ཉེ་བའི་ལོ་ཤས་རིང་། རང་གྲོང་གིས་སློབ་གྲྭ་འབྲིང་ཆུང(བུ་བཅོལ་ཁང)གི་འགོ་ཁྲིད་ཀྱིས་སློབ་ཕྲུག་ཚོ་དང་མཉམ་དུ་ཟས་ཟ་བའི་ལམ་ལུགས་ཁྱབ་སྤེལ་ཧུར་ཐག་བཏང་བ་དང་། སློབ་གྲྭ་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་གྲོན་ཆུང་བྱ་ཐབས་གསར་པ་ཟམ་མི་ཆད་པར་བཏོན་ཏེ། རྒྱ་ཆེའི་དགེ་སློབ་ཀྱི་གྲོན་ཆུང་འདུ་ཤེས་རིམ་བཞིན་ཟབ་ཏུ་བཏང་བར་མ་ཟད། ཟ་ཁང་གི་ཟས་རིགས་འཕྲོ་བརླག་ཏུ་འགྲོ་ཚུལ་ཡང་མངོན་གསལ་དོད་པོས་ཉུང་དུ་བཏང་ནས“གྲོན་ཆུང་བསྲི་ཚགས་ལག་བསྟར་བྱས་ཏེ་ཟས་རིགས་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི”སྲོལ་བཟང་པོ་ཞིག་སློབ་གྲྭའི་ནང་དར་ཡོད།
ཁྲེང་ཀོན་ཆུས་དཔལ་སྡིངས་སློབ་ཆུང་གི་ཁ་ལག་ཟ་རོགས་བྱེད་མཁན་ལས་རེས་འགོ་ཁྲིད་བསྟན་འཛིན་ཉི་མས་ཟས་རིགས་འཕྲོ་བརླག་གཏོང་རིགས་གཏན་འགོག་བྱ་ཆེད། སློབ་གྲྭས་གྲོན་ཆུང་གི་འདུ་ཤེས་དེ་ཉོ་སྒྲུབ་དང་ལས་སྣོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ་དང་།ཟ་ཁང་གིས་དུས་བཀག་ལྟར་ཁ་ལག་ཟ་མཁན་གྱི་མི་གྲངས་བསྡོམས་རྩིས་རྒྱག་པ། སློབ་མའི་དགའ་མོས་ཁོང་དུ་ཆུད་པ་བཅས་བྱས་ཏེ། ཚལ་བཟོ་རྒྱུ་ཚད་དང་མཐུན་པ་དང་ཚལ་ལྷག་ཉུང་དུ་གཏོང་གང་ཐུབ་བྱེད་ཀྱི་ཡོད། ང་ཚོས་བརྒྱུད་རིམ་ཁག་ནང་གྲོན་ཆུང་དང་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཕུགས་ཕན་ལམ་སྲོལ་བཙུགས་ནས་ཚལ་གྱི་གྱོང་གུན་ཉུང་དུ་གཏོང་བ་དང་ཟས་རིགས་ཀྱི་གད་སྙིགས་རིམ་བཞིན་ཉུང་དུ་གཏོང་ཐུབ་པར་བྱེད་ཀྱི་ཡོད་ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། ཁ་ལག་ཟ་རོགས་བྱེད་མཁན་འགོ་ཁྲིད་ཀྱིས་རྒྱུན་གཏན་གྱི་ལྟ་སྐུལ་ཞིབ་བཤེར་བྱས་རྗེས།ཟ་ཁང་གི་རྒྱབ་ཕྱོགས་མཁོ་སྒྲུབ་མི་སྣས་དུས་ཚིགས་ཀྱི་འགྱུར་ལྡོག་ལ་གཞིགས་ནས་ཚན་རིག་དང་མཐུན་པའི་ངང་ཚལ་ཐོ་བཟོ་བ་དང་དུས་ཐོག་ཏུ་ཚལ་གྱི་ཐོན་རྫས་ལེགས་སྒྲིག་བྱ་རྒྱུར་ལྟ་སྐུལ་བྱེད་ཀྱི་ཡོད་པ་རེད། རྒྱུ་ཆ་འབྱུང་རྩའི་ཐོག་ནས་ཆུད་ཟོས་སུ་མི་གཏོང་བར་བྱེད་ཆེད། སློབ་གྲྭས་ད་དུང་སྣུམ་དང་། འབྲས། གྲོ་ཞིབ་སོགས་རྒྱུན་སྤྱོད་ཞིང་ཞོར་ཐོན་རྫས་ལ་མཛོད་ཁང་བཀོད་སྒྲིག་བྱས་ཡོད། སློབ་གྲྭའི་སྔོ་ཚལ་དང་། ཤ་རིགས་ཀྱི་སྤྱོད་ཚད་ནི་ཉིན་རེར་ཉོས་པའི་བསྡོམས་འབོར་དང་གཞི་རྩའི་ཆ་ནས་མཐུན་བཞིན་ཡོད་པས་སློབ་མར་ཉིན་རེར་ཚལ་སོས་པ་འདང་ངེས་མཁོ་འདོན་ཐུབ་ཀྱི་ཡོད།
ཚལ་ལྷག་དང་འབྲས་ལྷག་ཉུང་དུ་བཏང་ནས་སློབ་མ་ཚོས་དགའ་པོ་བྱེད་པའི་ཟས་རིགས་ཀྱི་བྲོ་བ་ཐོན་པར་བྱ་རྒྱུ་ནི་འགག་རྩ་རེད། གསར་འགོད་པས་ལྟོ་ལེན་སའི་སྐར་ཁུང་ནས་སློབ་མ་ཚོ་གོ་རིམ་ལྡན་པའི་ངང་གྲལ་སྒྲིག་བཞིན་ཡོད་པ་མཐོང་བྱུང་། ཉིན་དེའི་གུང་ཟས་ནི་འབྲས་དང་། ཀྲོ་མ་ཀྲུ། ཞོག་ཁོག་དང་བྱ་ཤ་བཙོས་མ། ཞི་ཆིན་ཤ་མེད་བརྔོས་མ། ཏུང་ཀྭ་རུས་ཐང་བཅས་ཡིན། འཚོ་བཅུད་སྡེབ་སྒྲིག་ཐད་སློབ་གྲྭ་དེས་ཚན་རིག་དང་མཐུན་པའི་ངང་འཚོ་བཅུད་ལྡན་པའི་ཚལ་རིགས་བཟོས་ནས་བྲོ་བ་མི་འཕྲོད་པའི་དབང་གིས་ཟས་རིགས་འཕྲོ་བརླག་མི་འགྲོ་བར་བྱས་ཏེ་གྲོན་ཆུང་བསྲི་ཚགས་ཀྱི་ཀྲུང་ཧྭའི་སྤྱོད་བཟང་བྱ་སྤྱོད་དངོས་ནང་དོན་འཁྱོལ་ཐུབ་པར་བྱས་ཡོད། དཔལ་སྡིངས་སློབ་ཆུང་ལོ་རིམ་བཞི་པའི་འཛིན་གྲྭ(2)པའི་སློབ་མ་མེ་སྒྲོན་གྱིས་དགེ་རྒན་གྱིས་འཛིན་གྲྭའི་ཚོགས་འདུ་དང་སློབ་ཁང་ནང་ང་ཚོར་འབྲུ་རིགས་ལ་གཅེས་སྤྲས་བྱེད་དགོས་ལུགས་གསུང་གི་ཡོད། དེར་བརྟེན་དེང་རབས་ཀྱི་སློབ་ཆུང་སློབ་མ་ཞིག་ཡིན་པའི་ངོས་ནས་ང་ཚོས་ངེས་པར་དུ་ཡ་རབས་ངང་ལྟོ་ཆས་ཟ་བ་དང་། འབྲུ་རིགས་ལ་གཅེས་སྤྲས་བྱེད་པ། འབྲུ་རིགས་ལ་འཕྲོ་བརླག་མི་གཏོང་བ་བཅས་བྱེད་དགོས་ཞེས་བཤད།
གསར་འགོད་པས་སློབ་ར་དང་སློབ་གྲྭའི་ཟ་ཁང་གི་གྱང་སོགས་ངོས་སུ་ཡ་རབས་ངང་ལྟོ་ཆས་ཟ་བ་དང་འབྲུ་རིགས་ལ་གཅེས་སྤྲས་བྱེད་དགོས་ཞེས་པའི་དྲིལ་བསྒྲགས་སྦྱར་ཡིག་དང་དྲན་སྐུལ་བྱང་བུ་གང་སར་སྦྱར་བ་མཐོང་བྱུང་། ཉིན་ལྟར་ཁ་ལག་ཟ་རོགས་བྱེད་མཁན་ལས་རེས་འགོ་ཁྲིད་ཀྱིས་ཀྱང་སློབ་མ་ཚོར་ཁ་ལག་འོས་འཚམ་ཟ་བ་དང་ཡ་རབས་ངང་ལྟོ་ཆས་ཟ་དགོས་པའི་དྲན་སྐུལ་ཡང་ཡང་བྱེད་ཀྱི་ཡོད་ལ་སློབ་མ་ཚོས་ཀྱང་ཟས་རིགས་མ་ལྷག་པར་བྱེད་བཞིན་ཡོད། བསྟན་འཛིན་མཁས་གྲུབ་ཀྱིས་གསར་འགོད་པར་སློབ་གྲྭའི་ཟ་ཁང་དུ་ཁ་ལག་ཟ་ཐེངས་རེར་བཀོད་སྒྲིག་ལུགས་མཐུན་བྱས་ནས་སློབ་ཕྲུག་ཚོར་འཚོ་བཅུད་སྙོམས་པོ་ཡོང་བར་བྱེད་པ་དང་ཆབས་ཅིག་ཡ་རབས་ངང་ལྟོ་ཆས་ཟ་བ་དང་འབྲུ་རིགས་ལ་གཅེས་སྤྲས་བྱས་ནས་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་འདུ་ཤེས་ཀྱང་སློབ་ཕྲུག་ཚོའི་བློ་ལ་འཇགས་ཡོད་ཅེས་བཤད།
གྲོང་ཁྱེར་སློབ་གསོ་ཅུས་བདེ་འཇགས་འཕྲོད་བསྟེན་གཞུང་དོན་ཁང་གི་འགན་འཁུར་བ་ལིའུ་ཡུས་ཡོན་གྱིས་ང་ཚོས་བྱེད་ཐབས་བཞི་མཉམ་སྤྱོད་མཐའ་འཁྱོངས་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་དགེ་སློབ་ལ་གྲོན་ཆུང་བསྲི་ཚགས་དང་རྒྱས་སྤྲོས་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ།འབྲུ་རིགས་ལ་གཅེས་སྤྲས་བྱེད་པའི་གོམས་གཤིས་བཟང་པོ་འཇགས་པར་བྱེད་པའི་ཆེད་དོན་བྱེད་སྒོ་གཏིང་ཟབ་སྤེལ་བཞིན་ཡོད་ཅེས་བཤད། ལིའུ་ཡུས་ཡོན་གྱིས་བཟའ་བཏུང་ཆུད་ཟོས་སུ་མི་གཏོང་བའི་བྱ་ཐབས་བཞི་ནི་གཅིག་ནས་སློབ་སྦྱོང་དྲིལ་བསྒྲགས་ཏན་ཏིག་བྱེད་པ་སྟེ།སློབ་གྲྭ་ཁག་གིས་སློབ་གྲྭའི་རླུང་འཕྲིན་དང་། སྦྱར་ཡིག དྲིལ་བསྒྲགས་སྒྲོམ་སྟེགས། དྲ་རྒྱ་སོགས་སྨྱན་སྦྱོར་ལ་བརྟེན་ནས་བཟའ་བཏུང་ཆུད་ཟོས་སུ་མི་གཏོང་རྒྱུར་དྲིལ་བསྒྲགས་ཧུར་ཐག་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་གྲོན་ཆུང་བསྲི་ཚགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་ཧུར་ཐག་གཏོང་བ་དང་། གཉིས་ནས་གྲོན་ཆུང་བསྲི་ཚགས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པ་སྟེ། སློབ་ཁང་གི་ཐབས་ལམ་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་དང་གྲོན་ཆུང་གི་སློབ་གསོའི་ནང་དོན་མཉམ་འདྲེས་གང་ལེགས་བྱས་ནས་གཙོ་དོན་འཛིན་གྲྭའི་ཚོགས་འདུ་དང་།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社