ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གྲོང་ཁྱེར་ཡོངས་ཀྱི་འཕྲལ་སྡོམ་དོ་དམ་དང་སྲིད་འཛིན་ཁྲིམས་འཛིན་གྱི་མི་སྣའི་ནུས་པ་ཆེ་རུ་གཏོང་བ་དང་གྲོང་ཁྱེར་ཡོངས་ཀྱི་འཕྲལ་སྡོམ་དོ་དམ་དང་ཁྲིམས་འཛིན་གྱི་ནུས་པ་ཆེ་རུ་གཏོང་ཆེད། ཟླ་4ཚེས་15ཉིན། རང་གྲོང་གིས་2024ལོའི་ཐོན་སྐྱེད་བདེ་འཇགས་ཀྱི་སྲིད་འཛིན་ཁྲིམས་འཛིན་རྩལ་སྦྱོང་ཆེན་མོ་ཞེས་པའི་བྱེད་སྒོ་ཐེངས་དང་པོ་སྤེལ་བ་རེད།
ཐེངས་འདིའི་གསོ་སྦྱོང་བྱེད་སྒོར་ཀོང་ཀྲོའུ་གྲོང་ཁྱེར་ཧོང་ཕུའུ་ཆུས(གསར་སྤེལ་ཁུལ)འཕྲལ་སྡོམ་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀུའུ་ལིན་ཆེད་མངགས་གདན་དྲངས་ནས་སློབ་ཁྲིད་བྱས་པ་རེད། ཀུའུ་ལིན་གྱིས་དུས་ཡུན་རིང་པོའི་ནང་འཕྲལ་སྡོམ་དོ་དམ་ལས་དོན་སྤེལ་བར་རྒྱལ་ཡོངས་ཀྱི་ཐོན་སྐྱེད་བདེ་འཇགས་ལྟ་སྐུལ་ལྟ་ཞིབ་ཀྱི་སྔོན་ཐོན་མི་སྒེར་སོགས་གཟི་བརྗིད་མཚན་སྙན་མང་པོ་ཐོབ་མྱོང་ཡོད། ཐེངས་འདིར་ཁོང་གིས་ལས་ཀའི་ཉམས་མྱོང་དང་ཞིབ་འཇུག་གི་གྲུབ་འབྲས་ལ་བརྟེན་ནས《ཐོན་སྐྱེད་བདེ་འཇགས་ཀྱི་གནད་སྨིན་ཁྲིམས་འཛིན》ཞེས་པ་ཁ་བྱང་དུ་བྱས་ཏེ། ཐོན་སྐྱེད་བདེ་འཇགས་ཀྱི་ཁྲིམས་འཛིན་ནུས་པ་དང་ཁྲིམས་འཛིན་སྟོབས་ཤུགས་ཀྱི་ད་ལྟའི་གནས་བབ་སོགས་དང་འབྲེལ་བའི་སློབ་ཚན་ཞིག་ཁྲིད་པ་རེད།
མལ་གྲོ་གུང་དཀར་རྫོང་འཕྲལ་སྡོམ་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལེའང་ཧུང་གིས་ད་རེས་དགེ་རྒན་ཀུའུ་ལིན་གདན་དྲངས་ནས་གཞི་རིམ་གྱི་ཁྲིམས་འཛིན་མི་སྣར་གསོ་སྦྱོང་བྱེད་པ་དེ་ནི་ཧ་ཅང་ཐོབ་དཀའ་བའི་གོ་སྐབས་ཤིག་རེད། སློབ་ཁྲིད་ཀྱི་ནང་དོན་ཕུན་སུམ་ཚོགས་ལ་དངོས་སྦྱོང་རང་བཞིན་ཆེན་པོ་ལྡན་འདུག གཞི་རིམ་གྱི་འཕྲལ་སྡོམ་མི་སྣ་ཞིག་ཡིན་པའི་ང་ཚོས་གསོ་སྦྱོང་གི་གོ་སྐབས་ལ་དམ་འཛིན་བྱས་ནས་ལས་སྒོའི་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། ཐོན་སྐྱེད་བདེ་འཇགས་ཀྱི་ཉེན་བརྡ་ཡུན་རིང་གཏོང་ཐུབ་པ་དང་། ལས་འཛོལ་སྣ་ཚོགས་མཐའ་གཅིག་ཏུ་མི་ཐོན་རྒྱུར་སྔོན་འགོག་བྱེད་ཐུབ་པ། ཐོན་སྐྱེད་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོར་འཛུགས་ཐུབ་པ་བཅས་བྱ་རྒྱུ་ཡིན་ཞེས་བཤད།
ཐེངས་འདིའི་བྱེད་སྒོའི་དུས་ཡུན་ཉིན་གཉིས་ཡིན་ཞིང་། བོད་སྐྱོད་འབུམ་རམས་པའི་ཞབས་ཞུའི་ཚོགས་པ་ཁག་24པའི་ཁོངས་མི་དང་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་རེན་ཁྲང་ཤིང་དང་། རང་གྲོང་གི་ཆེད་ལས་ཁྲིམས་རྩོད་པ་གདན་དྲངས་ཏེ། ཐོན་སྐྱེད་བདེ་འཇགས་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་ལ་དམིགས་ནས་ཐོན་སྐྱེད་བདེ་འཇགས་ཀྱི་སྲིད་འཛིན་ཁྲིམས་འཛིན་ལ་ཤུགས་སྣོན་རྒྱག་པའི་ཐད་གསོ་སྦྱོང་བྱས་པ་རེད། གསོ་སྦྱོང་བྱེད་སྒོར་རིགས་གཅིག་མཁས་པས་ཤེས་བྱ་མཉམ་སྤྱོད་བྱེད་པ་དང་། གཙོ་དོན་སྤེལ་རེས་བྱེད་པ། དོགས་འདྲིར་ལན་འདེབས་པ། རིགས་པའི་གཞུང་ལུགས་ཐོག་ནས་དབྱེ་ཞིབ་བྱེད་པ། ལས་དོན་ལ་དམ་འཛིན་བྱེད་པའི་བྱ་ཐབས་སྟོན་པ་སོགས་བྱས་པས་ཕན་འབྲས་ཆེན་པོ་ཐོན་ཡོད།
གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་ཀྱི་ཐོན་སྐྱེད་བདེ་འཇགས་ཁྲིམས་འཛིན་ཡན་ལག་རུ་ཁག་གི་རུ་དཔོན་རི་ཡུང་གིས་ད་རེས་ཀྱི་བྱེད་སྒོ་སྤེལ་བའི་དམིགས་ཡུལ་གཙོ་བོ་ནི་གྲོང་ཁྱེར་གྱི་ཐོན་སྐྱེད་བདེ་འཇགས་ཀྱི་སྲིད་འཛིན་ཁྲིམས་འཛིན་ཁྱབ་ཁོངས་ཀྱི་མི་ཉུང་བ་དང་སྤུས་ཚད་ཞན་པ། སྲིད་འཛིན་ཁྲིམས་འཛིན་གྱི་ནུས་པ་མི་འདང་བ། སྲིད་འཛིན་ཁྲིམས་འཛིན་གྱི་ཆུ་ཚད་དམའ་བ། ཁྲིམས་འཛིན་བྱེད་མི་ཕོད་པ། ཁྲིམས་འཛིན་བྱེད་འདོད་མེད་པ་བཅས་ཀྱི་གནས་ཚུལ་ཐག་གཅོད་བྱ་ཆེད་ཡིན། སླད་ཕྱིན། ང་ཚོས་ད་དུང་མཉམ་འབྲེལ་གྱི་ཁྲིམས་འཛིན་གྱི་ལས་དོན་སྤེལ་ནས་འཕྲལ་སྡོམ་དོ་དམ་གྱི་ཁྲིམས་འཛིན་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། ཁྲིམས་འཛིན་དཔུང་ཁག་གི་བྱང་ཚད་དང་ཁྲིམས་འཛིན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བཤད།
མ་འོངས་པར་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་ཀྱིས་མིག་སྔའི་ཐོན་སྐྱེད་བདེ་འཇགས་ཀྱི་དུས་བབ་ལ་དབྱེ་ཞིབ་བྱས་ནས་ཐོན་སྐྱེད་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་ལས་དོན་ལ་དམ་འཛིན་སྔར་བས་ལེགས་པར་བྱ་རྒྱུ་དང་། ཚད་གཞི་དེ་བས་མཐོ་བའི་ཐོག་ནས་ཐོན་སྐྱེད་བདེ་འཇགས་ལས་དོན་ལེགས་པར་བསྒྲུབས་ཏེ་ཐོན་སྐྱེད་བདེ་འཇགས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་རྒྱུ་མ་ཟད། “དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི”འགན་འཁུར་གྱི་བསམ་པ་དེ“བྱ་བ་ཡོད་ཚད་ལ་གདེང་ཚོད་ཡོད་པའི”ལག་ལེན་གྱི་ནུས་ཤུགས་སུ་བསྒྱུར་ནས་གྲོང་ཁྱེར་ཡོངས་ཀྱི་ཐོན་སྐྱེད་བདེ་འཇགས་དུས་བབ་རྒྱུན་མཐུད་བརྟན་པོ་ཡོང་བར་འགན་ལེན་བྱ་རྒྱུ་རེད།
(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社