分享按钮

(པར་ངོས་དང་པོར་མཐུད)མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ལྷ་སར་གསོན་ཉམས་དོད་པའི་ལག་ལེན།མི་དམངས་འཐུས་ཚོགས་ལས་ཁུངས་རང་ངོས་འཛུགས་སྐྱོང་སོགས་ལ་གཟིགས་སྐོར་དང་མཁྱེན་རྟོགས་གནང་བ་དང་།སྔོན་རྩིས་དྲ་སྦྲེལ་ལྟ་ཞིབ་ཚད་ལེན་མ་ལག་གི་དོ་དམ་འཁོར་སྐྱོད་གནས་ཚུལ་ཐད་བཀའ་འདྲི་ཞིབ་ཕྲ་གནང་བ།མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་བྱེད་པ་དང་ལས་བཟོ་བར་འཚམས་འདྲི་གནང་ནས་ཚང་མ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བ་རེད།མི་དམངས་འཐུས་ཚོགས་ཀྱི་ལས་ཁུངས་བཞིའི་ངེས་གནས་ལ་དམིགས་པ་དང་།རྒྱལ་ཁབ་ཀྱི་དབང་ཆ་ཡང་དག་སྤྱོད་པ།མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱ་རྒྱུར་འགན་ལེན་གང་ལེགས་བྱེད་པ།མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ལྷ་སའི་ས་གཞི་ཆེན་མོར་དེ་བས་སྐྱེ་སྟོབས་ཀྱི་གསོན་ཤུགས་མངོན་དགོས་ཞེས་བསྟན་ཡོད།

དེ་རྗེས་འཚོགས་པའི་བཞུགས་མོལ་ཚོགས་འདུའི་ཐོག་ཤའོ་ཡིའུ་ཚའེ་ཡིས་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་ཀའི་གནས་ཚུལ་སྙན་ཞུ་ནན་ཏན་ངང་གསན་པ་དང་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་མ་ཟད།གྲོང་ཨུད་ཀྱི་ཚབ་ཞུས་ནས་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་དང་དེ་བཞིན་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་མི་དམངས་འཐུས་ཚོགས་ཁོངས་གཏོགས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བར་ཐུགས་རྗེ་ཆེ་ཡང་ཞུས་པ་རེད།

ཤའོ་ཡིའུ་ཚའེ་ཡིས་ནན་གསུངས་གནང་དོན།གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ལས་དོན་གྱི་ལས་འགན་གསར་པ་དང་བླང་བྱ་གསར་པ་སྟངས་འཛིན་ཡང་དག་བྱས་ནས་མིག་སྔའི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པར་ངོས་འཛིན་ཡང་དག་བྱས་ཏེ་ཆབ་སྲིད་ལ་སྣང་ཆེན་དང་།བརྟག་ཞིབ་གཏིང་ཟབ།ལྟ་སྐུལ་ངོ་མ།འཇོན་ཐང་ཆེར་གཏོང་བཅས་ཀྱི་བླང་བྱ་ལྟར་ཚུགས་གནས་མཐོ་རུ་གཏོང་བ་དང་མུ་མཐུད་འབད་བརྩོན་བྱས་ཏེ་མི་དམངས་འཐུས་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་བཏོད་ནས་ལྷ་སའི་ཆེད་དུ་གདོང་དམག་བདུན་ཡག་པོ་བྱེད་པར་འབད་བརྩོན་བྱས་ཏེ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།

དེ་ཡང་ངེས་པར་དུ་ཏང་གིས་ལྟ་སྐུལ་བྱེད་པའི་ཁྱོན་ཡོངས་ཀྱི་འདུ་ཤེས་འཛིན་དགོས་པ་སྟེ།མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་བྱེད་དབང་ནི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་དབང་གལ་ཆེན་ཞིག་ཡིན།ལྟ་སྐུལ་ཡང་དག་དང་།ལྟ་སྐུལ་ནུས་ལྡན།ཁྲིམས་ལྟར་ལྟ་སྐུལ་བཅས་བྱེད་པ་དང་།མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་ནུས་ལྡན་དང་ཕན་འབྲས་ཐོན་པ།དངོས་གནས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་སྟེ།མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་བརྒྱུད་རིམ་དེ་གནད་དོན་ཤེས་རྟོགས་དང་།དག་ཐེར་ཡོ་བསྲང་རིམ་སྤར།འཕེལ་རྒྱས་ལ་སྐུལ་འདེད་བཅས་བྱེད་པའི་བརྒྱུད་རིམ་དུ་འགྱུར་བར་བྱེད་དགོས།རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྤྱོད་ཚུལ་ལེགས་བཅོས་དང་དོན་འཁྱོལ་དམ་འཛིན་ཤུགས་ཆེན་དང་།ལྟ་སྐུལ་བྱེད་སྟངས་ལེགས་བཅོས།ལྟ་སྐུལ་གྱི་གོ་རིམ་ཚད་ལྡན་དུ་གཏོང་བ།ལྟ་སྐུལ་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ཏེ་རང་འགན་གཙང་སྒྲུབ་ཀྱི་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ལ་བློ་དཀར་སེམས་དཀར་བྱེད་པ་མཚོན་པར་བྱེད་དགོས་པ་དང་།ངེས་པར་དུ་དམངས་ལ་འཆང་བའི་བརྩེ་སེམས་ལྡན་དགོས་པ་སྟེ།མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་།གྲོང་གསེབ་ཀྱི་ཉེན་ཁ་ཆེ་བའི་ཁང་པ་སྒྱུར་བཀོད་དང་།མཐར་ལུས་ཀྱི་དབུལ་པོར་འགྱུར་སླ་བའི་དུད་ཚང་ལ་ལྟ་ཞིབ་ཚད་ལེན།མི་ཕྱུགས་ལོགས་དབྱེ་སོགས་དམངས་འཚོའི་དོན་དངོས་ལ་དམ་པོར་དམིགས་ཏེ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་།མང་ཚོགས་ཀྱི་བསམ་བློ་དང་།འདོད་བློ།རེ་སྒུག་བཅས་བྱེད་དོན་ཤེས་རྟོགས་བྱས་ནས་སྤུས་ཚད་མཐོ་བའི་བརྟག་དཔྱད་སྙན་ཞུ་བཟོས་ཏེ་གྲོང་ཁྱེར་ཨུ་ལྷན་དང་གྲོང་ཁྱེར་སྲིད་གཞུང་གིས་ཚན་རིག་དང་མཐུན་པར་ཇུས་ཐག་གཅོད་པར་དཔྱད་གཞི་འདོན་སྤྲོད་བྱེད་དགོས།མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་གཞི་སྒྲུབ་པའི་ལས་དོན་ཏན་ཏིག་ངང་བསྒྲུབ་པ་དང་།གྲོས་གཞི་སྒྲུབ་པའི་དུས་ནུས་ཆེ་རུ་གཏོང་བ།གྲོས་གཞི་སྒྲུབ་པའི་སྤུས་ཚད་ལ་དོ་སྣང་བཅས་བྱས་ཏེ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དེ་སྔར་ལས་ལེགས་པར་མང་ཚོགས་དང་འབྲེལ་གཏུག་དང་།མི་དམངས་ཀྱི་གནས་ཚུལ་བརྟག་དཔྱད།མི་དམངས་ཀྱི་བློ་གྲོས་གཅིག་སྒྲིལ་བཅས་བྱེད་དགོས།

ལས་ཕྱོད་ཆེ་ཞིང་རང་གཅུན་ཐུབ་པའི་སྤྱོད་གཙང་གི་འདུ་ཤེས་ལྡན་དགོས་པ་སྟེ།རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་།སྲིད་བརྩོན་དོན་གཉེར་དར་སྤེལ་གཏོང་བ།ལས་སྒོའི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ནས་ལས་དོན་ཁག་ཕན་འབྲས་ཆེན་པོས་འཁོར་སྐྱོད་ཐུབ་རྒྱུར་འགན་ལེན་བྱེད་དགོས།རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་།ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སེམས་འཕེལ་བར་བྱེད་པ།སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་གཏོད་པ་བཅས་བྱེད་དགོས།རིམ་པ་ཁག་གི་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དཔུང་ཁག་བཀོད་སྒྲིག་ཆ་ཚང་དང་སྟོབས་ཆེར་གཏོང་བ་དང་།མི་དམངས་འཐུས་ཚོགས་ཀྱི་ལས་ཁུངས་ཀྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-01-20 6 6 拉萨日报藏文 c174272.html 1 /enpproperty-->