁྱབ་ཁོངས་ཁག་དང་ལས་རིགས་ཁག་གིས་གྲོང་མི་མང་ཚོགས་ཀྱི་གླུ་གར་མཁས་པའི་ཁྱད་ཆོས་དར་སྤེལ་བཏང་ནས་གོ་རིམ་ལྡན་པའི་སྒོ་ནས་ཁྲིད་སྟོན་བྱས་ཏེ་གྲོང་ཁྱེར་དང་།རྫོང་། གྲོང་ཚོ་བཅས་ཀྱི་རིག་རྩལ་འཁྲབ་སྟོན་རུ་ཁག་སྒྲིག་འཛུགས་དང་། དུས་ཆེན་རྟེན་འབྲེལ་མཛད་སྒོ་སྣ་ཚོགས་དང་། རིག་རྩལ་མཉམ་འཁྲབ། སྲིད་ཇུས་སྒྲོག་འགྲེལ། འཚམས་འདྲིའི་འཁྲབ་སྟོན་སོགས་སྒྲིག་འཛུགས་བྱས་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་མི་རིགས་མཐུན་སྒྲིལ་གྱི་ཆེད་དོན་ལེ་ཚན་ནང་སྦྱོང་བྱས་ཏེ།སྲོལ་རྒྱུན་འཁྲབ་སྟོན་གྱི་ནང་དོན་ཕུན་སུམ་ཚོགས་སུ་བཏང་བ་དང་གཞི་ཁྱོན་ཆེ་བའི་རིག་རྩལ་འཁྲབ་སྟོན་དེ་བོད་རྒྱའི་སྐད་གཉིས་ཀྱིས་གཙོ་སྐྱོང་བྱེད་ཀྱི་ཡོད། 2023ལོར་ལྷ་ས་གྲོང་ཁྱེར་གྱི་རིམ་ཁག་སྡེ་ཚན་ཁག་དང་ཁྱབ་ཁོངས་ཁག་དང་ལས་རིགས་ཁག་གིས“རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་དང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི”གཏམ་བཤད་འགྲན་བསྡུར་ཐེངས་100ལྷག་ཙམ་གཉེར་བ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བརྙན་ལམ་དྲ་ཐོག་ཏུ་ཐད་གཏོང་བྱེད་ཚད་མི་ཐེངས་དུང་ཕྱུར་2ཙམ་ཟིན་ཡོད། དེ་དང་ཆབས་ཅིག་བོད་སྐྱོར་གྱི་ལེགས་ཆ་འདོན་སྤེལ་བྱས་ནས་རིག་རྩལ་མཉམ་འདུས་འཁྲབ་སྟོན་བྱས་ཏེ་གྲངས་ཉུང་མི་རིགས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྦྱོང་བའི་ཕན་འབྲས་མངོན་པ་དང་། པེ་ཅིང་གྲོང་ཁྱེར་ཐུང་ཀྲོའུ་ཆུས་སུ་གར་སྟེགས་ཟློས་གར《བོད་སྐྱོར་གྱི་བརྩེ་དུང་ཟབ་མོ》ཞེས་པ་འཁྲབ་སྟོན་བྱས་པ། “བྱིས་པའི་སེམས་པ་ཏང་ལ་ཕྱོགས་ནས་མེས་རྒྱལ་ལ་གླུ་དབྱངས་ལེན”ཞེས་པའི་པེ་ཅིང་དང་ལྷ་སའི་གཞོན་ནུ་ལོ་ཆུང་གི་མཉམ་གཞས་བྱེད་སྒོ་རབ་དང་རིམ་པ་གསར་གཏོད་བྱས་པ་དང་། ཅང་སུའུ་ནན་ཅིང་དང་། ཀྲེན་ཅང་། ཐའེ་ཀྲོའུ། སུའུ་ཀྲོའུ་སོགས་གྲོང་ཁྱེར་དུ་ཁྱད་ལྡན་གླུ་གར《ལྷ་སའི་བརྩེ་དུང》ཞེས་པ་སྐོར་སྐྱོད་འཁྲབ་སྟོན་བྱས་པ་རེད། འཁྲབ་སྟོན་ཚང་མའི་ཐོག་ནས་ཉན་སྦྱོང་སྤྱོད་གསུམ་ཟུང་འབྲེལ་དང་སློབ་གསོ་དང་སྤྲོ་སྣང་གཉིས་ཀྱི་ཐོག་ནས་རྒྱལ་ཁབ་ཀྱི་ཀུན་སྤྱོད་སྐད་ཡིག་བཀོལ་སྦྱོང་གི་གྲུབ་འབྲས་བཟང་པོ་མཚོན་གྱི་ཡོད།
གསུམ་ནས་སློབ་སྦྱོང་གི་འབྲེལ་བ་ཟབ་ཏུ་གཏོང་དགོས། ལྷ་ས་གྲོང་ཁྱེར་ཁོངས་གཏོགས་ཁུལ་གྱི་དགོན་སྡེ་ཆེ་ཆུང་ནང་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཏང་ཡོན་ལས་བྱེད་པ་དང་དགོན་སྡེའི་གྲྭ་བཙུན་གྱིས་རོགས་སྐྱོར་ཆ་སྒྲིག་བྱས་ནས་བོད་རྒྱའི་སྐད་གཉིས་སྤེལ་རེས་བྱ་རྒྱུ་དེ་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་དང་གྲྭ་བཙུན་གཉིས་ཀྱི་བྱ་སྤྱོད་གཅིག་གྱུར་དུ་གྱུར་ནས་བོད་རྒྱའི་སྐད་གཉིས་ཡིག་གཟུགས་འགྲན་བསྡུར་བྱ་རྒྱུ་དེ་དགོན་སྡེ་ཁག་གི་དུས་ཆེན་གལ་ཆེན་གྱི་རྟེན་འབྲེལ་མཛད་སྒོའི“ངེས་པར་དུ་དགོས་པའི་ལེ་ཚན”དུ་གྱུར་ཡོད། འབྲས་སྤུངས་དགོན་སྡེས་བླ་མ་སྐྱེས་ཆེན་དམ་པ་སྒྲིག་འཛུགས་བྱས་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བེད་སྤྱད་དེ་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་གྱི་ཤེས་བྱ་སྒྲོག་འགྲེལ་བྱས་པ། ཁེ་ལས་དང་ཨར་ལས་ཚན་པ་ཁག་གིས“རྒྱལ་ཁབ་ཀྱི་ཀུན་སྤྱོད་སྐད་ཡིག་གསོ་སྦྱོང་དང་རྩལ་ནུས་གསོ་སྦྱོང”ལག་བསྟར་བྱས་ནས་རྒྱ་བོད་ལས་བཟོའི“གཅིག་གཏད་གཅིག”གི་དགེ་རྒན་གྱིས་སློབ་མ་ཁྲིད་ནས་རྩལ་ནུས་སློབ་ཁྲིད་བཀོད་སྒྲིག་བྱས་ཏེ།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社