分享按钮

ཀྲུང་གོའི་བར་སྣང་ས་ཚིགས་ཀྱི་སྐབས་གསུམ་པའི་སུམ་རྩེན་ཕོ་བྲང་གི་རི་མོའི་འགྲེམས་སྟོན་ནང་རང་གྲོང་གི་གཞོན་ནུ་ལོ་ཆུང་གི་རི་མོའི་བརྩམས་ཆོས་འགྲེམས་སྟོན་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་2ཚེས་23ཉིན། སྐབས་གསུམ་པའི་སུམ་རྩེན་ཕོ་བྲང་གི་རི་མོའི་འགྲེམས་སྟོན་དེ་ཀྲུང་གོའི་བར་སྣང་ས་ཚིགས་སུ་གཉེར་བ་དང་། རི་མོ་བ་ཆུང་ཆུང་ཚོས་རི་མོ་འབྲི་བའི་ཐོག་ནས་རང་ཉིད་ཀྱི་སེམས་ནང་གི་རྒྱལ་ཁབ་སྟོབས་ཆེན་གྱི་ཕུགས་འདུན་མཚོན་པར་བྱས་ཡོད།རང་གྲོང་གི་གཞོན་ནུ་ལོ་ཆུང་གི་རི་མོའི་བརྩམས་ཆོས་དེའི་ནང་ཚུད་པ་རེད།

རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་རྒྱ་ཁྱབ་ངང་ཞུགས་པ་དང་ཀྲུང་གོའི་བར་སྣང་ས་ཚིགས་ཀྱི་སྐར་ཁུང་ལ་བརྟེན་ནས་བཏོད་པའི་འཇིག་རྟེན་འཕུར་སྐྱོད་ཀྱི་ཁྱད་ལྡན་རིག་གནས་སྤུས་རྟགས་སུམ་རྩེན་ཕོ་བྲང་གི་རི་མོའི་འགྲེམས་སྟོན་དེ་ད་བར་སྐབས་གསུམ་གཉེར་བ་དང་།སྐབས་འདིའི་རི་མོའི་འགྲེམས་སྟོན་2023ལོའི་ཟླ་10པར་དངོས་སུ་གཉེར་འགོ་ཚུགས་པ་དང་།རི་མོ་53དེ་དག་ཐོ་འགོད་བརྩམས་ཆོས་ཁྲི་2ལྷག་ཙམ་ཁྲོད་ནས་འབུར་དུ་ཐོན་ཏེ་འཇིག་རྟེན་འཕུར་སྐྱོད་ཨང་བདུན་པའི་ཟོག་འདྲེན་འཕུར་གྲུ་དང་མཉམ་དུ་བར་སྣང་ས་ཚིགས་སུ་འགྲེམས་སྟོན་བྱས་པ་རེད།

རི་མོའི་འགྲེམས་སྟོན་དེ་ཕྲུ་གུའི་མིག་ལམ་དུ་ཡོད་པའི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཞེས་པ་གཙོ་དོན་དུ་བྱས་ནས་མི་འབོར་གཞི་ཁྱོན་ཧ་ཅང་ཆེ་བའི་དེང་རབས་ཅན་དང་།མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་འགྱུར་གྱི་དེང་རབས་ཅན།དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་གྱི་དེང་རབས་ཅན་སོགས་ཆེད་དོན་5ལ་དམིགས་ནས་འགྲེམས་སྟོན་བྱས་པ་རེད།ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གྲོང་ཤར་ཡན་ལག་སློབ་གྲྭའི་རི་མོ་བ་ཆུང་ཆུང་ཧྲི་ཙེ་མའོ་ཡི་བརྩམས་ཆོས《བོད་ཀྱི་ན་གཞོན་ཚོས་འབྱུང་འགྱུར(2035)ལ་བསམ་བློ་རྒྱ་ཆེན་པོ་གཏོང་བ》ཞེས་པ་དེ་བདེ་བླག་ངང་བདམས་ཐོན་བྱུང་བ་དང་།བརྩམས་ཆོས་དེའི་ནང་གཙོ་བོ་2035ལོར་མི་རྣམས་ཀྱིས་རླངས་འཁོར་ཆུང་གྲས་བསྡད་དེ་འཇིག་རྟེན་ཁྲོད་ཀྱི་སྐར་མའི་གོ་ལ་གཞན་དུ་བསྐྱོད་ཆོག་པ་དང་།བོད་ཀྱི་ན་གཞོན་ཚོས་ཀྱང་རྒྱལ་ཡོངས་ས་གནས་ཁག་གི་ཕྲུ་གུ་ཚོ་དང་འདྲ་བར་མི་སེམས་འགུལ་བའི་རོལ་དབྱངས་ཁྲོད་སྐར་ཚོགས་ལ་རྒྱང་ལྟ་བྱས་ནས་རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་བརྩོན་བྱེད་པ་མཚོན་ཡོད།བརྩམས་ཆོས་ནང་རི་མོ་བ་ཆུང་ཆུང་ཧྲི་ཙེ་མའོ་ཡི་མིག་ལམ་གྱི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བྲིས་ཡོད་པ་རེད།

སྐབས་འདིའི་རི་མོའི་འགྲེམས་སྟོན་ལ་བཀྲག་མདངས་འཚེར་ས་གཙོ་བོ་གསུམ་ཡོད་པ་སྟེ།གཅིག་ནི་གཙོ་དོན་མངོན་གསལ་དོད་པ་དང་།ཕྲུ་གུའི་མིག་ལམ་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་དམ་པོར་དམིགས་ནས་བསམ་བློའི་རང་བཞིན་དང་།སྒྱུ་རྩལ་གྱི་རང་བཞིན།གསར་གཏོད་ཀྱི་རང་བཞིན་བཅས་གཅིག་གྱུར་མཐའ་འཁྱོངས་ཀྱིས་དུས་རབས་གསར་པའི་གཞོན་ནུ་ལོ་ཆུང་གི་རྒྱལ་ཁབ་སྟོབས་ཆེན་གྱི་ཕུགས་འདུན་མཚོན་པའི་ཤོག་དྲིལ་རིང་པོ་དེ་སུམ་རྩེན་ལ་དལ་བུའི་ངང་འགྲེམས་སྟོན་བྱས་ནས་མི་རྣམས་ལ་བསམ་བློར་བག་ཆགས་ཟབ་མོ་བཞག་པ་རེད།གཉིས་ནི་ཁྱབ་རྒྱ་ཆེ་བ། བརྩམས་ཆོས་ལས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པའི་ཐུན་མོང་གི་རེ་སྒུག་མངོན་ཡོད། གསུམ་ནི་རིག་གནས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་ཡོད།དར་གོས་ཀྱིས་བཟོས་པར་མ་ཟད། དཔྱིད་གསར་དུས་ཆེན་གྱི་སྐབས་སུ་ཀྲུང་གོའི་བར་སྣང་ས་ཚིགས་སུ་འགྲེམས་སྟོན་བྱས་ནས་དེང་རབས་ཚན་རྩལ་དང་སྲོལ་རྒྱུན་རིག་གནས་མཉམ་འདྲེས་ཀྱི་རྣམ་པ་གང་ལེགས་མངོན་པར་བྱས་ཏེ་རི་མོའི་འགྲེམས་སྟོན་ལ་ཀྲུང་གོའི་ཁྱད་ཆོས་དང་རིག་གནས་ཀྱི་ཉམས་འགྱུར་ཟབ་མོ་ལྡན་པར་བྱས་ཡོད།

སླད་ཕྱིན།མུ་མཐུད་སྤྱི་ཚོགས་ལ་ཁ་ཕྱོགས་པ་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་ལ་ཁ་ཕྱོགས་པའི་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་ཁྱད་ལྡན་རིག་གནས་བྱེད་སྒོ་སྤེལ་ནས“འཇིག་རྟེན་འཕུར་སྐྱོད+”ཀྱི་གཙོ་དོན་གྱི་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་རྒྱུན་མཐུད་ངང་བཏོད་དེ་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ལ་ཕུགས་བསམ་བརྟན་པོར་འཛུགས་པ་དང་།ཀྲུང་གོའི་གདེང་ཚོད་བརྟན་དུ་གཏོང་བ།འབད་འཐབ་ཀྱི་བློ་སྟོབས་འཕེལ་བ་བཅས་བྱ་རྒྱུའི་ཁྲིད་སྟོན་བྱ་རྒྱུ་ཡིན་པ་རེད།

(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-02-26 6 6 拉萨日报藏文 c176448.html 1 ཀྲུང་གོའི་བར་སྣང་ས་ཚིགས་ཀྱི་སྐབས་གསུམ་པའི་སུམ་རྩེན་ཕོ་བྲང་གི་རི་མོའི་འགྲེམས་སྟོན་ནང་རང་གྲོང་གི་གཞོན་ནུ་ལོ་ཆུང་གི་རི་མོའི་བརྩམས་ཆོས་འགྲེམས་སྟོན་བྱས་པ། /enpproperty-->