ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་4ཚེས་17ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་དོན་གྱི་ཆེད་དོན་ཚོཊ་འདུ་གཙོ་སྐྱོང་གནང་ནས་འཚོཊ་ཏེ་ལས་དོན་སྙན་ཞུར་གསན་པ་དང་། གནད་དོན་ཞིབ་འཇུག་ཐག་གཅོད་བྱེད་པ། སླད་ཕྱིན་གྱི་ལས་དོན་བཀོད་སྒྲིག་བཅས་གནང་བ་རེད། ཁོང་གིས་ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུཊ་སྣོན་རྒྱག་པ། ལས་ཀའི་འགན་འཁྲི་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ་ཤིང་སོན་སྣ་མང་དང་། ཤིང་སོན་འདེབས་པ། ཤིང་སོན་དོ་དམ་ཡག་པོ་བཅས་ལ་འབད་བརྩོན་བྱས་ནས་བདེན་འཚོལ་དངོས་སྒྲུབ་དང་དངོས་སྒྲུབ་དོན་གཉེར་གྱི་སྙིང་སྟོབས་ཐོག་ནས་ལས་དོན་ཁག་དམ་འཛིན་དང་ཕན་འབྲས་ཐོན་པར་བྱས་ཏེ་ལྷ་སའི“ལྗང་མདོག་ཁྱིམ་གཞིས་ཀྱི་རྨང་གཞི”རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས་ཞེས་ནན་གསུངས་གནང་བ་རེད།
གྲོང་ཁྱེར་གྱི་འགོ་ཁྲིད་ཧོ་ཕུང་དང་། ཀྲང་ཏིང་ཁྲེང་། ཞུས་ཧའེ། ཀྲང་ཁྲུན་དབྱང་། མ་ཝུན་ཆིང་། བློ་གསལ། སུང་ལིའུ་ཀྲུའུ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
ཤའོ་ཡིའུ་ཚའེ་ཡིས་ནན་གསུངས་གནང་དོན། ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གཞི་ནི་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་སྤེལ་བའི་འགོ་འཛིན་ནུས་ལྡན་ཞིག་དང་ཆབ་སྲིད་ཀྱི་ལས་གཞི་དང་། དམངས་འཚོའི་ལས་གཞི། དམངས་སེམས་ཀྱི་ལས་གཞི་ཞིག་ཡིན་པས་འབྱུང་ཁམས་ཁོར་ཡུག་ལེགས་སུ་གཏོང་བ་དང་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་པ་སྟེ།
གཅིག་ནས་ཚད་མཐོའི་མཐོང་ཆེན་བྱེད་དགོས། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་ནས་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གཞི་དེ་ཕ་ཚ་བུ་རྒྱུད་ལ་བདེ་སྐྱིད་བསྐྲུན་རྒྱུའི་བྱ་གཞག་ཏུ་བརྩིས་ནས་དམ་འཛིན་བྱས་ཏེ་རྒྱུན་དུ་དམ་འཛིན་ལྷོད་མེད་དང་ཡུན་རིང་བྱས་རྗེས་བཞག་སྟེ་ལྷ་སའི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྲུན་གྱི་མཛེས་སྡུག་ལྡན་པའི་མིང་བྱང་ཞིག་ཏུ་གཏོད་རྒྱུར་ཤུགས་སྣོན་རྒྱག་དགོས།
གཉིས་ནས་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། ནགས་བཟོའི་སྔོ་ལྗང་ནི་མ་ལག་ལྡན་པའི་ལས་གཞི་ཞིག་ཡིན་པས་རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་གཙོ་གཟུཊ་ཀྱི་འགན་འཁྲི་ཏན་ཏིག་ཁུར་ནས་སྤྱི་འདོམས་སྐུལ་འདེད་དང་། སྤྱི་ཡོངས་མཉམ་སྦྲེལ། མཉམ་ལས་གཞོཊ་འདེཊ་བཅས་བྱས་ཏེ་ལས་དོན་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་དགོས།
གསུམ་ནས་སྤུས་ཚད་ལ་འགན་ལེན་ཏན་ཏིག་བྱེད་དགོས། ཤིང་འཛུཊ་ནཊ་བཟོའི་དུས་ཡུན་ཡག་ཤོས་དམ་འཛིན་བྱས་ཏེ་ཤིང་སོན་གྱི་འགག་སྒོ་དང་། འདེབས་འཛུཊ་ཀྱི་འགག་སྒོ། དོ་དམ་སྲུང་སྐྱོང་གི་འགག་སྒོ་བཅས་ནན་པོར་བསྲུངས་ནས་ཤིང་སོན་ར་བ་འཛུཊ་སྐྲུན་དང་། སོན་བཟང་གསོ་སྐྱོང་། ཤིང་སོན་འདུལ་གསོ་བྱེད་པ། དོང་འདྲུས་ས་གསོ་སོཊ་ཀྱི་ལས་དོན་ཁག་ཏན་ཏིག་བསྒྲུབས་ཏེ་ཤིང་སོན་ཚང་མ་གསོན་ཐུབ་པ་དང་། ཤིང་སོན་ཚང་མ་གསོ་སྐྱོང་ཐུབ་རྒྱུའི་འགན་ལེན་བྱེད་དགོས།
བཞི་ནས་རྒྱུ་རྐྱེན་གཙོ་བོར་འགན་སྲུང་བྱེད་དགོས། རྨང་གཞི་སྔོན་ལ་སྤེལ་བ་རྒྱུན་འཁྱོངས་དང་། ཆུ་གློག་དང་གློག་ལམ་སོགས་རྨང་གཞིའི་སྒྲིག་བཀོད་ཆ་འགྲིག་གི་འཛུགས་སྐྲུན་ཡག་པོ་བྱས་ཏེ་ནགས་བཟོ་སྔོ་ལྗང་གི་ཆ་རྐྱེན་ལེགས་བཅོས་ནུས་ལྡན་བྱས་ནས་གཏན་འཁེལ་བྱས་པའི་དམིགས་ཚད་ཀྱི་སྤུས་ཚད་ལ་དུས་ཐོག་ཏུ་འགན་ལེན་བྱས་ནས་ལེགས་འགྲུབ་ཡོང་བར་རྨང་གཞི་བརྟན་པོ་འདིང་དགོས།
ལྔ་ནས་ཕྱུགས་རིགས་བཀག་སྡོམ་ཡག་པོ་བྱེད་དགོས། (པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社