ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེར་ཡོད་པའི་སྐབས་སུ་ལོ་གསར་མེ་ཏོག་ནི་ལོ་གསར་སྐབས་མེད་དུ་མི་རུང་བའི་ལོ་གསར་གྱི་མཁོ་ཆས་ཤིག་རེད། ལྷ་སའི་ལོ་གསར་གྱི་མཁོ་ཆས་ཁྲོམ་རའི་ཐོག་གི་བོད་ཀྱི་ལོ་གསར་མེ་ཏོག་མང་ཆེ་བ་ནི་སྟོད་ལུང་བདེ་ཆེན་ཆུས་བཟང་མོ་སྡེ་ཁུལ་གྱི་ཡུལ་མིའི་བྱང་ཆུབ་པའི་སྲོལ་རྒྱུན་ལག་རྩལ་ལས་ཐོན་པའི་ལོ་གསར་གྱི་མཁོ་ཆས་ཤིག་ཡིན། ཉེ་ཆར་གསར་འགོད་པ་སྡེ་ཁུལ་དེར་ཕྱིན་ནས་བོད་ཀྱི་ལོ་གསར་མེ་ཏོག་བཟོ་བའི་བརྒྱུད་རིམ་ལ་བཅར་འདྲི་བྱས་པ་ཡིན།
བཟང་མོ་སྡེ་ཁུལ་ནི་བོད་ཀྱི་ལོ་གསར་མེ་ཏོག་ཐོན་མང་བའི་རྐྱེན་གྱིས་སྐད་གྲགས་ཆོད་ཡོད་ཅིང་། སྡེ་ཁུལ་དེའི་བོད་ཀྱི་ལོ་གསར་མེ་ཏོག་བཟོ་ས་གཙོ་བོ་ནི་ཚོགས་ཆུང་ལྔ་པར་ཡིན་པ་རེད།གསར་འགོད་པས་ཚོགས་ཆུང་དེའི་ནང་ནས་མཐོང་བར། ཁྱིམ་ཚང་ཚང་མའི་སྒོ་འགྲམ་དུ་ཡུལ་མི་ཚོ་མཉམ་དུ་བསྡད་ནས་ལོ་གསར་མེ་ཏོག་བཟོ་བཞིན་འདུག ལོ་ལྟར་གྱི་བོད་ཟླ་བཅུ་གཅིག་པར་ཡུལ་མི་རྣམས་ཀྱིས་ཚོས་དང་སྐུད་པ་ཉོས་ནས་སྔ་ས་ནས་སྐམ་ཟིན་པའི་སྙེ་མ་དང་གྲོ་ལ་ཚོས་རྒྱག་འགོ་ཚུགས་ཀྱི་ཡོད། ལོ་གསར་མེ་ཏོག་ཆག་པ་རེར་རྐང་ལྔ་རེ་ཡོད་ཅིང་དམར་པོ་རྐང་གཉིས་དང་།སེར་པོ་དང་སྔོན་པོ། ལྗང་ཁུ་བཅས་རྐང་རེ་ཡོད་པ་རྣམས་སྐུད་པ་དམར་པོས་བསྡམ་ནས་འཚོང་གི་ཡོད། སྟོད་ལུང་བདེ་ཆེན་ཆུས་བཟང་མོ་སྡེ་ཁུལ་གྱི་ཚོགས་ཆུང་ལྔ་པའི་ཡུལ་མི་ཕུར་བུ་སྒྲོལ་དཀར་གྱིས་ད་ཆ་སྡེ་ཁུལ་གྱིས་ང་ཚོར་ལོ་གསར་གྱི་མེ་ཏོག་འཚོང་སའི་ལམ་བུ་བཏོད་ནས་ཕྱིར་ཚོང་བྱེད་ཚད་ཟམ་མི་ཆད་པར་མང་དུ་བཏང་བས་ང་ཚོའི་ཡོང་འབབ་ཀྱང་མང་དུ་ཕྱིན་པ་དང་འཚོ་བ་ཉིན་རེ་ལས་མ་འདས་པར་ལེགས་སུ་ཕྱིན་ཡོད་པས་ཧ་ཅང་དགའ་པོ་བྱུང་ཞེས་བཤད་བྱུང་།
བཟང་མོ་སྡེ་ཁུལ་གྱི་ཚོགས་ཆུང་ལྔ་པའི་དགུང་ལོ་60ལ་ཟིན་པའི་དབྱངས་ཅན་གྱིས་ནང་མི་དང་མཉམ་དུ་ལོ་གསར་མེ་ཏོག་བཟོ་བཞིན་དུ་སྤྲོ་སེམས་འཁོལ་བའི་ངང་གསར་འགོད་པ་དང་སྐད་ཆ་ཤོད་བཞིན་འདུག ཁོ་མོས་བཟང་མོ་སྡེ་ཁུལ་དུ་ལོ་གསར་མེ་ཏོག་བཟོ་བ་ནི་མི་རབས་ནས་མི་རབས་བར་ཁྱབ་པའི་སྲོལ་རྒྱུན་ཞིག་རེད། ཚོས་རྒྱག་པའི་སྐབས་སུ་ལོ་གསར་མེ་ཏོག་བཟོ་ཆེད་ཀྱི་རྒྱུ་ཆ་དེ་དག་འཁོལ་བཞིན་པའི་ཚོས་སླང་ནང་ཡང་ནས་བསྐྱར་དུ་སྦངས་ནས་ཚོས་ཡག་པོ་ཟུག་རྗེས་ཕྱིར་འདོན་གྱི་ཡོད་པས་བོད་ཀྱི་ལོ་མེ་ཏོག་རྣམས་ཚོན་མདངས་རྣམ་པར་བཀྲ་བར་གྱུར་ནས་དམར་པོ་དང་། སྔོན་པོ། ལྗང་ཁུ། སེར་པོ་བཅས་མཛེས་སྡུག་ལྡན་པའི་མེ་ཏོག་ཅིག་ཏུ་འགྱུར་གྱི་ཡོད་ཅེས་བཤད།
དབྱངས་ཅན་གྱིས་ངོ་སྤྲོད་བྱས་པར་གཞིཊ་ན། མིག་སྔར་ང་དང་ཡུལ་མི་གཞན་དག་དང་མཉམ་དུ་ནས་དང་གྲོ་བཅས་མུའུ་ལྔ་བཏབ་པ་ཡིན། ཁོང་ལ་ལོ་ལྟར་བོད་ཀྱི་ལོ་གསར་མེ་ཏོག་བཟོས་པའི་ཡོང་འབབ་སྒོར་ཁྲི་དྲུག་བདུན་ཙམ་ཡོང་གི་ཡོད། འདི་ལོ་ཁོང་ཚོས་ཀུང་སི་དང་མཉམ་ལས་བྱས་ནས་བོད་ཀྱི་ལོ་གསར་མེ་ཏོག་ཕྱིར་འཚོང་བྱེད་ཀྱི་ཡོད་པས་མངགས་ཐོ་མང་དུ་ཕྱིན་ནས་ཡོང་འབབ་མང་དུ་འགྲོ་ངེས་རེད། དབྱངས་ཅན་གྱིས་ཀྱང་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རྒྱུར་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་ཁྲོམ་གཞུང་གི་སྐབས་གཉིས་པའི་བོད་ཀྱི་ལོ་གསར་མེ་ཏོག་གི་རིག་གནས་སྒྱུ་རྩལ་བྱེད་སྒོའི་ཐོག་ཁོང་གིས་ས་གནས་ས་ཐོག་ཏུ་ལོ་གསར་མེ་ཏོག་བཟོ་བའི་བརྒྱུད་རིམ་འགྲེམས་སྟོན་བྱས་ནས་མི་དེ་བས་མང་བས་བོད་ཀྱི་ལོ་གསར་མེ་ཏོག་ལ་ཚོས་རྒྱག་པའི་ལག་རྩལ་ཏེ་མངོན་མིན་རིག་གནས་ཤུལ་བཞག་ལ་ཤེས་རྟོཊ་དང་ངོས་འཛིན་ཐུབ་པར་བྱས་ཡོད། དབྱངས་ཅན་གྱིས་སྔོན་མ་བོད་ཀྱི་ལོ་གསར་མེ་ཏོག་འདེབས་ཁྱོན་ཆུང་ལ་ཚོས་གཞི་ཡང་དམར་པོ་ཁོ་ན་ལས་མེད། འཚོ་བའི་ཆུ་ཚད་དང་དེ་བཞིན་བཟོ་རྩལ་ལེཊ་སུ་ཕྱིན་པ་དང་ཆབས་ཅིག་ང་ཚོས་མཛེས་ཆོས་ཡག་པོ་ཡོང་ཆེད་ཚོས་གཞི་གཞན་དག་མང་དུ་བཏང་ཡོད། མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་པའི་སྲོལ་རྒྱུན་ལག་རྩལ་རྒྱུན་ཆད་མེད་པར་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུའི་ཡིད་ཆེས་ཡོད་ཅེས་བཤད།
བཟང་མོ་སྡེ་ཁུལ་གྱི་ཐུན་མོང་མ་ཡིན་པའི་ས་གཤིས་ཀྱིས་རྐྱེན་པས་དུས་ཡུན་རིང་པོའི་འདེབས་འཛུགས་དང་མེ་ཏོག་བཟོ་བའི་བརྒྱུད་རིམ་ནང་བཟང་མོ་སྡེ་ཁུལ་གྱི་མི་རབས་རྗེས་མས་བོད་ཀྱི་ལོ་གསར་མེ་ཏོག་བཟོ་བའི་ལག་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་བཏང་ཞིང་།མིག་སྔར་བཟང་མོ་སྡེ་ཁུལ་གྱི་ཚོགས་ཆུང་ལྔ་པར་དུད་ཚང་153གྱི་མི་574ཡིས་བོད་ཀྱི་ལོ་གསར་གྱི་མེ་ཏོག་བཟོ་བའི་ཐོན་ལས་གཉེར་བ་དང་། 2016ལོ་དང་2018ལོར་བོད་ཀྱི་ལོ་གསར་མེ་ཏོག་གི་ཚོས་རྒྱག་ལག་རྩལ་དེ་རྫོང་རིམ་པ་དང་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་པ་དང་ཆབས་ཅིག་སྟོད་ལུང་བདེ་ཆེན་ཆུས་ཀྱིས་འབྲེལ་ཡོད་རྣམ་གྲངས་ཀྱི་མ་དངུལ་སྒོར་ཁྲི་80བརྩོན་ལེན་བྱས་ནས་ལོ་གསར་མེ་ཏོག་གི་སྲོལ་རྒྱུན་ལག་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་ཆེད་འགན་ལེན་ནུས་ལྡན་བྱས་ཡོད།
སྟོད་ལུང་བདེ་ཆེན་ཆུས་བཟང་མོ་སྡེ་ཁུལ་གྱི་ཚོགས་ཆུང་ལྔ་པའི་ཙུའུ་ཀྲང་བློ་བཟང་ཐུབ་བསྟན་གྱིས་ལོ་གསར་མེ་ཏོག་ནི་ང་ཚོའི་གལ་འགངས་ཤིན་ཏུ་ཆེ་བའི་ཐོན་ལས་ཤིག་རེད། དེ་སྔ་དུད་ཚང་རེའི་འདེབས་ཁྱོན་མུའུ་གཉིས་གསུམ་ཡིན་པ་དང་།ད་ཆ་ཐོན་ལས་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་ནས་ལོ་ལྟར་དུད་ཚང་རེའི་འདེབས་ཁྱོན་མུའུ་བཞི་ལྔ་ཙམ་ཟིན་པ་དང་།དེ་སྔ་ལོའི་ཡོང་འབབ་སྒོར་ཁྲི་2ནས་3བར་ཟིན་གྱི་ཡོད།ད་ཆ་དུད་ཚང་རེའི་ཆ་སྙོམས་ལོའི་ཡོང་འབབ་སྒོར་6ནས་7བར་ཟིན་གྱི་ཡོད། རྗེས་མར་ང་ཚོས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་དང་རང་ངོས་ཀྱི་ལེགས་ཆ་མུ་མཐུད་སྤྱད་དེ་བོད་ཀྱི་ལོ་གསར་མེ་ཏོག་གི་ཐོན་ལས་དང་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིཊ་ཀྱི་རིན་ཐང་སྔར་བས་མཐོ་རུ་གཏོང་རྒྱུ་མ་ཟད་བོད་ཀྱི་ལོ་གསར་མེ་ཏོག་གི་སྤུས་རྟཊ་ཀྱི་སྐད་གྲཊ་ཆོད་ཚད་ཀྱང་མུ་མཐུད་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བཤད། (སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社