(པར་ངོས་གཉིས་པར་མཐུད)ལྷུན་གྲུབ་རྫོང་།
ཉིན་ཤས་བསྟུད་མར་ལྷུན་གྲུབ་རྫོང་གི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བ་ཚོས་ཚོཊ་འདུའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས་སློབ་སྦྱོང་གི་གྲུབ་འབྲས་དེ་ལས་ཀའི་ཕན་འབྲས་དངོས་ལ་འགྱུར་རྒྱུར་འབད་བརྩོན་བྱས་ཡོད། ཚང་མས་དུས་བབ་གསར་པའི་འོག་གི་དྲིལ་བསྒྲཊ་དང་བསམ་བློ་རིག་གནས་ལས་དོན་གྱི་ལས་འགན་རང་རྟོགས་ངང་འཁུར་བ་དང་། བྱ་ཐབས་དོན་འཁྱོལ་བྱ་རྒྱུར་ཞིབ་འཇུག་བྱེད་པ། དྲིལ་བསྒྲཊ་དང་བསམ་བློ་རིག་གནས་ལས་དོན་ཁག་གི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ་དུས་རབས་གསར་པའི་དྲིལ་བསྒྲཊ་དང་བསམ་བློ་རིག་གནས་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་རྒྱུ་ཡིན་ཞེས་བཤད།
ལྷུན་གྲུབ་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱི་རིམ་པ་དང་པོའི་ཁོའོ་ཡོན་བདེ་ཆེན་ཆོས་སྒྲོན་གྱིས་སླད་ཕྱིན་ང་ཚོས་ཚོཊ་འདུའི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱས་ཏེ།ལྷུན་གྲུབ་རྫོང་གི་དོན་དངོས་དང་ཟུང་འབྲེལ་གྱིས་ལྷ་སའི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དང་མཉམ་འདྲེས་བྱས་ནས་དཔྱིད་དུས་སུ་སྟག་མའི་མེ་ཏོག་ལ་རོལ་བ་དང་། དབྱར་དུས་སུ་སྔོ་ལྗང་ལུང་ཤུར་དུ་རོལ་བ། སྟོན་དུས་སུ་ལོ་ལེཊ་ལ་བརྟེན་འབྲེལ་ཞུ་བ། དགུན་དུས་སུ་ཁྲུང་ཁྲུང་ལ་ལྟ་བ་བཅས་ཀྱི་གཙོ་དོན་རིག་གནས་ཡུལ་སྐོར་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་དང་།ངོ་མཚར་ཆེ་བའི་ནཊ་ཚལ་སོགས་ཡུལ་སྐོར་མཛེས་ལྗོངས་ཁུལ་གཏོད་རྒྱུ། ལྷུན་གྲུབ་ཞིང་ར་མཚོན་བྱེད་དུ་བྱས་པའི་གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཁྱོན་ཡོངས་ནས་མང་དུ་གཏོང་རྒྱུ། ནས་ཀྱི་ཕ་ཡུལ་དང་ཁྲུང་ཁྲུང་འཚོ་སྡོད་བྱ་ཡུལ་གྱི་ཡུལ་སྐོར་སྤུས་རྟགས་གཏོད་རྒྱུ།སྤུས་ལེཊ་དང་། སྣ་མང་། ཁྱད་ལྡན། ཞིབ་ཚགས་བཅས་ཀྱི་ཕུན་སུམ་ཚོཊ་པའི་རིག་གནས་ཡུལ་སྐོར་ལས་རིཊ་ཀྱི་རྣམ་པ་གསར་པ་བཏོད་ནས་ཡུལ་སྐོར་དང་། རིག་གནས། ལུས་རྩལ། ཞིབ་འཇུག ལུས་གསོ། གྲོང་གསེབ་དར་རྒྱས་སོགས་ཁྱབ་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད། ལྷུན་གྲུབ་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་གསར་འགོད་པ་གསལ་སྒྲོན་གྱིས་གྲོང་ཁྱེར་ཡོངས་ཀྱི་དྲིལ་བསྒྲཊ་དང་བསམ་བློ་རིག་གནས་ལས་དོན་ཚོཊ་འདུ་ཉན་པ་ལས་རང་ཉིད་ལ་ཕན་འབྲས་བཟང་པོ་ཐོབ་བྱུང་ལ་སྐུལ་ལྕག་ཀྱང་ཆེན་པོའང་ཐེབས་བྱུང་། གཞི་རིམ་གྱི་གསར་འགྱུར་ལས་དོན་པ་ཞིག་ཡིན་པའི་ངོས་ནས་ངས་རང་ཉིད་ཀྱི་ལས་སྒོའི་ནུས་པ་དང་ཕྱོགས་བསྡུས་བྱང་ཚད་སྔར་བས་མཐོ་རུ་གཏོང་རྒྱུ་དང་།སྤྲོ་སེམས་ཆེན་པོ་དང་ཆེད་ལས་ཀྱི་རྣམ་འགྱུར་ཐོག་ནས་དྲིལ་བསྒྲཊ་ལས་དོན་ནང་ཞུགས་ཏེ་གཞུང་འཁྱོངས་གསར་འབྱེད་དང་།རང་འགུལ་ངང་བྱས་རྗེས་འཇོག་པ།ལྷུན་གྲུབ་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་པ།ལྷ་སའི་སྟོབས་ཤུཊ་གཅིག་ཏུ་སྒྲིལ་བ། ལྷུན་གྲུབ་ཀྱི་གཟུགས་བརྙན་མངོན་པ་བཅས་བྱས་ནས་ལྷ་ས་གྲོང་ཁྱེར་གྱི་དྲིལ་བསྒྲཊ་ལས་དོན་ལ་རང་ཉིད་ཀྱི་ནུས་ཤུཊ་ཕྲན་བུ་འདོན་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད།
ལྷུན་གྲུབ་རྫོང་སློབ་འབྲིང་གི་དགེ་རྒན་ཀྲའོ་ཀོན་ཡན་གྱིས་དགེ་རྒན་ཞིག་གི་ངོས་ནས་ངས་ཚོཊ་འདུའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ་སྤུས་ཚད་མཐོན་པོའི་སྒོ་ནས་སློབ་མའི་ལས་དོན་ཡག་པོ་སྒྲུབ་པ་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ། དྲང་ཕྱོགས་ཀྱི་དྲིལ་བསྒྲཊ་དང་རིཊ་པའི་གཞུང་ལུཊ་ཀྱི་ཁྲིད་སྟོན་ལ་ཤུཊ་སྣོན་རྒྱག་པ།ཏང་གི་ཐོག་མའི་བསམ་འདུན་དང་ལས་འགན་ལ་བརྟེན་ནས་སློབ་མ་རྣམས་ཀྱི་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་བཅས་བྱས་ནས་ཀུན་སྤྱོད་དང་།ཤེས་རིག ལུས་རྩལ། མཛེས་དཔྱོད།ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོཊ་རིང་ལུཊ་ཀྱི་འཛུཊ་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱ་རྒྱུ་ཡིན་ཞེས་བཤད།
མལ་གྲོ་གུང་དཀར་རྫོང་།
ཉེ་ཆར་མལ་གྲོ་གུང་དཀར་རྫོང་ཨུད་དྲིལ་བསྒྲཊ་པུས་ལས་བྱེད་པ་དང་ལས་བཟོ་བ་སྒྲིག་འཛུཊ་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་དྲིལ་བསྒྲཊ་དང་བསམ་བློ་རིག་གནས་ལས་དོན་ཚོཊ་འདུའི་དགོངས་དོན་གཅིག་སྡུད་ཐོག་སློབ་སྦྱོང་བྱས་ཤིང་།ཚོག་འདུའི་ཐོག་ལས་བྱེད་པ་དང་ལས་བཟོ་བ་ཡོངས་ཀྱིས་ཚོཊ་འདུའི་དགོངས་དོན་སློབ་སྦྱོང་ཡག་པོ་དང་ལག་བསྟར་ཡག་པོ་བྱས་ཏེ་བསམ་བློ་དང་བྱ་སྤྱོད་ཚོཊ་འདུའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བར་བྱས་ནས་རིཊ་པའི་གཞུང་ལུཊ་ཀྱི་དྲག་ཆས་སྤྲོས་ཤུཊ་ཆེ་རུ་གཏོང་བ་དང་། བསམ་པའི་དཔལ་ཡོན་འཛུཊ་སྐྱོང་ལ་ཤུཊ་སྣོན་རྒྱག་པ། རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ། འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་བརྟན་པོ་སྲུང་བ་བཅས་བྱས་ཐོག་མལ་གྲོ་གུང་དཀར་རྫོང་གི་བསམ་བློ་རིག་གནས་ལས་དོན་གྱི་སྤུས་ཚད་མཐོར་གཏོང་དང་། ཆུ་ཚད་མཐོར་གཏོང་། རྣམ་པ་གསར་པ་གཏོད་པ་བཅས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པའི་ནན་བཤད་བྱས་པ་རེད།
མལ་གྲོ་གུང་དཀར་རྫོང་ཨུད་དྲིལ་བསྒྲཊ་པུའི་པུའུ་ཀྲང་གཞོན་པ་པ་སངས་དབང་འདུས་ཀྱིས་ང་ཚོས་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་དམིགས་པ་དང་རིག་གནས་ཀྱི་ལས་འགན་གསར་པར་དམིགས་ཏེ།རིག་གནས་ལ་བརྟེན་ནས་རྫོང་དར་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་འདུ་འགོད་ཆེན་པོ་ལྔ་ལག་ལེན་ཤུཊ་ཆེན་བསྟར་རྒྱུ་དང་།རིག་གནས་ལ་བརྟེན་ནས་རྫོང་སྟོབས་ཆེན་བསྐྲུན་མགྱོགས་སུ་བཏང་སྟེ་སྤྱི་ཚོཊ་རིང་ལུཊ་དེང་རབས་ཅན་གྱི་མལ་གྲོ་ཁྱོན་ཡོངས་ནས་བསྐྲུན་རྒྱུར་བསམ་བློའི་འགན་ལེན་དང་། བསམ་པའི་སྟོབས་ཤུཊ་ཆེན་པོ། རིག་གནས་ཀྱི་ཆ་རྐྱེན་བཟང་པོ་བཅས་མཁོ་འདོན་བྱ་རྒྱུ་ཡིན་ཞེས་བཤད།
མལ་གྲོ་གུང་དཀར་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་སྐལ་བཟང་བཀྲ་ཤིས་ཀྱིས་རྫོང་རིམ་པའི་མཉམ་འདྲེས་སྨྱན་སྦྱོར་དེ་དྲིལ་བསྒྲཊ་དང་བསམ་བློ་རིག་གནས་ལས་དོན་གྱི་འཐབ་ས་མདུན་མར་བརྩིས་ཏེ།ང་ཚོས་རང་ངོས་ཀྱི་དྲིལ་བསྒྲཊ་རིག་གནས་ཀྱི་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས་དྲིལ་བསྒྲཊ་དང་བསམ་བློ་རིག་གནས་ལས་དོན་གྱི་ལོ་རྒྱུས་ཀྱི་འགན་འཁྲི་དང་ལས་འགན་འཁུར་ནས་རིག་གནས་ཐོན་རྫས་སྤུས་དག་བཏོད་དེ་གྲོང་ཁྱེར་ཡོངས་ཀྱིས་འདུ་འགོད་ཆེན་པོ་ལྔ་ལག་ལེན་ཤུཊ་ཆེན་བསྟར་རྒྱུར་རམ་འདེགས་བྱ་རྒྱུ་ཡིན་ཞེས་བཤད།
མལ་གྲོ་གུང་དཀར་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་མའེ་ཙེ་ཡིས་ལོ་གསར་པའི་ནང་།ང་ཚོས་ཡུལ་སྐོར་ནི་རྣམ་པ་དང་རིག་གནས་ནི་བླ་སྲོག་ཡིན་པ་མཐའ་འཁྱོངས་བྱས་ནས་རྒྱ་མའི་རིག་གནས་ཡུལ་སྐོར་གྱི་གྲོང་རྡལ་ཆུང་ངུ་གཏོད་རྒྱུར་ནུས་ཤུཊ་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་དང་།མལ་གྲོའི་མང་ཚོཊ་ཀྱི་བསམ་པའི་ཉམས་འགྱུར་མཚོན་པའི་ཕུལ་བྱུང་རིག་གནས་བརྩམས་ཆོས་དེ་བས་མང་བ་བཏོན་ནས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་སྲུང་སྐྱོང་བྱེད་ཤུཊ་མུ་མཐུད་ཆེ་རུ་བཏང་སྟེ་མངོན་མིན་རིག་གནས་ཤུལ་བཞག་ཁྲོམ་ར་ཅན་གྱི་འཁོར་སྐྱོད་ལམ་སྲོལ་འཚོལ་ཞིབ་དང་རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ། མལ་གྲོ་གུང་དཀར་རྫོང་གི་ཁྱད་ཆོས་ལྡན་པའི་རིག་གནས་གསར་གཏོད་ཐོན་རྫས་ཁག་གཅིག་གཏོད་རྒྱུ། རིག་གནས་ཡུལ་སྐོར་དྲིལ་བསྒྲཊ་ཁྱབ་གདལ་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་རིག་གནས་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་མལ་གྲོ་གུང་དཀར་རྫོང་གི་ཕུལ་བྱུང་རིག་གནས་སྤྱི་དམངས་ཀྱི་མིག་ལམ་དུ་མངོན་པ་དང་།ལྷ་སའི་གཏམ་རྒྱུད་ཡག་པོ་བརྗོད་པའི་མལ་གྲོ་གུང་དཀར་རྫོང་གི་ལེའུ་གསར་པ་རྩོམ་རྒྱུ་ཡིན་ཞེས་བཤད།(ནོར་བུ་ཆོས་སྒྲོན་དང་བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社