ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཚེས་29ཉིན།ཀྲུང་དབྱང་དམག་ཨུད་ཀྱིས་པེ་ཅིང་དུ་བཅའ་སྡོད་དཔུང་སྡེའི་ལས་བྱེད་པ་རྒན་གྲས་ལ་འཚམས་འདྲི་དང་དཔྱིད་གསར་བསུ་བའི་རིག་རྩལ་འཁྲབ་སྟོན་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་འཁྲབ་སྟོན་ལ་གཟིགས་པ་དང་འདིར་བཞུགས་དམག་དཔུང་གི་བློ་མཐུན་རྒན་གྲས་དང་དམག་ཡོངས་ཀྱི་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་རྒན་གྲས་ལ་དུས་ཆེན་གྱི་འཚམས་འདྲི་དང་དཔྱིད་གསར་གྱི་སྨོན་འདུན་ཞུས་པ་རེད།
སྐད་གསང་མཐོན་པོས་དམག་གླུ་ལེན་བཞིན་དཔྱིད་གསར་དུས་ཆེན་སྤྲོ་བས་བསུ། དམག་དཔུང་སྟོབས་ཆེར་གཏོང་བའི་རྒྱང་ལམ་གསར་པར་འབད་པས་སྐྱོད། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་དཔྱིད་གསར་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་སུ་ཀྲུང་གོ་གསར་པ་འཛུགས་པ་དང་། སྲུང་སྐྱོབ་བཅས་བྱ་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་མཁན་པེ་ཅིང་དུ་བཅའ་སྡོད་དཔུང་སྡེའི་ལས་བྱེད་པ་རྒན་གྲས་རྣམས་ཀྲུང་གོ་ཟློས་གར་ཁང་དུ་མཉམ་འཛོམས་བྱས་ནས་དཔྱིད་གསར་དུས་ཆེན་ལ་བསུ་བ་ཞུས་པ་རེད།
ཕྱི་དྲོའི་ཆུ་ཚོད་4པ་ཡོལ་ཙམ་ལ་ཞི་ཅིན་ཕིང་བློ་མཐུན་རྒན་གྲས་ཀྱི་ཁྲོད་དུ་ཕེབས་སྐབས་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་པ་རེད། ཞི་ཅིན་ཕིང་གིས་ཁོང་ཚོའི་གཟུགས་གཞི་དང་འཚོ་བའི་གནས་ཚུལ་ལ་ཐུགས་ཁུར་དང་བཀའ་འདྲི་གནང་བར་མ་ཟད།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社