分享按钮

ཁམས་ལེགས་གྲོང་ལྷན་གྱིས་རྒྱལ་ཡོངས་ཀྱི་ཚོཊ་འདུ་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ཁོངས་གཏོགས་ཁུལ་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་སྦྱོར་གཉིས་ཀ་རྒྱལ་ཡོངས་ཀྱི་ཚོཊ་འདུ་གཉིས་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་བྱ་རྒྱུའི་ཁྲིད་སྟོན་བྱས་ཏེ། འབད་འཐབ་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཆེད། ཉིན་ཤས་གོང་། སྣེའུ་ཁུལ་གསར་བདེ་སྐྱིད་གྲོང་ལྷན་གྱིས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་གྱི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་རིང་། ར་མ་སྒང་ཁྲོམ་གཞུང་གི་གཞི་རིམ་སྒྲོག་འགྲེལ་པ་དང་། ཏང་ཡོན་རྒན་གྲས་ཀྱི་འཐུས་མི་པད་མ་དོན་གྲུབ་ཀྱིས་གོ་བདེ་ལ་ཤེས་སླ་བའི་སྐད་ཆའི་ཐོག་ནས་ཁོངས་གཏོགས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་གསུངས་བའི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་། 2024ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་མཉམ་དུ་སློབ་སྦྱོང་བྱས་པ་དང་། སྙན་སྒྲོན་ནང་ཕྱོགས་བསྡོམས་བྱས་པའི་2023ལོའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་དང་། ལས་དོན་གཙོ་བོ། དེ་བཞིན་2024ལོའི་ལས་འགན་གཙོ་བོ་བཅས་ཤེས་རྟོགས་ཐུབ་པར་བྱས་ནས་ཁོངས་གཏོགས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་འདུ་ཤེས་བཞི་ཟབ་ཏུ་གཏོང་བ་དང་། གདེང་ཚོད་བཞི་བརྟན་ཏུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པར་བྱེད་པ། སྙིང་སྟོབས་ཆེར་བསྐྱེད་དང་ཞུམ་མེད་མདུན་སྐྱོད་བཅས་བྱས་ནས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་དེ་སྡེ་ཁུལ་བཅོས་སྐྱོང་ལས་ཀའི་ཁྱབ་ཁོངས་ཡོངས་དང་། ཕྱོགས་ཡོངས། བརྒྱུད་རིམ་ཧྲིལ་པོ་བཅས་ལ་ལག་བསྟར་མཐར་ཕྱིན་ཐུབ་པར་བྱས་ཡོད།

ཁམས་ལེགས་གྲོང་ལྷན་གྱི་གྲོང་མི་ལེའུ་ཧྲེ་ཨིན་གྱིས་རྒྱལ་ཡོངས་ཀྱི་ཚོཊ་འདུ་གཉིས་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱས་རྗེས་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། ལྷག་པར་དུ་སྙན་སྒྲོན་ནང་གྲོང་གསེབ་དར་རྒྱས་གཏོང་རྒྱུའི་ཐད་བཏོན་པའི་གྲོང་གསེབ་འཛུགས་སྐྲུན་གྱི་བྱ་སྤྱོད་ལག་བསྟར་གཏིང་ཟབ་ངང་སྤེལ་རྒྱུ་ཡིན་ཞེས་པ་ཐོས་རྗེས། ང་ཚོས་མི་འཚོ་སྡོད་ཁོར་ཡུག་ལེཊ་སུ་གཏོང་རྒྱུའི་ཐད་རེ་སྒུག་སྔར་བས་ཆེན་པོ་བྱེད་ཀྱི་ཡོད་ལ། ང་ཚོའི་འཚོ་བའི་ཁོར་ཡུག་དེ་བས་ཡག་ཏུ་འགྲོ་རྒྱུའི་རེ་བའང་ཡོད་ཅེས་བཤད།

གཅིག་སྡུད་སློབ་སྦྱོང་བྱས་པ་བརྒྱུད། གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱིས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལ་ངོས་འཛིན་སྔར་བས་གཏིང་ཟབ་བྱུང་ཡོད། ཕྱིས་འབྱུང་། བདེ་སྐྱིད་གྲོང་ལྷན་གྱིས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་གྱི་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་རྒྱུ་དང་། མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་བྱ་ཐབས་ལ་བརྟེན་ནས་ཏང་གི་རིགས་པའི་གཞུང་ལུགས་དེ་གཞི་རིམ་ལས་བྱེད་པ་དང་མང་ཚོཊ་ཀྱི་ཉེ་འགྲམ་དུ་ཁྱབ་གདལ་དུ་བཏང་སྟེ། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོཊ་སྡེ་ཁུལ་གྱི་འཛུཊ་སྐྲུན་ནང་ཧུར་ཐག་ཞུཊ་རྒྱུར་སྐུལ་མ་བཏང་ནས་སྡེ་ཁུལ་འཕེལ་རྒྱས་ཀྱི་ཆེད་དུ་བློ་གྲོས་དང་སྟོབས་ཤུཊ་ལེཊ་སྐྱེས་སུ་འབུལ་དུ་འཇུག་རྒྱུ་ཡིན་ཞེས་བཤད།

ཁམས་ལེགས་གྲོང་ལྷན་གྱི་ཀྲུའུ་རེན་བསོད་ནམས་དབང་འདུས་ཀྱིས་ཕྱིས་འབྱུང་སྡེ་ཁུལ་གྱིས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ནས་མི་རྩ་བར་འཛིན་རྒྱུ་མུ་མཐུད་ནས་མཐའ་འཁྱོངས་དང་། དགོས་མཁོ་དམངས་ལ་འདྲི་རྒྱུ་མཐའ་འཁྱོངས། ལས་དོན་གསར་གཏོད་བྱ་རྒྱུ་མཐའ་འཁྱོངས། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་ཏན་ཏིག་བཅས་བྱས་ཏེ། གྲོང་མིར་བདེ་འཇཊ་དང་། སྐྱིད་སྣང་། ཞི་མཐུན་བཅས་ཀྱི་ཁོར་ཡུག་ཅིག་ཧུར་ཐག་གཏོད་རྒྱུ་ཡིན་ཞེས་བཤད།(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-04 6 6 拉萨日报藏文 c178685.html 1 ཁམས་ལེགས་གྲོང་ལྷན་གྱིས་རྒྱལ་ཡོངས་ཀྱི་ཚོཊ་འདུ་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས་པ། /enpproperty-->