(པར་ངོས་དང་པོར་མཐུད)ཁེ་ལས་ཀྱི་སྦྲེལ་མཐུད་ལས་དོན་སོགས་སྐུལ་འདེད་གཏོང་རྒྱུར་ཕན་འབྲས་དངོས་ཐོན་པ། དངུལ་རྩར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཉེན་ཟོན་ཉེན་བརྡ་གཏོང་བའི་ལམ་སྲོལ་འཛུགས་དགོས་པ་དང་དུས་མཚུངས་སུ་ཁྲིམས་འཛིན་གྱི་སྟོབས་ཤུགས་འདོན་སྤེལ་བྱས་ཏེ་དངུལ་རྩའི་ཉེན་ཁར་སྔོན་འགོག་དང་། ཁ་གཏད་འཇལ་ནུས་ཆེ་རུ་གཏོང་དགོས་པའི་ནན་གསུངས་གནང་ཡོད།
ཚོགས་འདུའི་ཐོག་སྤྱི་ཚོགས་བརྟན་ལྷིང་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་པས། གཞི་རིམ་གྱི་འགན་འཁྲི་བརྟན་དུ་གཏོང་བ་དང་། མངོན་གསལ་དོད་པའི་འགལ་བ་ཐག་གཅོད་བྱེད་པ། ཚན་རྩལ་གྱི་འདེགས་སྐྱོར་ཏན་ཏིག་བྱེད་པ། ལས་ཀའི་བྱེད་ཐབས་གསར་གཏོད་བྱེད་པ། ལས་ཀའི་ལམ་སྲོལ་ཚོད་ལྟས་ར་སྤྲོད་བྱེད་པ་བཅས་བྱས་ཏེ། གདུབ་ཟུམ་སྣོལ་འཁོར་ཞིག་ཆགས་པ་བྱས་ནས་རང་རྟོགས་ངང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བརྟན་ལྷིང་ལས་དོན་ལ་མཛུབ་ཁྲིད་བྱེད་པ་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་དགོས་པའི་ནན་གསུངས་གནང་ཡོད།
ཚོགས་འདུའི་ཐོག་ཏང་ཡོན་ལས་བྱེད་པས་རང་ངོས་ཀྱི་དོགས་ཟོན་རང་བཞིན་ཆེ་རུ་བཏང་ནས་རང་ངོས་ཀྱི་དྲ་རྒྱའི་བྱ་སྤྱོད་ཚད་ལྡན་དུ་བཏང་སྟེ་དྲ་རྒྱའི་བར་མཐོངས་ཐུན་མོང་ཐོག་གཏོད་དགོས་པའི་བླང་བྱ་བཏོན་པ་རེད།
གྲོང་སྤྱི་གཞོན་པ་ཀྲའོ་ཧྲི་ཏུང་གིས་གཏམ་བཤད་སྤེལ་རེས་གནང་བ་རེད།
ཚོགས་འདུའི་ཐོག་ད་དུང་འབྲེལ་ཡོད་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་འབྲེལ་དོན་གནད་གཞན་དག་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།
གྲོང་སྤྱི་གཞོན་པ་ཁོང་ཧུའེ་དང་ཕན་ཝུན་ཆིང་རྣམ་གཉིས་བརྙན་ལམ་ཚོགས་འདུའི་རྣམ་པའི་ཐོག་ནས་ཚོགས་འདུར་ཞུགས་པ་རེད།
(པ་ཚེས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社