(པར་ངོས་དང་པོར་མཐུད)བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་ནི་བྱ་བ་སྒྲུབ་པའི་རྨང་གཞི་དང་བྱ་བ་འགྲུབ་པའི་ཐབས་ལམ་ཡིན། གྲོང་ཁྱེར་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་སྔ་ཕྱི་བར་གསུམ་དུ་བྱ་དངོས་ལ་བདེ་སྡུག་ཡོད་པས་དེ་མྱོང་ཚོར་བྱེད་མཁན་གྱིས་ཤེས་ཐུབ་པ་དང་། ལམ་ལ་དོག་བདེ་ཡོད་པས་དེའི་ཐོག་སྐྱོད་མཁན་གྱིས་ཤེས་ཐུབ་པའི་འདུ་ཤེས་བཅངས་ནས་འགན་ལེན་བྱ་ཡུལ་གནས་ཁག་གི་ཞིང་ནང་དང་མུ་ཁར་བསྐྱོད་པ་དང་། མང་ཚོགས་ཀྱི་ཁྱིམ་དུ་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་བྱེད་པ། གཅིག་སེམས་གཅིག་འབྲེལ་གྱིས་འབྲེལ་གཏུག་བཅས་བྱས་ཏེ་གཞི་རིམ་གྱི་འཕེལ་རྒྱས་ཐད་ཀྱི་དཀའ་གནད་གཏིང་ཟབ་འཚོལ་ཞིབ་དང་མང་ཚོགས་ཀྱི་འཚོ་བའི་འགག་གནད་མཐིལ་རྟོགས་བྱས་ནས་མང་ཚོགས་ཀྱི་ཡུལ་དེ་རང་གི་རིགས་གཅིག་མཁས་ཅན་ཡག་པོ་ཞིག་བྱས་པ་རེད།
བུ་བཅོལ་ཁང་གི་སློབ་ཁྲིད་ཁོར་ཡུག་དང་། གྲོང་ཚོ་ཨུ་ལྷན་གྱི་གཞུང་དོན་ཁང་གི་ཁོར་ཡུག ལེ་ལག་ཚང་བའི་སྒྲིག་བཀོད་སོགས་ཀྱི་གནད་དོན་ལ་དམིགས་ཏེ་ཡུལ་དངོས་སུ་རྟོག་ཞིབ་བྱས་པ་དང་ཆེད་དོན་ཚོགས་འདུ་འཚོགས་ཏེ་གནད་དོན་གྱི་འབྱུང་རྩར་མཐིལ་རྟོགས་བྱས་ཐོག་པེ་ཅིང་གྲོང་ཁྱེར་འཛུགས་སྐྲུན་ཚོགས་པ་དང་འབྲེལ་གཏུག་མཐུན་སྦྱོར་ཧུར་ཐག་བྱས་ནས་རོགས་སྐྱོར་མ་དངུལ་སྒོར་ཁྲི་40ལྷག་ཙམ་བརྩོན་ལེན་བྱས་ཏེ་ཐག་གཅོད་བྱས་པ་རེད། གྲོང་ཁྱེར་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་ཁྱོན་བརྟག་ཞིབ་ཐེངས་18བྱས་པ་དང་། གནད་དོན་10ཤེས་རྟོགས་བྱུང་བ། བསམ་ཕྱོགས་དང་ཐབས་ཇུས་15བཏོན་པ། སེམས་ནུས་བཏོན་པ་དང་བརྩེ་སེམས་བཅངས་ནས་མང་ཚོགས་ལ་བསྒྲུབ་དགོས་པའི་བྱ་བ་ཚང་མ་ཐག་གཅོད་ཡག་པོ་བྱས་ཡོད།
གཞི་རིམ་དུ་ཡིག་བསྐུར་ཞུ་བཅར་ལ་སྣེ་ལེན་ཞུས་ཏེ་འགལ་ཟླ་འདུམ་འགྲིག་བྱས་ནས་མང་ཚོགས་ཀྱི་ལས་སྒྲུབ་པ་ཡག་པོ་ཞིག་བྱས་པ།
ཡིག་སྐུར་ཞུ་བཅར་གྱི་ལས་ཀར་ཚར་དུས་མེད་པ་དང་། མང་ཚོགས་ཀྱི་ཁེ་ཕན་བློ་ལ་བཅངས་ཡོད། ཡིག་བསྐུར་ཞུ་བཅར་གྱི་ལས་དོན་ནི་ཏང་དང་སྲིད་གཞུང་དང་མི་དམངས་མང་ཚོགས་དབར་གྱི་སེམས་འབྲེལ་ཟམ་པ་ལྟ་བུ་ཞིག་དང་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་། དམངས་ཀྱི་བསམ་འདུན་ལ་བརྟག་དཔྱད། འགལ་ཟླ་སེལ་བའི་སྐར་ཁུང་བཅས་ཡིན་པས་གྲོང་ཁྱེར་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་བདེ་སྡུག་སེམས་ནང་བཅངས་ནས་མང་ཚོགས་དང་མཉམ་དུ་རྐུབ་སྟེགས་གཅིག་གི་ཐོག་ཏུ་སྡོད་པ་དང་རང་ཉིད་མང་ཚོགས་ཁྲོད་ཀྱི་ཁོངས་མི་ཞིག་ཏུ་བརྩིས་ཏེ་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་ཁེ་ཕན་ལ་ཆེ་ཆུང་མེད་པའི་རྩ་དོན་ལ་བརྩི་སྲུང་ཞུས་ནས་རང་འགུལ་ངང་གནད་དོན་ཐག་གཅོད་བྱེད་པའི་ཁྲོད་ཞུགས་པ་དང་། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་གསལ་པོ་འདྲི་བ་དང་། གནད་དོན་ཐག་གཅོད་བྱེད་པའི་ཐད་ནུས་ཤུགས་དངོས་བཏོན་ནས་མང་ཚོགས་ཀྱི་ལས་སྒྲུབ་པ་ཡག་པོ་ཞིག་བྱེད་ཀྱི་ཡོད། གྲོང་ཁྱེར་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་སྔ་རྗེས་སུ་གཤམ་སྐྱོད་ཐེངས་8བྱས་ནས་འཐབ་ཕྱོགས་དང་པོར་གནད་དོན་འཚོལ་བ་དང་འཐབ་ཕྱོགས་དང་པོར་དཀའ་གནད་སྒྲོལ་ཐུབ་པར་བྱས་ཏེ་འགལ་ཟླ་དང་རྩོད་གཞི་ཐོན་འགོ་ཚུགས་མ་ཐག་ནས་ཐག་གཅོད་བྱས་ཡོད།
གཞི་རིམ་གྱི་ཡུལ་དངོས་སུ་གཞུང་དོན་བསྒྲུབས་ནས་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱས་ཏེ་མང་ཚོགས་ཀྱི་སྙིང་ཉེ་བའི་མི་ཞིག་བྱས་པ།
རྒྱལ་ཁབ་ཀྱི་དོན་ཆེན་དང་མང་ཚོགས་ལ་བསམ་བློ་མང་ཙམ་གཏོང་བ་དང་། སྤྱི་ཞབས་པའི་གཞུང་དོན་ཁང་གཞི་རིམ་དུ་ཡོད་པ་དང་འབྲོག་པའི་ཁང་ཁྱིམ་དང་གུར་ནང་ཡོད། གྲོང་ཁྱེར་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་རང་འགུལ་ངང་མདུན་ལ་ཉེ་བཅར་གྱིས་གཞི་རིམ་དུ་གཞུང་དོན་བསྒྲུབས་ཏེ་མང་ཚོགས་ཀྱི་སྒོ་ཁར་བགྲོ་གླེང་ཚོགས་འདུ་འཚོགས་པ་བརྒྱུད་མང་ཚོགས་ཀྱི་དཀའ་གནད་ཐག་གཅོད་ཏན་ཏིག་བྱས་པ་དང་། མང་ཚོགས་ཀྱི་སྙིང་ཉེ་བའི་མི་ཡག་པོ་ཞིག་བྱས་ཡོད་པ་རེད།
སློབ་ཆེན་སློབ་མའི་ལས་ཞུགས་དང་། མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བ། གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་ཐད་ཞན་ཆ་ཡོད་པའི་གནད་དོན་ལ་དམིགས་ཏེ་ཡུལ་དངོས་སུ་གཞུང་དོན་བསྒྲུབས་པ་དང་ཡུལ་དངོས་སུ་ཞིབ་གྲོས་བྱས་ནས་དེང་རབས་ཞིང་འབྲོག་ལས་ཀྱི་ལག་རྩལ་ཁྱབ་གདལ་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། གྲོང་གསེབ་དར་རྒྱས་གཏོང་བའི་ཤེས་ལྡན་པ་ནང་འདྲེན་དང་། ཉར་བ། གསོ་སྐྱོང་བཅས་ཀྱི་ལྕག་སྐུལ་ལམ་སྲོལ་འཛུགས་པ། ཁོངས་གཏོགས་ཁུལ་གྱི་ཁེ་ལས་དང་འབྲོག་ལས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ། ཡུལ་སྐོར་གསར་སྤེལ་སོགས་ཕྱོགས་མང་པོའི་ཐད་ཀྱི་བསམ་འཆར་དང་གྲོས་འགོ་20བཏོན་ནས་ཡུལ་དངོས་སུ་གཞུང་དོན་ཐེངས་18བསྒྲུབས་པ་རེད།
གྲོང་ཁྱེར་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་ཏང་ཡོན་ལས་བྱེད་པས་འཐབ་ཕྱོགས་དང་པོར་བསྐྱོད་དེ་རང་འགུལ་ངང་ཐབས་ཇུས་དམངས་ལ་འདྲི་བ་དང་། དགོས་མཁོ་དམངས་ལ་འདྲི་བ། ཕན་འབྲས་དམངས་ལ་འདྲི་བ། མང་ཚོགས་ཀྱི་ཁྲོད་ནས་བློ་གྲོས་དང་ནུས་པ་བསྡུ་ལེན་བྱེད་པ། ཁེངས་སྐྱུང་དང་ངང་རྒྱུད་རིང་པོའི་སྒོ་ནས་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་དང་ལེན་བྱེད་པ། བྱ་སྤྱོད་དངོས་ཀྱི་ཐོག་ནས་བརྟག་དཔྱད་ཞིབ་འཇུག་དང་། རིགས་པའི་གཞུང་ལུགས་དང་སྲིད་ཇུས་སྒྲོག་འགྲེལ་བྱེད་པ། འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་དང་སེལ་བ། སེམས་ཁྲལ་དང་དཀའ་ངལ་སེལ་བ། དམངས་ལ་ཕན་འདོགས་པ་དང་། དམངས་སེམས་ལ་དྲོ་སྐྱིད་སྦྱིན་པ། དམངས་ཀྱི་འདོད་པ་དང་མཐུན་པ་བཅས་ཀྱི་ལས་དོན་ཁག་ཏན་ཏིག་ངང་ཞིབ་ཚགས་བསྒྲུབས་ཏེ་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་ཏན་ཏིག་བཏང་ཡོད་པ་རེད།
(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社