(པར་ངོས་དང་པོར་མཐུད)《སྲིད་གྲོས་སྐབས་བཅུ་གཉིས་པའི་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་ཐོག་གཙོ་གནད་གྲོས་གཞི་གདམ་གསེས་ཀྱི་གྲོས་གཞི》ལ་ཞིབ་འཇུག་བྱས་ནས་གྲོས་འཆམ་བྱུང་བ་རེད།
འཇམ་དབྱངས་བློ་གྲོས་ཀྱིས་འདི་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བ་དང་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དབུ་བརྙེས་ནས་ལོ་75འཁོར་བ།བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བ།འདི་ལོའི་སྲིད་གྲོས་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེར་ཤུགས་རྐྱེན་ཟབ་མོ་དང་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད།
འདི་ལོའི་སྲིད་གྲོས་ལས་དོན་དང་ཉེ་དུས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུའི་སྐོར་ལ་འཇམ་དབྱངས་བློ་གྲོས་ཀྱིས་གཅིག་ནས་ཏང་གི་འགོ་ཁྲིད་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་དེ་བས་ཚུགས་གནས་མཐོ་པོའི་སྒོ་ནས་སྲིད་གྲོས་ཀྱི་གནས་ཐིག་གཏན་འཁེལ་བྱེད་དགོས།དེ་ཡང་བློ་བརྟན་འགྱུར་མེད་ངང་ཆབ་སྲིད་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས་པ་དང་། བསམ་བློའི་སྣེ་ཁྲིད་ལ་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་བ།ཏང་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།གཉིས་ནས་གྲོས་མོལ་གྱི་ལམ་སྲོལ་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་ནས་སྲིད་གྲོས་ཀྱི་ལེགས་ཆ་སྔར་བས་འདོན་སྤེལ་གང་ལེགས་བྱེད་དགོས།དེ་ཡང་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས་གྲོས་མོལ་སྲིད་གླེང་གི་རྨང་གཞི་བརྟན་དུ་གཏོང་བ་དང་།གྲོས་མོལ་གྱི་གོ་རིམ་ཚད་ལྡན་དུ་བཏང་ནས་གྲོས་མོལ་སྲིད་གླེང་གི་སྤུས་ཚད་མཐོ་རུ་གཏོང་བ།གྲོས་མོལ་གྱི་རྣམ་པ་བཏོད་དེ་གྲོས་མོལ་སྲིད་གླེང་གི་གསོན་ཤུགས་འཕེལ་བར་བཅས་བྱེད་དགོས།གསུམ་ནས་ལས་ཀའི་སྤྱོད་ཚུལ་ཟམ་མི་ཆད་པར་ལེགས་སུ་བཏང་སྟེ་འགན་འཁུར་ཕོད་པ་དེ་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱེད་དགོས།དེ་ཡང་འགན་འཁྲི་སྒྲུབ་པའི་སྤྲོ་སེམས་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ་ལས་དོན་ཁག་བཅུའི་ཐད་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་དང་།ལས་ཀའི་སྤྱོད་ཚུལ་མུ་མཐུད་ལེགས་སུ་བཏང་སྟེ་སྐད་ཆ་ཤོད་དབང་མཐོ་རུ་གཏོང་བའི་ཐད་མིག་དཔེའི་ནུས་པ་འདོན་སྤེལ།དཔའ་ངར་ཆེ་སྐྱེད་ཀྱིས་ལྷོད་གཡེང་མི་གཏོང་བ་རྒྱུན་འཁྱོངས་བྱས་ཏེ།རང་འགན་གཙང་སྒྲུབ་བྱེད་པའི་ཐད་མིག་དཔེའི་ནུས་པ་འདོན་སྤེལ་བཅས་བྱེད་དགོས་པ་དང་།ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བ་དང་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དབུ་བརྙེས་ནས་ལོ་75འཁོར་བར་བསུ་བ་ཞུ་དགོས།
གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལྷག་པ་དང་།གཡོད་གོ་ཧུང་།ཟླ་བ།ལིའུ་ལེང་།སུང་ལིའུ་ཀྲུའུ།ཧན་ཡུན་ཧྲོན།ལུའུ་ཝུའེ་ཧྲེང་།དྲུང་ཆེ་ཙའུ་ཡུས་མིང་བཅས་ཚོགས་འདུར་ཞུགས་པ་རེད།
གྲོང་ཁྱེར་སྲིད་གྲོས་ཀྱི་རྒྱུན་ཨུ་མིན་པའི་རྫོང(ཆུས)སྲིད་གྲོས་ཀྱི་ཀྲུའུ་ཞིའམ་ཀྲུའུ་ཞི་གཞོན་པ།གྲོང་ཁྱེར་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་དང་།གྲོང་ཁྱེར་སྲིད་གྲོས་ཀྱི་རྒྱུན་ཨུ་མིན་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གི་ཀྲུའུ་རེན་གཞོན་པ་དང་དེ་བཞིན་གཞུང་ལས་ཁང་གི་འགན་འཁུར་བ་ཚོགས་འདུར་ཟུར་ཞུགས་གནང་བ་རེད།(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社