分享按钮

གྲོང་ཁྱེར་སྲིད་གྲོས་ཀྱི་ཏང་ཙུའུ་ཡི་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་གཅིག་སྡུད་སློབ་སྦྱོང(རྒྱ་ཆེ)ཚོགས་འདུ་འཚོགས་པ།

(པར་ངོས་དང་པོར་མཐུད)སྲིད་གྲོས་ཀྱིས་ལས་རིགས་ཁག་གི་མང་ཚོགས་དང་འབྲེལ་བ་བྱེད་པའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས་མང་ཚོགས་ལ“དྲོ་སྐྱིད་སྦྱིན་པའི་བྱ་བ”ལེགས་པར་བསྒྲུབ་པ་དང་། ལས་རིགས་ཁག་གི་མང་ཚོགས་ཀྱི“སྙིང་ཉེ་བའི་མི”ཡག་པོ་ཞིག་བྱེད་དགོས་པ་དང་།ཚན་ཁག་ཁག་གི་ཁོངས་མིས་མིག་དཔེ་ཡག་པོ་སྟོན་པའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས་པ་སྟེ།“ལས་གནས་གཅིག་དང་འགན་འཁྲི་གཉིས”ལག་བསྟར་ཏན་ཏིག་བྱས་ནས། ལས་བགོས་ཁྱབ་ཁོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་ལས་བཟོ་བའི་རྒྱུན་གཏན་གྱི་ལྟ་སྐུལ་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པ།“སྣང་ཆེན་ལྔ་དང་ལྡན་པ་ལྔའི”ལས་བྱེད་པ་བཟང་པོའི་ཞིབ་ཕྲའི་བླང་བྱར་ཕྱོགས་ཡོངས་ནས་བསྟུན་དགོས་པ་སྟེ། ཕུགས་བསམ་དང་དད་སེམས་ཀྱི་རྨང་གཞི་བརྟན་པོར་བཏིང་ནས། འཇོན་ཐང་སྦྱོང་བརྡར་ཧུར་ཐག་བྱེད་པ་དང་། རུལ་སུངས་འགོག་པའི་འཛིང་རགས་བརྟན་པོར་སྲུང་ཐོག ལྷ་སའི“གདོང་དམག་བདུན”ཡག་པོ་བྱེད་པའི་ཐད་འབད་བརྩོན་ཧུར་ཐག་བྱེད་དགོས་ཞེས་བླང་བྱ་བ་བཏོན་ཡོད།

འཇམ་དབྱངས་བློ་གྲོས་ཀྱིས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དང་འགན་འཁྲི་སྒྲུབ་པའི་ལས་འགན་ཁག་ཟུང་འབྲེལ་བྱས་ཏེ། ལོ་འགོར་གཏན་འབེབས་བྱས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལོ་འཁོར་ལས་དོན་གཙོ་གནད་ལ་དམིགས་ནས་འགན་འཁྲི་ནན་དུ་གཏོང་བ་དང་། རང་འགུལ་ངང་བྱས་རྗེས་འཇོག་པ། བརྟན་པོའི་ངང་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་དམ་འཛིན་ནན་པོ་བྱེད་དགོས་པ་དང་།“ཞིང་གསུམ”ལས་དོན་སྐོར་གྱི་གྲོང་ཨུད་ཀྱིས་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་དང་གཙོ་གནད་ལས་ཀར་དམིགས་ནས་སྲིད་གྲོས་ཀྱི་ཆབ་སྲིད་གྲོས་མོལ་དང་། སྲིད་ཞུགས་སྲིད་གྲོས། དམངས་གཙོའི་ལྟ་སྐུལ་བཅས་ཀྱི་འགན་ནུས་ནུས་པ་འདོན་སྤེལ་ལེགས་པོ་བྱས་ཏེ། “ཞིང་གསུམ”ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བའི་རྣམ་པ་གསར་པ་གཏོད་པར་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་ནན་གསུངས་གནང་བ་རེད།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-17 6 6 拉萨日报藏文 c179446.html 1 གྲོང་ཁྱེར་སྲིད་གྲོས་ཀྱི་ཏང་ཙུའུ་ཡི་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་གཅིག་སྡུད་སློབ་སྦྱོང(རྒྱ་ཆེ)ཚོགས་འདུ་འཚོགས་པ། /enpproperty-->