分享按钮

(པར་ངོས་གཉིས་པར་མཐུད)རྒྱལ་ཁབ་བདེ་འཇགས་ལ་བརྩི་སྲུང་བྱེད་མཁན་གྱི་དཔེ་བཟང་བ་དང་།སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་མཁན་ཞིག་ཏུ་འགྱུར་རྒྱུར་འབོད་སྐུལ་བྱས་ཤིང་། མང་ཚོགས་ཀྱིས་རྒྱལ་ཁབ་བདེ་འཇགས་ལ་གཏོར་བཤིག་གཏོང་བ་དང་གནོད་འཚེ་གཏོང་བའི་བྱ་སྤྱོད་ལ་རང་རྟོགས་ངང་བཀག་འགོག་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་དང་།སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱ་ཆེད། རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་སྐུལ་མ་བཏང་ཡོད།

དོག་སྡེ་ཁྲོམ་གཞུང་ལྷོ་ངོས་གྲོང་ཚོ་ཨུ་ལྷན་གྱི་ལས་དོན་མི་སྣ་ཀུན་བཟང་འཇིགས་མེད་ཀྱིས་དེ་རིང་དོག་སྡེ་ཁྲོམ་གཞུང་དུ་རྒྱལ་ཁབ་བདེ་འཇགས་ཀྱི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བས་ངས་རྒྱལ་ཁབ་བདེ་འཇགས་ཀྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་ཐུབ་བྱུང་ལ། གཞི་རིམ་གྱི་ལས་དོན་མི་སྣ་ཞིག་ཡིན་པའི་ངོས་ནས་ཕྱིས་འབྱུང་གི་ལས་ཀའི་ཁྲོད། རྒྱལ་ཁབ་བདེ་འཇགས་ཀྱི་འདུ་ཤེས་སྔར་བས་གཟབ་ཏུ་གཏོང་བ་དང་སྦྲགས། རྒྱལ་ཁབ་བདེ་འཇགས་ཀྱི་ཤེས་བྱ་མང་ཚོགས་ཁྲོད་ཁྱབ་གདལ་གཏོང་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད།

ཚེས་15ཉིན། རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་འབྲེལ་ཡོད་ཚན་པ་དང་མཉམ་འབྲེལ་བྱས་ནས་རྣམ་པ་མང་པོའི་ཐོག་ནས་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་ཏེ་བདེ་འཇགས་ཆེན་པོའི་འདུ་ཤེས་མི་སེམས་ལ་འཇགས་ཐུབ་པ་དང་། རྩ་བ་ཚུགས་རྒྱུར་སྔར་བས་སྐུལ་འདེད་བཏང་ཡོད་པ་རེད།

ཐེངས་འདིའི་བྱེད་སྒོའི་ནང་གཙོ་གནད་ཐོག《རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》དང་།《གསང་མྱུལ་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》 《དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས》དང་དེ་བཞིན་འབྲེལ་ཡོད་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་པ་དང་། གྲོང་མིར་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་གི་གཞི་རྩའི་དོན་སྙིང་དང་དེ་བཞིན་རྒྱལ་ཁབ་བདེ་འཇགས་ལ་གནོད་འཚེ་གཏོང་བའི་མཇུག་འབྲས་འགྲེལ་བཤད་བརྒྱབ་པ་དང་། གྲོང་མིས་བཏོན་པའི་གནད་དོན་ལ་ངང་རྒྱུད་རིང་པོའི་སྒོ་ནས་ལན་བཏབ་པ་རེད། དེ་དང་ཆབས་ཅིག་ལས་དོན་མི་སྣས་ད་དུང་གོ་བདེ་ཞིང་ཤེས་སླ་བའི་སྐད་ཆའི་ཐོག་ནས་དཔེ་མཚོན་གྱོད་དཔེ་བརྒྱུད་གྲོང་མིར་བདེ་འཇགས་ངང་དྲ་ཐོག་ཏུ་ཞུགས་པ་དང་། གློག་འཕྲིན་དྲ་རྒྱའི་ཁ་བསླུས་སྔོན་འགོག མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་སོཊ་ཀྱི་ནང་དོན་དྲིལ་བསྒྲགས་བྱས་པ་རེད།

རང་སྐྱོང་ལྗོངས་ཁྲིམས་ལུགས་ཁྱབ་གདལ་གཞུང་དོན་ཁང་གི་ལས་དོན་མི་སྣ་བློ་བཟང་མགོན་པོས་ང་ཚོས་གཞོན་ནུ་ལོ་ཆུང་གི་རྒྱལ་ཁབ་བདེ་འཇགས་ཤེས་བྱའི་འགྲན་བསྡུར་དང་། གློག་འོད་འགྲེམས་སྟོན་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་རྒྱལ་ཁབ་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོར་བསྐྲུན་ཡོད་ཅེས་བཤད།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-17 6 6 拉萨日报藏文 c179452.html 1 /enpproperty-->