(པར་ངོས་དང་པོར་མཐུད)གཏན་འབེབས་ཀྱི་བླང་བྱ་ཁོང་དུ་ཆུད་པར་བྱས་ནས་ཆབ་སྲིད་ཀྱི་ངེས་ཤུགས་དང་། སྒྲིག་ཁྲིམས་ཀྱི་ངེས་ཤུགས། ཀུན་སྤྱོད་ཀྱི་ངེས་ཤུགས། རུལ་འགོག་གི་ངེས་ཤུགས་བཅས་ཤུགས་ཆེར་བཏང་སྟེ་ཐོག་མཐའ་བར་གསུམ་དུ་དྲང་གཞག་གི་སྒོ་ནས་དབང་ཆ་སྤྱོད་པ་དང་། ཁྲིམས་ལྟར་དབང་ཆ་སྤྱོད་པ། དམངས་ཀྱི་ཆེད་དུ་དབང་ཆ་སྤྱོད་པ། སྤྱོད་གཙང་གི་སྒོ་ནས་དབང་ཆ་སྤྱོད་པ་བཅས་བྱེད་དགོས་པའི་ནན་གསུངས་གནང་བ་རེད།
སློབ་སྦྱོང་སློབ་གསོ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་དགོས། 《སྲོལ་ཡིག》གཙོ་གནད་དུ་བཟུང་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོགས་ཆུང་གིས་སློབ་སྦྱོང་བྱེད་པ་དང་། དཔེ་ཀློག་འཛིན་གྲྭ་གཉེར་བ། ཀྲི་པུའུ་ཡིས་སློབ་སྦྱོང་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་ལེའུ་རེ་རེ་དང་ཚན་པ་རེ་རེ་བཞིན་སློབ་སྦྱོང་བྱེད་པ་དང་། དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་བྱེད་པ། ཉེན་ཟོན་གྱི་ངེས་ཤེས་སྐྱེ་བའི་སྒོ་ནས་སློབ་སྦྱོང་བྱེད་པ། གསལ་འགྲེལ་གསོ་སྦྱོང་གི་རྣམ་པའི་སྒོ་ནས་སློབ་སྦྱོང་བྱེད་པ་བཅས་བྱས་ནས་ལས་བྱེད་པས་བྱ་སྤྱོད་ཤེས་པ་དང་མཚམས་འཇོག་ཤེས་པར་བྱས་ཏེ་འགྱུར་མེད་ཀྱི་སྒྲིག་ཁྲིམས་དེ་ཏང་ཡོན་ལས་བྱེད་པའི་རྒྱུན་གཏན་གྱི་གོམས་གཤིས་དང་རང་རྟོགས་ཀྱི་བྱ་སྤྱོད་ལ་སྐུལ་འདེད་ཐེབས་པར་འགྱུར་བར་བྱེད་དགོས།
འཚོལ་བཤེར་དང་དག་ཐེར་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་དགོས། 《སྲོལ་ཡིག》དང་བསྡུར་ནས་ཧེ་བག་འཚོལ་བ་དང་། ཁྱོན་ཡོངས་ནས་གནད་དོན་འཚོལ་བཤེར་པ། དག་ཐེར་ལ་ཁས་ལེན་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཞན་ཆ་གསབ་དགོས། ཡང་གཅིག་ཤེས་ཀུན་གྲོལ་གྱི་སྒོ་ནས་ལམ་སྲོལ་བཙུགས་རྗེས་གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་། གནད་དོན་གསར་པ་ཐག་གཅོད། ལམ་སྲོལ་གསར་པ་འཚོལ་ཞིབ་བཅས་བྱས་ཏེ་ཏང་གི་སྒྲིག་ཁྲིམས་ཀྱི་སློབ་སྦྱོང་སློབ་གསོའི་ཁྲོད་ཀྱི་ཉམས་མྱོང་བཟང་པོ་དང་བྱ་ཐབས་ལེགས་པོ་དུས་ཐོག་ཏུ་ལམ་ལུགས་ཀྱི་རྣམ་པའི་ཐོག་ནས་གཏན་འཇགས་བྱས་ཏེ་བརྟན་པོར་གནས་ཐུབ་པ་དང་། དོན་འཁྱོལ་ཏན་ཏིག་བྱེད་ཐུབ་པ། ཡུན་རིང་པོར་ལག་ལེན་མཐའ་འཁྱོལ་ཐུབ་པ་བཅས་བྱེད་དགོས།
འགན་འཁྲི་དོན་འཁྱོལ་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་དགོས། ཏང་གི་སྒྲིག་ཁྲིམས་ཀྱི་སློབ་སྦྱོང་སློབ་གསོ་སྤེལ་བ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ཏང་ཨུད(ཏང་ཙུའུ)ཀྱི་འགན་འཁྲི་གཙོ་བོ་དང་། འགན་གཙོ་བོ་འཁུར་མཁན་བློ་མཐུན་གྱི་འགན་འཁྲི་དང་ཚན་ཁག་གི་ཁོངས་མི་བཅས་ཀྱི“ལས་གནས་གཅིག་ལ་འགན་འཁྲི་གཉིས”བཅས་ནན་དུ་བཏང་ནས་ལས་ཀའི་ཆེད་དོན་ཚན་པས་སྒྲིག་འཛུཊ་དང་མཐུན་སྦྱོར་ཞིབ་ཚཊ་བྱེད་པ་དང་འབྲེལ་གཏུགས་ལ་ཤུཊ་སྣོན་བརྒྱབ་སྟེ་ཞབས་ཞུའི་འགན་ལེན་ཤུཊ་ཆེར་གཏོང་བ་དང་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོན་པར་འགན་ལེན་ཏན་ཏིག་བྱེད་དགོས།
ཚོཊ་འདུའི་ཐོག་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་གནང་བ་རེད།
(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社