(པར་ངོས་དང་པོར་མཐུད)ཕྱོགས་ཁག་གི་ལས་དོན་ལ་ཕན་འབྲས་གསར་པ་ཐོན་ཡོད་པའི་ངོས་འཛིན་གནང་ཡོད། ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་ཚུན། ཀྲུང་དབྱང་ཆབ་སྲིད་ཅུས་དང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་གྱི་འགོ་ཁྲིད་འོག་སྐབས་གསར་པའི་ཀྲུང་དབྱང་ཧྲུའུ་ཅི་ཁྲུས་རང་འགུལ་ངང་བྱས་རྗེས་བཞག་པ་དང་། རང་འགན་གཙང་སྒྲུབ་ནན་ཏན་བྱས་ཏེ། ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་དོན་འཁྱོལ་ལ་སྐུལ་འདེད་དང་། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན། མང་ཚོགས་ཚོགས་པ་འཛུགས་སྐྱོང་དང་སྒྱུར་བཅོས་ལ་མཛུབ་ཁྲིད་བྱེད་པ་སོགས་ཀྱི་ཐད་ཕན་འབྲས་ལྡན་པའི་ལས་དོན་འབོར་ཆེན་བསྒྲུབས་ཡོད་པའི་ངོས་འཛིན་གནང་ཡོད།
ཚོགས་འདུའི་ཐོག་ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་75འཁོར་བའི་ལོ་དང་།ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་དམིགས་ཚད་དང་ལས་འགན་མངོན་འགྱུར་ཡོང་བར་བྱེད་པའི་འགག་རྩའི་ལོ་ཡིན་པས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱེད་པ་དང་།གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ།འདུ་ཤེས་བཞི་ཟབ་ཏུ་གཏོང་བ།གདེང་ཚོད་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བྱེད་པ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་བསྟར་བ། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ཀྱི་ཆེས་མཐོའི་ཆབ་སྲིད་རྩ་དོན་འདི་མཐའ་འཁྱོངས་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཆབ་སྲིད་ཆེ་ཤོས་འདིར་དམ་པོར་དམིགས་པ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་དགེ་བའི་ལས་སྒྲུབ་ཕོད་པ། ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་འདོམས་འོག་མཉམ་ཤུགས་ཆགས་པར་བྱེད་པ། དངོས་གཉེར་ལ་དམ་པོར་གཞིགས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ་བཅས་བྱས་ནས། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེའི་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་གསུངས་གནང་ཡོད།
ཚོགས་འདུའི་ཐོག་ལོ་གསར་པའི་ནང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུས་ཀྲུང་དབྱང་ཆབ་སྲིད་ཅུས་དང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཀོད་སྒྲིག་བླང་བྱར་གཞིགས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། རང་ངོས་ཀྱི་འགན་འཁྲིའི་ཐོག་གཞི་ཚུགས་པ། ཆབ་སྲིད་ཀྱི་འགན་འཁྲི་ཆེ་རུ་གཏོང་བ། རང་འགན་གཙང་སྒྲུབ་ཏན་ཏིག་བྱེད་པ། གྲོས་མོལ་ལས་སྒྲུབ་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། གཙོ་གནད་འབུར་དུ་ཐོན་པ་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པ་བཅས་ཀྱིས། ཏང་ཀྲུང་དབྱང་གིས་བསྒྲུབ་རྒྱུར་སྤྲད་པའི་ལས་འགན་ཁག་མུ་མཐུད་ལེགས་སྒྲུབ་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社