分享按钮

གྲོང་ཁྱེར་ཡོངས་ཀྱི་སྨན་བཅོས་འགན་བཅོལ་ལས་དོན་གྱི་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་ཆར།རང་གྲོང་གིས་གྲོང་ཁྱེར་ཡོངས་ཀྱི་སྨན་བཅོས་འགན་བཅོལ་ལས་དོན་ཚོགས་འདུ་འཚོགས་ཤིང་།ཚོགས་འདུའི་ཐོག་2023ལོའི་སྨན་བཅོས་འགན་བཅོལ་ལས་དོན་ལ་ཕྱོགས་བསྡོམས་དང་2024ལོའི་སྨན་བཅོས་འགན་བཅོལ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།

ཚོགས་འདུའི་ཐོག་བསྟན་དོན།2023ལོར་གྲོང་ཁྱེར་ཡོངས་ཀྱི་སྨན་བཅོས་འགན་བཅོལ་ཁོངས་གཏོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་བླང་བྱ་ཁག་དོན་འཁྱོལ་བྱས་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ལམ་ལུགས་ལམ་སྲོལ་འཐུས་ཚང་དུ་གཏོང་བ།ལྟ་སྐུལ་སྒྲིག་བསྟར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་པ་བརྒྱུད་སྨན་བཅོས་འགན་བཅོལ་གྱི་ཐེབས་རྩ་བདེ་འཇགས་ངང་འཁོར་སྐྱོད་དང་ནུས་ལྡན་ངང་སྤྱོད་རྒྱུ་འགན་ལེན་བྱས་པ་དང་།རང་གྲོང་གི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་།ནད་གཞི་ལྕི་རིགས་ཀྱི་འགན་བཅོལ།སྨན་བཅོས་རོགས་སྐྱོབ་བཅས་འགན་སྲུང་གསུམ་གྱི་ལམ་ལུགས་སྒྲོམ་གཞི་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་ནས་ཐོབ་ཐང་དང་ཆུ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད།

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན།སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་བྱེད་སྟངས་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་OCRརིག་ནུས་ཞིབ་དཔྱད་དབྱེ་འབྱེད་མཛོད་མུ་མཐུད་འཐུས་ཚང་དུ་གཏོང་བ་དང་།ཞིབ་བཤེར་གཏན་འབེབས་ཀྱི་སྤུས་ཚད་དང་ལས་ཕྱོད་ཆེ་རུ་གཏོང་བ།ལག་པས་བཀོལ་སྤྱོད་ཀྱི་དུས་ཚད་ཐུང་དུ་འགྲོ་བ་བཅས་བྱེད་དགོས་པ་དང་།རིམ་པ་མང་བའི་སྨན་བཅོས་འགན་སྲུང་མ་ལག་སྔར་བས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་།སྨན་བཅོས་འགན་བཅོལ་གཉེར་སྒྲུབ་དོ་དམ་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ།ས་ཁུལ་དང་གྲོང་ཁྱེར་རིམ་པའི་གཅིག་གྱུར་འཆར་འགོད་ས་ཁུལ་ནང་ཁུལ་གྱི་སྨན་བཅོས་འགན་བཅོལ་གཉེར་སྒྲུབ་སྒྲིག་གཞིས་ཐད་ཀར་དོ་དམ་བྱེད་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས།ཐོལ་བྱུང་ཞིབ་བཤེར་དང་།ཆེད་དོན་བཅོས་སྒྲིག རྒྱུན་གཏན་གྱི་ལྟ་སྐུལ་དོ་དམ་བཅས་རྒྱུན་རྣམ་ཅན་དུ་འགྱུར་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་།སྤྱི་ཚོགས་ཀྱི་ལྟ་སྐུལ་ལམ་ལུཊ་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་བ།སྤྱི་ཚོཊ་ཀྱི་མཐུན་སྦྱོར་མཉམ་བཅོས་ལ་ཤུཊ་སྣོན་རྒྱག་པ་བཅས་དང་། སྨན་བཅོས་འགན་བཅོལ་གཉེར་སྒྲུབ་སྒྲིག་གཞི་རིམ་པ་ལྔ་པར་ཁྱབ་པར་བྱེད་པ་དང་།སྨན་བཅོས་འགན་སྲུང་གི་སྐར་མ་15ཡི་དམངས་ཕན་ཞབས་ཞུའི་ཁྱབ་ཁོངས་སོགས་ཀྱི་ལས་དོན་ཤུགས་ཆེན་པོས་བསྐྲུན་ཏེ་གྲོང་ཁྱེར་ཡོངས་ཀྱི་མི་དམངས་ལ་སྔར་ལས་སྤུས་ཀ་དག་ཅིང་ཁྱོན་ཡོངས་དང་ཕན་འབྲས་ཆེ་བའི་སྨན་བཅོས་འགན་སྲུང་ཞབས་ཞུ་བསྒྲུབ་དགོས།(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-03-05 6 6 拉萨日报藏文 c176983.html 1 གྲོང་ཁྱེར་ཡོངས་ཀྱི་སྨན་བཅོས་འགན་བཅོལ་ལས་དོན་གྱི་ཚོགས་འདུ་འཚོགས་པ། /enpproperty-->