分享按钮

རྒྱ་མཚོ་སྡེ་ཁུལ་གྱིས་ཁྲིམས་འགལ་གྱི་ཁང་པ་བཤིག་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་གཏོད་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གཙང་ལ་གྲལ་འགྲིག་པའི་སྡེ་ཁུལ་གྱི་ཁོར་ཡུག་ཅིག་བཏོད་ནས་གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་ལས་དོན་གཏིང་ཟབ་ཏུ་སྤེལ་ཆེད།ཟླ་4ཚེས་16ཉིན།བརྒྱད་གཅིག་ཁྲོམ་གཞུང་གི་རྒྱ་མཚོ་སྡེ་ཁུལ་གྱིས་ཁྲིམས་འགལ་གྱི་ཁང་པ་བཤིག་པ་དང་བཅོས་སྒྲིག་བྱེད་པའི་ལས་དོན་སྤེལ་བ་རེད། ཉིན་དེར། རྒྱ་མཚོ་སྡེ་ཁུལ་གྱིས་ཚོགས་ཆུང་གཉིས་པའི་སྲང་ལམ་གྱི་སྨི་ངོས་གྲུ་100ཙམ་གྱི་ཁྲིམས་འགལ་འཛུགས་སྐྲུན་གྱི་བོགས་གཏོང་ཁང་པ་དང་མཐོངས་ཡངས་གད་སྙིགས་རྫིང་བུ་གཉིས་ཁྲིམས་ལྟར་བཤིགས་ནས་གཙང་སེལ་བྱས་པ་དང་། བཤིག་རྗེས་ཀྱི་ས་ཆའི་བར་མཐོངས་དེ་སྡེ་ཁུལ་གྱི་དགོས་མཁོ་དངོས་ལ་གཞིགས་ནས་གནས་སྐབས་རླངས་འཁོར་འཇོག་ས་བསྐྲུན་པ་དང་ནུས་པའི་ཞན་ཆ་ཁ་གསབ་བྱས་ཏེ། སྡེ་ཁུལ་གྱི་ཁོར་ཡུག་སྔར་བས་ལེགས་སུ་གཏོང་རྒྱུ་རེད། རྒྱ་མཚོ་སྡེ་ཁུལ་གྱི་སྤྱི་ཚོགས་ལས་བཟོ་པ་བསྟན་འཛིན་རྒྱལ་མཚན་གྱིས་ཕྱིས་འབྱུང་སྡེ་ཁུལ་གྱིས་ཁྲིམས་འགལ་གྱི་ཁང་པ་སྐྲུན་པའི་བྱ་སྤྱོད་འགོག་པ་དང་ཁྲིམས་འགལ་གྱི་ཁང་པ་བཤིག་པ་སོགས་ཀྱི་གཙོ་གནད་ལས་དོན་དང་ཟུང་འབྲེལ་བྱས་ནས་ཐུན་མོང་ཐོག་ཤུགས་སྣོན་བརྒྱབ་སྟེ། རྒྱུན་གཏན་སྐོར་ཞིབ་མུ་མཐུད་བྱ་རྒྱུ་དང་། སྲིད་ཇུས་དྲིལ་བསྒྲགས་བྱས་པ་བརྒྱུད། ཕྱོགས་མང་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་སྟེ། དོ་དམ་གྱི་ཕན་ནུས་ཆེ་རུ་བཏང་ནས་སྡེ་ཁུལ་གྱི་གཞི་རིམ་བཅོས་སྐྱོང་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་ལ་སྐུལ་འདེད་ནུས་ལྡན་གཏོང་རྒྱུ་རེད་ཅེས་བཤད། (བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས) པར་འདི་ནི་རྐོ་འདྲུའི་འཕྲུལ་འཁོར་གྱིས་ཁྲིམས་འགལ་གྱི་ཁང་པ་བཤིག་བཞིན་པའི་རྣམ་པ་ཡིན།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-19 6 6 拉萨日报藏文 c179613.html 1 རྒྱ་མཚོ་སྡེ་ཁུལ་གྱིས་ཁྲིམས་འགལ་གྱི་ཁང་པ་བཤིག་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་གཏོད་པ། /enpproperty-->