ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྔར་བས་དར་སྤེལ་བཏང་ནས་དྲོ་སྐྱིད་དང་ཞི་མཐུན་ལྡན་པའི་དུས་ཆེན་གྱི་རྣམ་པ་གཏོད་ཆེད་དང་། ཆབས་ཅིག་གྲོང་མིར་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་འཚོ་བ་མཁོ་འདོན་བྱ་ཆེད། ཉེ་ཆར། རང་གྲོང་གིས་ང་ཚོའི་དུས་ཆེན། དང་པོའི་བཅོ་ལྔའི་དུས་ཆེན་ཞེས་པ་གཙོ་དོན་དུ་བྱས་པའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ་རེད།
ཟླ་2ཚེས་23ཉིན་གྱི་ཕྱི་དྲོར། རྗེ་འབུམ་སྒང་ཁྲོམ་གཞུང་བདེ་གསལ་སྒོ་རའི་ནང་དགའ་སྤྲོའི་འཛུམ་མདངས་འཕྱུར་ཞིང་། ལྷ་ས་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་། ལྷ་ས་གྲོང་ཁྱེར་ཤེས་དཔལ་གཞུང་དོན་ཁང་། ཁྲེང་ཀོན་ཆུས་ཤེས་དཔལ་ཨུ་ལྷན་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི་དང་པོའི་བཅོ་ལྔའི་དུས་ཆེན་ལ་མཉམ་འཛོམས་རྟེན་འབྲེལ་ཞུ། སེམས་པ་གཅིག་སྒྲིལ་གྱིས་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་ཅེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་འཁྲུག་ཆ་དོད་པོའི་སྒོ་ནས་སྤེལ་ཞིང་། རྗེ་འབུམ་སྒང་ཁྲོམ་གཞུང་ཁོངས་གཏོགས་ཀྱི་ཀུན་སྤྱོད་དཔེ་བཟང་བ་དང་གྲོང་མི་མང་ཚོགས་ཀྱི་འཐུས་མི་སོགས་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣས་གཟབ་མཆོར་ལེགས་པར་སྤྲས་ཏེ་དགའ་སྤྲོའི་ངང་མཉམ་འཛོམས་བྱས་ནས་ཐུན་མོང་ཐོག་སྲོལ་རྒྱུན་གྱི་དུས་ཆེན་དེར་རྟེན་འབྲེལ་ཞུས་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ་དུས་ཆེན་གྱི་རྣམ་པ་ཟབ་མོ་ལྡན་པས་མི་རྣམས་སྤྲོ་སྣང་གི་དཔལ་ལ་རོལ་བཞིན་མཆིས། ད་ཐེངས་ཀྱི་བྱེད་སྒོར་མི་རིགས་ཀྱི་ཁྱད་ཆོས་དང་སྤྲོ་སྣང་ལྡན་པའི་ལེ་ཚན་རབ་དང་རིམ་པ་ཇུས་འགོད་ཞིབ་ཚགས་བྱས་པ་དང་། དེའི་ནང་དང་པོའི་བཅོ་ལྔའི་དུས་ཆེན་དང་། ལྒང་བཞུའི་གབ་ཚིག (པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社