བོད་ལྗོངས་ཉིན་རེའི་ཚགས་པར་ཁང་ནས་གནས་ཚུལ་འབྱོར་གསལ། ཚེས་16ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ལྗོངས་ཐད་གཏོགས་སྡེ་ཚན་དང་ཁྲོམ་གཞུང་སྡེ་ཁུལ་དུ་བརྟག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཏང་སྲོལ་ཏང་སྒྲིག་ཏང་གཤིས་བཅས་མཉམ་དུ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་གཞི་རིམ་གྱི་ཁུར་པོ་རྒྱུན་མཐུད་ཡང་དུ་གཏོང་བ་དང་ནུས་པ་དང་ཕན་འབྲས་ཆེ་རུ་བཏང་སྟེ། གཞི་རིམ་ལ་བྱ་བ་དངོས་སྒྲུབ་པ་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་དུས་ཚོད་དེ་བས་མང་བ་དང་སེམས་ཤུཊ་དེ་བས་ཆེ་བ་ཡོད་པར་བྱས་ནས་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་ཟམ་མི་ཆད་པར་གཏོང་དགོས་པའི་ནན་གསུངས་གནང་བ་རེད།
ལིའུ་ཅང་དང་། ལའེ་ཅའོ། ཤའོ་ཡིའུ་ཚའེ། ཀྲང་ཧུང་པོ་བཅས་བརྟག་ཞིབ་ནང་ཞུཊ་ཡོད།
རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་དུ“འདི་ལོ་ལྗོངས་ཡོངས་ཀྱི་དཔྱིད་འདེབས་རྒྱ་ཁྱོན་ག་ཚོད་ཡོད”དང“ས་གནས་ཁག་གི་དཔྱིད་འདེབས་འཕེལ་རིམ་གང་འདྲ་འདུག”ཅེས་པ་སོགས་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་དཔྱིད་འདེབས་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ། རང་སྐྱོང་ལྗོངས་ཀྱི་དབུལ་ལོག་སྔོན་འགོག་ལྟ་ཞིབ་ཚད་ལེན་མ་ལག་བརྒྱུད། དབུལ་སྒྲོལ་གྲོང་ཚོ་དང་དབུལ་སྒྲོལ་མི་འབོར་སོགས་ཀྱི་ཆ་འཕྲིན་ལ་གཟིགས་ཞིབ་གནང་ཞིང་། ཁོང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དང་འབྲེལ་མཐུད་ནུས་ལྡན་བྱས་ཏེ། དབུལ་སྒྲོལ་བརྟན་པོ་མ་བྱུང་བའི་དུད་ཚང་དང་མཐར་ལུས་ཀྱི་དབུལ་པོར་འགྱུར་སླ་བའི་དུད་ཚང་སོགས་ཚོགས་སྤྱིར་དམིགས་ནས་དབུལ་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། ཆ་འཕྲིན་གསར་བརྗེས་དང་ཕབ་འཇུག་ལས་དོན་དུས་ཐོག་དང་གནད་སྨིན་ངང་ཡག་པོ་སྒྲུབ་པ། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་གནད་དོན་དངོས་ཐག་གཅོད་བཅས་བྱས་ཏེ། གནད་སྨིན་རོགས་སྐྱོར་ལ་འདེགས་སྐྱོར་ནུས་ལྡན་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།
ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྐྱིད་རས་ཁྲོམ་གཞུང་ཝ་པ་གླིང་སྡེ་ཁུལ་གྱི་དམངས་ཕན་ཞབས་ཞུའི་ལྟེ་གནས་སུ་ཝང་ཅུན་ཀྲེང་གིས་ལས་དོན་པ་དང་།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社