分享按钮

ཞི་ཅིན་ཕིང་གིས་ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་ཆེ་མོ་བ་གསར་པས་ཕུལ་བའི་རྒྱལ་ཡིག་བཞེས་པ།

ཟླ་1ཚེས་30ཉིན་གྱི་ཕྱི་དྲོར།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཆེ་མོ་བ་42ཀྱིས་ཕུལ་བའི་རྒྱལ་ཡིག་བཞེས་ཤིང་། པར་འདི་ནི་རྒྱལ་ཡིག་འབུལ་བའི་མཛད་སྒོ་མཇུག་འགྲིལ་རྗེས་ཞི་ཅིན་ཕིང་གིས་པེ་ཅིང་ཚོམས་ཆེན་དུ་གཞུང་ཚབ་ཆེ་མོ་བ་རྣམས་ལ་གསུང་བཤད་གནང་བཞིན་པའི་གནས་ཚུལ་ཡིན་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་30ཉིན་གློག་འཕྲིན་འབྱོར་གསལ།ཟླ་1ཚེས་30ཉིན་གྱི་ཕྱི་དྲོར།རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཆེ་མོ་བ་42ཀྱིས་ཕུལ་བའི་རྒྱལ་ཡིག་བཞེས་པ་རེད།

མི་དམངས་ཚོགས་ཁང་ཆེན་མོའི་བྱང་སྒོའི་ཕྱི་རོལ་དུ་གུས་དམག་གཡས་གཡོན་གཉིས་སུ་ལངས་ནས་མགྲོན་བསུའི་དུང་བརྡ་བཏང་བ་དང་།གཞུང་ཚབ་པ་རྣམས་གཅིག་རྗེས་གཉིས་མཐུད་དུ་ཕེབས་འབྱོར་བྱུང་ཞིང་།དར་སྒྲེང་བརྒྱུད་ནས་རིམ་བཞིན་སྐས་རིམ་འཛེགས་ཏེ་བསྐྱོད།

ལྡེབས་རིས་ཆེན་པོ《རྒྱལ་སྲིད་ནི་ཇི་འདྲའི་ཉམས་དང་ལྡན》ཞེས་པའི་མདུན་དུ་ཞི་ཅིན་ཕིང་གིས་གཞུང་ཚབ་པ་ཚོས་ཕུལ་བའི་རྒྱལ་ཡིག་སོ་སོར་དང་ལེན་ཞུས་པ་དང་འབྲེལ་ཁོང་རྣམ་པ་དང་ལྷན་དུ་རེ་རེ་བཞིན་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།

ཁོང་རྣམ་པ་ནི་ཀྲུང་གོར་བཅའ་སྡོད་སིང་ཀ་ཕོར་གྱི་གཞུང་ཚབ་ཆེ་མོ་བ་ཁྲེན་ཧའེ་ཆོན་དང་།ཀྲུང་གོར་བཅའ་སྡོད་དབྱི་ཐ་ལིའི་གཞུང་ཚབ་ཆེ་མོ་བ་ཨན་པོ་སི།ཀྲུང་གོར་བཅའ་སྡོད་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེ་མོ་བ་ཧ་མ་ཏི།ཀྲུང་གོར་བཅའ་སྡོད་ཉི་ཁ་ཀྭ་ཡི་གཞུང་ཚབ་ཆེ་མོ་བ་ཁན་པེར།ཀྲུང་གོར་བཅའ་སྡོད་ཡུག་རེན་གྱི་གཞུང་ཚབ་ཆེ་མོ་བ་ལི་ཡ་པི་ཅིན།ཀྲུང་གོར་བཅའ་སྡོད་དབྱི་རན་གྱི་གཞུང་ཚབ་ཆེ་མོ་བ་པ་ཧོ་ཏི་ཡར།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-02-01 6 6 拉萨日报藏文 c174929.html 1 ཞི་ཅིན་ཕིང་གིས་ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་ཆེ་མོ་བ་གསར་པས་ཕུལ་བའི་རྒྱལ་ཡིག་བཞེས་པ། /enpproperty-->