分享按钮

གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དབང་པོ་སྐྱོན་ཅན་ སྒྲིག་འཛུགས་བྱས་ཏེ་གེགས་མེད་འགྲོ་ལམ་ལ་ཉམས་ལེན་བྱས་པ།

(པར་ངོས་དང་པོར་མཐུད)གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་ལས་གྲོང་ཁྱེར་གྱི་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་བར་མྱོང་རོལ་ཟབ་མོ་བྱུང་ཡོད། གེགས་མེད་འགྲོ་ལམ་ལས་དམིགས་བསལ་ཚོགས་སྤྱིའི་ཐོབ་སྣང་དང་། བདེ་སྣང་། སྐྱིད་སྣང་བཅས་སྔར་བས་གོང་མཐོར་ཕྱིན་ཡོད།

དབང་པོ་སྐྱོན་ཅན་ནོར་བུས་དེ་སྔ་ལམ་བུ་དེ་བརྒྱུད་སྐབས་ལོང་བ་འགྲོ་སའི་ལམ་ཐོག་ཏུ་གློག་སྒུལ་འཁོར་རིགས་སམ་ཡང་ན་གད་སྙིགས་བླུག་སྣོད་ཀྱིས་བཀག་ནས་འགྲོ་སྐྱོད་སྟབས་བདེ་པོ་མེད། དེ་རིང་གེགས་མེད་འགྲོ་ལམ་དང་དེ་བཞིན་ལོང་བ་འགྲོ་སའི་ལམ་བུ་ཤར་བགྲོད་ཐུབ་པ་དང་ཁོར་ཡུག་འཕྲོད་བསྟེན་ཡང་ཧ་ཅང་ལེགས་སུ་ཕྱིན་འདུག་ཅེས་བཤད།

དེའི་རིང་དང་བླངས་པ་ཚོས་ད་དུང་འགྲོ་འོང་བྱེད་མཁན་གྲོང་མིར《ལྷ་ས་གྲོང་ཁྱེར་གྱི་དབང་པོ་སྐྱོན་ཅན་གྱི་འགན་ལེན་བྱ་ཐབས》སོགས་དྲིལ་བསྒྲགས་པར་རིས་དང་དེ་བཞིན་ཆར་གདུགས་དང་ལྟོ་སྣོད་སོགས་དྲིལ་བསྒྲགས་དངོས་པོ་སྤྲད་ཅིང་།དེས་གྲོང་མི་མང་ཚོགས་ཀྱིས་དབང་པོ་སྐྱོན་ཅན་གྱི་འབྲེལ་ཡོད་སྲིད་ཇུས་ལ་ཤེས་རྟོགས་བྱེད་ཚད་སྔར་བས་ཟབ་ཏུ་ཕྱིན་ནས་གྲོང་ཁྱེར་ཡོངས་སུ་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོ་ཞིག་ཆགས་ཡོད།

(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-02-18 6 6 拉萨日报藏文 c175945.html 1 གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དབང་པོ་སྐྱོན་ཅན་ སྒྲིག་འཛུགས་བྱས་ཏེ་གེགས་མེད་འགྲོ་ལམ་ལ་ཉམས་ལེན་བྱས་པ། /enpproperty-->