ལྷོ་བྱང་བརྗེ་རེས་དང་། ཤར་ནུབ་བརྗེ་རེས། འཁོར་ཞག་ཡུལ་སྐོར་དང་། ལོ་གསར་གྱི་གོམས་སྲོལ་ཡུལ་སྐོར། གངས་འཁྱགས་ཡུལ་སྐོར་སོགས་ཡུལ་སྐོར་བྱེད་སྟངས་གསར་པ་རྒྱུན་མི་ཆད་པར་ཐོན་བཞིན་ཡོད་པས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་སྐོར་ཡང་དེ་དང་འདྲ་བར་འཁྲུག་ཆ་དོད་པོ་ཡོད། སྲོལ་རྒྱུན་གྱི་ཕ་ཡུལ་དུ་ལོག་ནས་ལོ་གསར་གཏོང་བ་ཕུད། ཀྲུང་གོ་བ་དེ་བས་མང་བས་ཡུལ་སྐོར་གྱི་རྣམ་པའི་ཐོག་ནས་དཔྱིད་གསར་དུས་ཆེན་གྱི་གུང་གསེང་དགའ་གཏོང་དང་། ས་ཆ་གཞན་གྱི་མཛེས་ལྗོངས་ལ་ལྟ་བ། ཐུན་མོང་མ་ཡིན་པའི་ཞིམ་ཟས་ཀྱི་བྲོ་བ་མྱོང་བ། རིག་གནས་མི་འདྲ་བར་མྱོང་རོལ་བཅས་བྱེད་ཀྱི་ཡོད། པར་འདི་ནི་ཟླ་2ཚེས་15ཉིན། ཡུལ་སྐོར་བ་ཚོས་ཧོ་པེ་ཞིང་ཆེན་ཧྲི་ཅ་ཀྲོང་གྲོང་ཁྱེར་ཀྲེང་ཏིང་གནའ་གྲོང་གི་གྲོང་ལྷོའི་རྒྱལ་སྒོའི་མདུན་དུ་དམངས་སྲོལ་འཁྲབ་སྟོན་ལ་ལྟ་བཞིནཡོད་པ། (པ་ཚེས་སྒྱུར་ཞུས་བྱས)