ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར།ལྷ་ས་གྲོང་ཁྱེར་བོགས་གཏོང་རླངས་འཁོར་ཚད་ཡོད་ཀུང་སིས་ཁ་ལོ་བ་སྒྲིག་འཛུགས་བྱས་ནས་འགྲིམ་འགྲུལ་བདེ་འཇགས་ཀྱི་སློབ་གསོའི་གསོ་སྦྱོང་བྱས་པ་རེད།
གསོ་སྦྱོང་ཁྲོད་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་སྒྲོག་འགྲེལ་པས་འགྲིམ་འགྲུལ་སྒྲིག་སྲོལ་ལ་བརྩི་སྲུང་ཞུས་ནས་ཆང་རག་བཏུངས་ནས་འཁོར་རིགས་གཏོང་བ་གཏན་འགོག་བྱེད་དགོས་ཞེས་པ་གཙོ་དོན་དུ་བྱས་ཏེ།གང་འདྲ་ཞིག་ལ་ཆང་རག་བཏུངས་ནས་འཁོར་རིགས་གཏོང་བ་དང་ར་བཟི་ནས་འཁོར་རིགས་གཏོང་བ་ཟེར་བ་དང་།དེའི་གནོད་འཚེ་དང་། རྒྱུན་མཐོང་གི་ནོར་འཛོལ། ཆང་རག་བཏུངས་ནས་འཁོར་རིགས་གཏོང་བར་ཆད་གཅོད་ཚད་གཞི་སོགས་ཀྱི་ནང་དོན་ལ་དམིགས་ཏེ།རང་གྲོང་གི་རྒྱ་ཆེའི་བོགས་གཏོང་རླངས་འཁོར་གྱི་ཁ་ལོ་བར་སློབ་ཚན་ཁྲིད་པ་རེད།སློབ་ཁྲིད་བྱེད་རིང་སྒྲོག་འགྲེལ་པས་མིག་སྔའི་འགྲིམ་འགྲུལ་བདེ་འཇགས་ཀྱི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་པར་མ་ཟད། ཁོངས་གཏོགས་ཀྱི་དཔེ་མཚོན་འགྲིམ་འགྲུལ་ལས་འཛོལ་གྱི་གྱོད་དཔེ་དང་ཟུང་འབྲེལ་བྱས་ནས་ལས་འཛོལ་ཐོན་པའི་རྒྱུ་རྐྱེན་དང་གནོད་འཚེར་འགྲེལ་བཤད་བརྒྱབ་པ་དང་འབྲེལ།ཁ་ལོ་བར་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་རང་འགུལ་ངང་བཀག་འགོག་བྱས་ནས་རླངས་འཁོར་གཏོང་བའི་གོམས་གཤིས་བཟང་པོ་འཇཊ་པར་བྱེད་པ་དང་།བདེ་འཇགས་དང་ཡ་རབས་ངང་འཁོར་རིགས་གཏོང་དགོས་པའི་སློབ་གསོ་བརྒྱབ་པ་རེད།
ད་ཐེངས་ཀྱི་སློབ་སྦྱོང་བརྒྱུད་ཁ་ལོ་བས་རང་ཉིད་ཀྱི་འགྲིམ་འགྲུལ་ཁྲིམས་སྐྱོང་གི་འདུ་ཤེས་དང་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ནས་སླད་ཕྱིན་ཞབས་ཞུའི་ཆུ་ཚད་ཟམ་མི་ཆད་པར་མཐོར་གཏོང་དང་། གྲོང་མིའི་བློ་མགུ་ཚད་དང་ཁ་ལོ་བའི་མཚན་སྙན་མཐོ་རུ་གཏོང་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
བོགས་གཏོང་རླངས་འཁོར་གྱི་ཁ་ལོ་བ་ཁྲེན་ཞུའེ་ལིན་གྱིས་ངས་ལྷ་སར་བོགས་གཏོང་རླངས་འཁོར་གྱི་ལས་རིགས་གཉེར་ནས་ལོ་28ཕྱིན་སོང་། ཀུང་སིས་རྒྱུན་གཏན་གྱི་གསོ་སྦྱོང་ནང་ང་ཚོར་ཆང་རག་བཏུངས་ནས་འཁོར་རིགས་གཏོང་མི་རུང་བ་དང་ཚེ་སྲོག་ལ་གཅེས་སྤྲས་བྱེད་པའི་དྲིལ་བསྒྲགས་ཁྲིད་སྟོན་བྱེད་ཀྱི་ཡོད།སླད་ཕྱིན་གྱི་གཉེར་སྐྱོང་ལས་དོན་ཁྲོད་ངས་རང་ཉིད་ལ་བདེ་འཇཊ་དང་། ཚད་ལྡན། ཞི་མཐུན།གོ་རིམ་ལྡན་པ་བཅས་ཀྱི་འགྲིམ་འགྲུལ་གྱི་ཁོར་ཡུག་གཏོད་ཆེད་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ནན་པོ་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།
(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社