分享按钮

རྒྱལ་ཁབ་ལས་ཁུངས་ལས་དོན་དོ་དམ་ཅུས་ཀྱིས་སྤྱི་པའི་སྒྲིག་གཞིའི་ཐོན་ཁུངས་བེད་སྤྱོད་ནུས་ལྡན་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་རྒྱལ་ཁབ་ལས་ཁུངས་ལས་དོན་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། 2024ལོར་རྒྱལ་ཁབ་ལས་ཁུངས་ལས་དོན་དོ་དམ་ཅུས་ཀྱིས་ཏང་སྲིད་ལས་ཁུངས་ཀྱིས་འཚོ་བ་སྐྱེལ་མཁས་པོ་བྱེད་པའི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས་སྤྱི་པའི་སྒྲིག་གཞིའི་ནུས་རྒྱུའི་ཐོན་ཁུངས་གྲོན་ཆུང་དང་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། ནུས་རྒྱུ་དང་། ཆུ། འབྲུ་རིགས། རྒྱུ་ནོར་སོགས་ཀྱི་ཐོན་ཁུངས་གྲོན་ཆུང་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ལག་བསྟར་བྱས་ནས་ཐོན་ཁུངས་བེད་སྤྱོད་ནུས་ལྡན་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། སྤྱི་པའི་སྒྲིག་གཞིས་སྣེ་ཁྲིད་དེ་གྲོན་ཆུང་བྱ་རྒྱུར་དམིགས་ཏེ། རྒྱལ་ཁབ་ལས་ཁུངས་ལས་དོན་དོ་དམ་ཅུས་ཀྱིས་ནུས་རྒྱུའི་འཛད་སྤྱོད་བསྡོམས་འབོར་དང་ཤུགས་་ཚད་གཉིས་ཀར་ཚོད་འཛིན་བྱེད་པའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ནས་གློག་དང་། སྣུམ། སོལ་རླངས་སོགས་ནུས་རྒྱུའི་གྲོན་ཆུང་ལ་དམ་འཛིན་ཡག་པོ་བྱེད་པ་དང་། སྔོན་ཐོན་གྱི་ཆུ་གྲོན་ཆུང་གི་ལག་རྩལ་དང་། སྒྲིག་ཆས། ཐོན་རྫས་བཅས་ཁྱབ་གདལ་བཏང་ནས་སྤྱི་པའི་སྒྲིག་གཞིའི་ཆུ་གྲོན་ཆུང་གི་ཡོ་བྱད་ཁྱབ་གདལ་གཏོང་བའི་བྱ་སྤྱོད་སྤེལ་ནས་ཆུའི་ཐོན་ཁུངས་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་ཏན་ཏིག་གཏོང་བ། ཟས་རིགས་འཕྲོ་བརླག་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་དམ་འཛིན་ཏན་ཏིག་བྱས་ནས་ལས་ཁུངས་ཀྱི་ཟ་ཁང་གིས་ཟས་རིགས་འཕྲོ་བརླག་ལ་ངོ་རྒོལ་བྱེད་པའི་ལས་དོན་གྱི་ཕན་འབྲས་དཔྱད་དཔོག་དང་བརྡ་ཁྱབ་ལམ་ལུགས་སོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། རྒྱལ་ཡོངས་ཀྱི་ཁག་གཉིས་པའི་སྤྱི་པའི་སྒྲིག་གཞིའི་འཚོ་བའི་གད་སྙིགས་རིགས་དབྱེའི་དཔེ་སྟོན་ས་ཚིགས་འདེམས་པའི་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ། སྤྱི་པའི་སྒྲིག་གཞིའི་འཚོ་བའི་གད་སྙིགས་རིགས་དབྱེའི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་ནས་སྤྱི་པའི་སྒྲིག་གཞིའི་ཟོག་རོ་བསྐྱར་དུ་བེད་སྤྱོད་བྱེད་པའི་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་རེད།

གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། 2024ལོར་རྒྱལ་ཁབ་ལས་ཁུངས་ལས་དོན་དོ་དམ་ཅུས་ཀྱིས་ད་དུང་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་2025ལོ་ནས་2030ལོའི་བར་གྱི་ནུས་རྒྱུ་གྲོན་ཆུང་སྒྱུར་བཀོད་འཆར་འགོད་ཀྱི་སྒྲིག་ཁོངས་ལས་དོན་སྤེལ་ནས་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་རྣམ་གྲངས་ལས་དོན་གྱི་བརྒྱུད་རིམ་རང་བཞིན་དང་། རྒྱང་ལྟའི་རང་བཞིན། དམིགས་སའི་རང་བཞིན་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་དང་། རྒྱལ་ཡོངས་ཀྱི་སྤྱི་པའི་སྒྲིག་གཞིས་ནུས་རྒྱུ་དང་ཐོན་ཁུངས་གྲོན་ཆུང་གི་ཕྱོགས་བསྡུས་ཆ་འཕྲིན་སྟེགས་བུ་བཀོད་སྒྲིག་དང་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་བཏང་ནས་ནུས་རྒྱུའི་ཐོན་ཁུངས་འཛད་སྤྱོད་ཀྱི་གྲངས་གཞི་བསྡོམས་རྩིས་ཀྱི་སྤུས་ཚད་དང་ལས་ཕྱོད་ཆེ་རུ་གཏོང་རྒྱུ། སྤྱི་པའི་སྒྲིག་གཞིའི་ནུས་ཁུངས་སྤྱོད་པའི་གྲུབ་ཚུལ་ལེགས་སུ་གཏོང་བ་དང་། རྡོ་སོལ་སོགས་འགྱུར་རྡོའི་འབར་རྫས་འཛད་སྤྱོད་ཉུང་དུ་གཏོང་བ། ནུས་ཁུངས་གསར་པ་དང་ལག་རྩལ་གསར་པ་ཁྱབ་གདལ་དུ་གཏོང་རྒྱུ། ཉེར་སྤྱོད་ཚོང་ར་ཅན་གྱི་ལམ་སྲོལ་ལ་བསྔགས་སྐུལ་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་ནང་འདྲེན་ཧུར་ཐག་བྱས་ཏེ།ནུས་ཁུངས་འགྲོ་གྲོན་ཚབ་གཉེར་སོགས་གན་རྒྱ་སྔར་ལས་མང་བའི་ནུས་ཁུངས་དོ་དམ་རྣམ་གྲངས་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་རེད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-02-17 6 6 拉萨日报藏文 c175928.html 1 རྒྱལ་ཁབ་ལས་ཁུངས་ལས་དོན་དོ་དམ་ཅུས་ཀྱིས་སྤྱི་པའི་སྒྲིག་གཞིའི་ཐོན་ཁུངས་བེད་སྤྱོད་ནུས་ལྡན་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ། /enpproperty-->