分享按钮

(པར་ངོས་དང་པོར་མཐུད)སྒྲིག་ལམ་ནན་སྲུང་བྱེད་པའི་ཐད་ནས་མཚོན་པར་བྱས་ཏེ་གཞུང་དྲང་གི་འདུ་ཤེས་འཛུགས་པ་དང་། ཡང་དག་པའི་འགྲོ་ལམ་ཐོག་སྐྱོད་པ། བྱ་བ་དངོས་སྒྲུབ་པ་བཅས་བྱས་ནས་ཆབ་སྲིད་ཐད་ཀྱི་བསམ་ཤེས་ཅན་ཞིག་བྱེད་དགོས།

དངོས་གཉེར་གསར་གཏོད་བྱེད་དགོས་པ། བདེན་འཚོལ་དང་། དངོས་གཉེར། ཏན་ཏིག་བཅས་ཀྱི་སྤྱོད་ཚུལ་དར་སྤེལ་གཏོང་དགོས་པ་ལས། སྤམ་རྫུ་སྟོན་མི་རུང་བ་དང་། ཁ་མཁས་འདྲ་ཆགས་མི་བྱེད་པ། བྱས་རྗེས་ངོ་མ་འཇོག་པ་དང་། འཇོན་ཐང་ངོ་མ་སྟོན་པ། འགན་འཁྲི་ངོ་མ་ཁུར་བ་བཅས་ཀྱི་སྒོ་ནས་ལས་དོན་ལེགས་པོ་སྒྲུབ་པ་དང་། བྱེད་སྒོ་རེ་རེ་བཞིན་ཡག་པོ་གཉེར་བ། ཞབས་ཞུ་རེ་རེ་བཞིན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་ལས་ཀའི་ཆུ་ཚད་བཟང་པོར་བརྟེན་ནས་ལས་ཀའི་གྲུབ་འབྲས་རྩེ་གྲ་འཐོབ་པར་བྱེད་དགོས། ཀྲི་པུའུ་ཚད་ལྡན་ཅན་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པ་དང་ཆབས་ཅིག་བསམ་ཕྱོགས་དང་། ཐབས་ཤེས། གཞི་རྟེན་བཅས་སྔར་བས་གསར་གཏོད་བྱས་ཏེ་རྣམ་པ་སྣ་ཚོགས་དང་། ནང་དོན་ཕུན་སུམ་ཚོགས་པ། བྱེད་སྟངས་གསར་པ། ཡིད་དབང་འཕྲོག་ཤུགས་དང་འབོད་སྐུལ་གྱི་ནུས་པ་ལྡན་པ་བཅས་ཀྱི་གཙོ་དོན་བྱེད་སྒོ་སྤེལ་ནས་ནུས་ཤུགས་ཡོད་རྒུས་གནས་ཐུབ་པ་དང་ནུས་པ་ཐོན་པའི་ཏང་འཛུགས་སྐྱོང་གི་སྤུས་རྟགས་བཏོད་ཐོག་ཀྲི་པུའུ་ཡི་ལས་དོན་ཁག་མདུན་གྲལ་དུ་སླེབས་པ་དང་དཔེ་སྟོན་བྱ་རྒྱུར་སྐུལ་འདེད་གཏོང་དགོས།

གཟུགས་བརྙན་བཟང་པོ་ཞིག་འཛུགས་དགོས་པ། གཞུང་ལས་ཁང་གི་སྤྱོད་ཚུལ་དང་གཟུགས་བརྙན་ལ་ཕྱོགས་སྟོན་མཚོན་རྟགས་ལྟ་བུའི་ནུས་པ་ལྡན་ཡོད་པས། ངེས་པར་དུ་ཤེས་བྱ་སློབ་གཉེར་བྱེད་པའི་སེམས་པ་ཞིག་རྒྱུན་འཁྱོངས་བྱས་ཏེ། སློབ་སྦྱོང་བྱ་རྒྱུ་རྫོགས་མཐའ་མེད་པ་དང་། རྒྱུན་ཆད་མེད་པར་འཇོན་ཐང་ཆེ་རུ་གཏོང་བ། སློབ་སྦྱོང་ཁྲོད་མཐོང་རྒྱ་ཆེ་རུ་གཏོང་བ་དང་། ཤེས་རྒྱ་ཆེ་རུ་གཏོང་བ། བྱང་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། ཞབས་ཞུ་གསུམ་གྱི་ལས་ཀ་བྱེད་མཁས་པ་ཞིག་ཏུ་འགྱུར་བར་འབད་བརྩོན་བྱེད་དགོས། སེམས་རྣལ་དུ་ཕབ་པ་དང་། འཚབ་འཚུབ་སྤོང་བ། ཐོག་མའི་བསམ་འདུན་སྲུང་བ། བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་དང་། དཀའ་སྤྱད་སྙིང་རུས་བྱེད་པ། ཁེར་གནས་ལ་སྡུག་བསྲན་ཐུབ་པ། སྤྱོད་གཙང་སྲུང་བ་བཅས་བྱས་ཏེ་སྤྱོད་གཙང་གཞུང་དྲང་ཡོང་བར་བྱེད་དགོས། ལས་བཀུར་གྱི་བསམ་པ་རྒྱུན་འཁྱོངས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་སྤྲོ་སེམས་རབ་ཏུ་འཕེལ་བའི་ངང་ལས་ཀའི་ནང་ཞུགས་པ་དང་། བར་ཆད་ཁྲོད་དུ་འཚར་ལོངས་ཡོང་བ། འགག་སྒྲོལ་དཀའ་སེལ་ཁྲོད་སྟོབས་ཆེར་གཏོང་བ། སློབ་སྦྱོང་དང་བྱ་གཞག་ལ་གྲུབ་འབྲས་ཐོབ་པའི་ཁྲོད་སྤྲོ་སྣང་ལྡན་པའི་སྒོ་ནས་ལས་ཀ་བྱེད་པ་དང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པར་བྱེད་དགོས།

ཚང་མས་ད་ཐེངས་ཀྱི་ཆེད་དོན་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་གོ་སྐབས་སུ་བྱས་ནས་ཁ་ཕྱོགས་དང་བྱེད་ཐབས་ལེགས་སུ་གཏོང་བ་གསལ་སྟོན་དང་། ལས་གནས་ལ་གཞི་ཚུཊ་ནས་ནུས་པ་འདོན་པ་དང་། སྤྱོད་ཚུལ་ལེགས་སུ་གཏོང་བ། ལེགས་སྐྱེས་འབུལ་བ་བཅས་བྱས་ཏེ་གཙོ་དོན་སློབ་གསོའི་གྲུབ་འབྲས་དེ་ཕུགས་བསམ་བརྟན་དུ་གཏོང་བ་དང་། ཏང་གཤིས་སྦྱོང་བརྡར། ལག་ལེན་ལ་མཛུབ་ཁྲིད། ཀྲི་པུའུ་ཡི་ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་ཏན་ཏིག་བསྒྱུར་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་བཤད་པ་རེད།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-01-20 6 6 拉萨日报藏文 c174267.html 1 /enpproperty-->