分享按钮

གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁམས་གསོ་ལྟེ་གནས་ཀྱིས་རིན་པ་མི་དགོས་པར་ཉན་ཕན་ཡོ་བྱད་སྤྲོད་པའི་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁམས་གསོ་ལྟེ་གནས་ཀྱིས་རིན་པ་མི་དགོས་པར་རང་གྲོང་གི་རྫོང(ཆུས)ཁག་གི་རྒན་རྒོན་འོན་པར་ཉན་ཕན་ཡོ་བྱད་སྤྲོད་པའི་བྱེད་སྒོ་སྤེལ་བ་རེད།

ཉིན་དེའི་སྔ་དྲོའི་ཆུ་ཚོད་10པར་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁམས་གསོ་ལྟེ་གནས་སུ་རྒན་རྒོན་འོན་པ་མང་པོས་ནང་མི་དང་ལས་དོན་མི་སྣའི་རོགས་རམ་འོག་གྲལ་བསྒྲིགས་ཤིང་། ཆེད་ལས་ཀྱི་ལག་རྩལ་མི་སྣས་རྒན་རྒོན་ཚོའི་རྣ་ཤེས་ལ་བརྟག་དཔྱད་བྱས་ཏེ་ཉན་ཕན་ཡོ་བྱད་སྒྲིག་སྦྱོར་བྱས་པ་དང་། རྒན་རྒོན་གྱི་བསམ་འཆར་གཞིར་བཟུང་ཉན་ནུས་ལ་འགོག་རྐྱེན་འཕྲད་པའི་རྒན་རྒོན་ཚང་མར་ཕན་འབྲས་ཐོན་པར་བྱས་པ་རེད།

གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ད་རེས་ཀྱི་བྱེད་སྒོའི་ནང་ལྷ་ས་གྲོང་ཁྱེར་གྱི་རྫོང(ཆུས)ཁག་གི་རྒན་རྒོན་འོན་པ་3000ཙམ་གྱིས་མིང་ཐོ་བཀོད་ཡོད་པ་དང་། ཡོ་བྱད་སྤྲོད་པའི་བྱེད་སྒོ་ཁག་དང་པོའི་ནང་ཞུགས་མཁན་རྒན་རྒོན་150ལྷག་ཙམ་ཡོད། ཕྱིས་འབྱུང་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁམས་གསོ་ལྟེ་གནས་ཀྱིས་མིང་ཐོ་བཀོད་པའི་རྒན་རྒོན་གཞན་དག་ལ་ཉན་ཕན་ཡོ་བྱད་སྤྲད་ནས་རྒན་རྒོན་དེ་བས་མང་བར་བདེ་སྐྱིད་ཀྱི་འཚོ་བ་ཞིག་གཏོད་རྒྱུ་རེད།

གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁམས་གསོ་ལྟེ་གནས་ཀྱི་འགན་འཁུར་བ་རྣམ་རྒྱལ་གྱིས་ང་ཚོས་མཐིལ་རྟོགས་བརྟག་ཞིབ་ལ་གཞིགས་ནས་ལྷ་ས་གྲོང་ཁྱེར་གྱི་རྫོང(ཆུས)ཁག་གི་རྒན་རྒོན་འོན་པ་སྒྲིག་འཛུགས་བྱས་པ་ཡིན། བྱེད་སྒོ་སྤེལ་ཡུལ་དུ་ང་ཚོས་ཉན་ཕན་ཡོ་བྱད་ཞིབ་དཔྱད་ཚད་ལེན་གྱི་ཆེད་ལས་ཚོགས་པ་གདན་དྲངས་ཏེ། རྒན་རྒོན་གྱི་རྣ་ཤེས་ཞིབ་དཔྱད་ཚད་ལེན་བྱེད་ཀྱི་ཡོད། དགོས་མཁོ་མི་འདྲ་བར་གཞིགས་ནས་རིན་མི་དགོས་པར་ཁོ་ཚོར་ཉན་ཕན་ཡོ་བྱད་སྤྲད་དེ། ཁོ་ཚོའི་རྣ་ཤེས་ཡག་ཏུ་གཏོང་བ་དང་། སེམས་ཁྲལ་ཞི་བར་བྱེད་པ། རྣ་ལྕོག་འུར་ཚད་ཇེ་ཆུང་དུ་གཏོང་བ་བཅས་ཀྱི་དམིགས་ཡུལ་འགྲུབ་རྒྱུར་རོགས་རམ་བྱེད་བཞིན་ཡོད་ཅེས་བཤད།

(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-03-08 6 6 拉萨日报藏文 c177031.html 1 གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁམས་གསོ་ལྟེ་གནས་ཀྱིས་རིན་པ་མི་དགོས་པར་ཉན་ཕན་ཡོ་བྱད་སྤྲོད་པའི་བྱེད་སྒོ་སྤེལ་བ། /enpproperty-->