分享按钮

མཐུན་སྒྲིལ་གྱི་སྟོབས་ཤུགས་གོང་བུར་འགྲིལ་བ་དང་།འབད་འཐབ་བྱས་ནས་རླབས་ཆེན་བྱ་གཞག་གཏོད་དགོས།

(པར་ངོས་དང་པོར་མཐུད)འོན་ཀྱང་རྐང་འོག་གི་ལམ་བུ་ནི་ཐང་བདེ་མོ་ཤ་སྟག་ཡིན་མི་སྲིད་པས། སྔོན་དཔག་ཐུབ་པ་དང་ཚོད་དཔག་བྱེད་དཀའ་བའི་ཉེན་ཁ་དང་འགྲན་སློང་དང་། དཀའ་ངལ་དང་ཉེན་ཁ་སྣ་ཚོགས་དང་ཐ་ན་རྦ་རླབས་འཇིགས་སུ་རུང་བ་སྣ་ཚོགས་ཐུག་ངེས་རེད། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཆབ་སྲིད་ཀྱི་ལེགས་ཆ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་དང་། སྐུལ་སློང་བྱེད་ཐུབ་པའི་མཐུན་རྐྱེན་མཐའ་དག་ལ་སྐུལ་སློང་། མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ། བསམ་བློ་ཕྱོགས་གཅིག་ཏུ་གཏོང་བ་དང་ཤུགས་ཕྱོགས་གཅིག་ཏུ་རྒྱག་པ་བཅས་བྱས་ན། ད་གཟོད་རྒྱལ་ཁའི་ངང་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བའི་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་ཐུབ། མདུན་སྐྱོད་ཀྱི་ལམ་བུའི་ཐོག་ང་ཚོས་ཏང་གི་དར་ཆའི་འོག་སྲ་ཞིང་བརྟན་པའི་ངར་ལྕགས་ལྟ་བུ་ཞིག་ཏུ་མཐུན་སྒྲིལ་བྱས་ཚེ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་སེམས་མཐུན་ཆེ་ཤོས་ཡོང་བ་དང་། མཐུན་སྒྲིལ་ལ་བརྟེན་ནས་སྟོབས་ཤུགས་གཅིག་ཏུ་འགྲིལ་བ་དང་། འབད་འཐབ་བྱས་ནས་རླབས་ཆེན་གྱི་བྱ་གཞག་གཏོད་པ་བཅས་བྱས་ཚེ། དཀའ་ངལ་གང་རུང་གིས་ང་ཚོའི་ངར་ལྕགས་ལྟ་བུའི་སྙིང་སྟོབས་ལ་གཡོ་འགུལ་གཏོང་མི་ཐུབ་པ་དང་། དཀའ་ངལ་གང་རུང་གིས་ང་ཚོའི་གོམ་སྟབས་བརྟན་པོར་བཀག་འགོག་མི་ཐུབ་པ། ཀྲུང་ཧྭ་མི་རིཊ་རླབས་ཆེན་བསྐྱར་དར་རྟཊ་ཅན་གྱི་གྲུ་གཟིངས་ཆེན་པོས་རླུང་བརྟེན་རླབས་གཤཊ་དང་གྲུ་གཡོར་བཏེཊ་ནས་མདུན་སྐྱོད་བྱེད་ཐུབ་ངེས་རེད།

གྲོས་མོལ་དམངས་གཙོ་ནི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་རྒྱལ་ཁབ་བཅོས་སྐྱོང་ནུས་ལྡན་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་འགན་ལེན་བྱེད་པའི་ལམ་ལུགས་ཇུས་འགོད་གལ་ཆེན་ཞིག་ཡིན་པ་དང་། མི་དམངས་སྲིད་གྲོས་ནི་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་ཐབས་ལམ་གལ་ཆེན་དང་ཆེད་དོན་གྲོས་མོལ་སྒྲིག་གཞི་ཞིག་ཡིན། བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གུང་ཁྲན་ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་། དམངས་གཙོ་དར་སྤེལ་དང་། མཐུན་སྒྲིལ་ཟབ་གཏོང་། ཕན་ཚུན་མཐུན་པ། སྲིད་དོན་ཇུས་འདོན་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བའི་ཕྱོགས་གཉིས་ལ་ཤུགས་རྒྱག་པ། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་མཐའ་འཁྱོངས་བཅས་བྱས་ཏེ་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་མི་དམངས་སྲིད་གྲོས་ཀྱི་ལས་ཀའི་བླང་བྱ་དོན་འཁྱོལ་དང་། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། མི་དམངས་སྲིད་གྲོས་ཀྱིས་དུས་རབས་གསར་པའི་ལས་འགན་སྔར་བས་ཡག་པོ་འཁུར་ཐུབ་པ་བཅས་བྱས་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ཆེད་བརྗིད་ཉམས་ལྡན་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས།

སྟོབས་ཤུགས་གཅིག་ཏུ་བསྡུས་ན་འགན་འཁྲི་ཆེན་པོ་འཁུར་ཐུབ་པ་དང་། མི་སེམས་གཅིག་ཏུ་སྒྲིལ་ན་རི་བོ་ཐའེ་ཧྲན་ཡང་སྤོ་ཐུབ། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། འདུ་ཤེས་བཞི་ཟབ་ཏུ་གཏོང་བ། གདེང་ཚོད་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་བྱ་རྒྱུར་རྒྱུན་མཐུད་དམ་འཛིན་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བརྗིད་ཆེའི་འཆར་འགོད་དེ་གོམ་པ་རེ་རེ་བཞིན་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་བར་བྱེད་དགོས། གཟི་བརྗིད་དང་ཕུགས་འདུན་གྱིས་ཁེངས་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པར་མི་དམངས་སྲིད་གྲོས་ཀྱི་ལས་འགན་གཟི་བརྗིད་ལྡན་ཞིང་འགན་འཁྲི་ལྕི་པོ་ཡོད། སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པས་རྒྱལ་ཁབ་ཀྱི་དོན་ཆེན་བློ་ལ་བརྟན་པོར་ངེས་པ་དང་། རང་འགན་གཙང་སྒྲུབ་ནན་ཏན་བྱེད་པ། དྲང་གཏམ་ཤོད་པ། ཐབས་ཇུས་བཟང་པོ་འདོན་པ། ཐབས་ཇུས་དངོས་འདོན་པ་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།

ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཞུ།(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་3ཉིན་གློག་འཕྲིན་འབྱོར་གསལ)

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-03-05 6 6 拉萨日报藏文 c176971.html 1 མཐུན་སྒྲིལ་གྱི་སྟོབས་ཤུགས་གོང་བུར་འགྲིལ་བ་དང་།འབད་འཐབ་བྱས་ནས་རླབས་ཆེན་བྱ་གཞག་གཏོད་དགོས། /enpproperty-->