(པར་ངོས་གཉིས་པར་མཐུད)འདི་གར་ལས་ཀ་བྱས་ནས་ལོ་གསུམ་ཕྱིན་སོང་། ཁྱིམ་དང་བར་ཐག་ཉེ་བའི་ཁར་གླ་ཕོགས་ཀྱང་ཡག་པོ་འདུག མིག་སྔར་ངའི་ལས་ཀ་གཙོ་བོ་ནི་རྩིས་ཐོའི་ལས་ཀ་ཡིན། དུས་ཆེན་རིང་ངས་ལས་གནས་བརྟན་སྲུང་དང་རང་འཁྲིའི་ལས་ཀ་ཡག་པོ་སྒྲུབ་ཀྱི་ཡོད་ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ཅིང་ཏུང་ཟོག་འགྲེམས་ཀྱི་བོད་ཀྱི་མཛོད་ཉར་རྒྱ་ཁྱོན་རིམ་བཞིན་ཆེ་རུ་འགྲོ་བཞིན་ཡོད་པ་མ་ཟད། སྣེ་མང་ཅན་གྱི་མ་ལག་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་ནས་འཛད་སྤྱོད་པར་གཅིག་འཐུས་རྣམ་པའི་ཉོ་སྒྲུབ་དང་ཟོག་འགྲེམས་ཀྱི་ཉམས་ལེན་དེ་བས་ཡག་པོ་ཞིག་མཁོ་འདོན་བྱེད་ཀྱི་ཡོད། ཅིང་ཏུང་ཟོག་འགྲེམས་ལྷ་སའི་རིག་ནུས་མཛོད་ཀྱི་ལས་དོན་མི་སྣ་དབྱང་ལུང་ཁྲེང་གིས་ང་ཚོའི་མཛོད་ཁང་ནང་མིག་སྔར་དངོས་ཟོག་གང་དགོས་ཅི་རིགས་ཡོད་པ་དང་། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་དངོས་ཟོག་བཙོངས་ཚད་ཅུང་འཕར་ནས་ཉིན་རེའི་ཆ་སྙོམས་འཕར་ཚད་བརྒྱ་ཆ་20ཡན་ཟིན་ཡོད། དུས་ཆེན་གཉིས་རིང་ང་ཚོས་ཀྱང་རྒྱུན་གཏན་ལྟར་ཚོང་གཉེར་བྱས་ནས་ཚང་མའི་དངོས་ཟོག་ཉོ་སྒྲུབ་ཀྱི་དགོས་མཁོ་སྐོང་གང་ཐུབ་བྱེད་བཞིན་ཡོད་ཅེས་བཤད།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社