ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། 2023ལོའི་ཟླ་12ཚེས་25ཉིན།མལ་གྲོ་གུང་དཀར་རྫོང་རུ་ཐོག་ཤང་ལྷ་ལུང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཐོན་ལས་རྣམ་གྲངས་ཡིན་པའི་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་གློག་གསོག་ས་ཚིགས་སྤྱོད་འགོ་ཚུགས་པའི་མཛད་སྒོ་གཉེར་བ་དེའི་ཐོག་ནས་ལྷ་ལུང་གྲོང་ཚོའི་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཐད་སླར་ཡང་གོམ་སྟབས་བརྟན་པོ་ཞིག་སྤོས་པ་མཚོན་ཡོད།
ཉེ་བའི་ལོ་ཤས་རིང་། རུ་ཐོག་ཤང་ལྷ་ལུང་གྲོང་ཚོའི་ཡུལ་སྐོར་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་རུ་ཐོག་ཤང་གི་ཆུ་ཚན་དང་གངས་ཤུད་གློད་སར་ཡང་ཡུལ་སྐོར་བ་མང་པོ་ཞིག་གིས་སྒེར་འཁོར་བཏང་ནས་ཡུལ་སྐོར་དུ་ཡོང་གི་ཡོད། གྲོང་ཁུལ་དང་བར་ཐག་ཅུང་རིང་བའི་དབང་གིས་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་ནུས་རྒྱུ་གསར་པའི་རླངས་འཁོར་བཏང་ནས་འགྲོ་སྐྱོད་བྱ་རྒྱུར་ཚོད་འཛིན་བྱུང་ཡོད།གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་སྟོབས་ཆེར་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་བ་དང་། གྲོང་གསེབ་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་མགྱོགས་མྱུར་འཕེལ་རྒྱས་གཏོང་བ། གྲགས་ཅན་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་རྩེར་སོན་ཡུལ་སྐོར་ལམ་ཐིག་གཏོད་པ། དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་འཕར་གཞི་གསར་པ་མཁོ་འདོན་བཅས་བྱ་ཆེད། ཁྲོམ་རར་བརྟག་ཞིབ་དང་། ཚན་པས་མཛུབ་ཁྲིད། གྲོང་དོན་གྲོས་མོལ། སྒྲིག་ཆས་ཉོ་སྒྲུབ་སོགས་ཀྱི་ལྷུ་ཚིགས་བརྒྱུད་མཐར་ལྷ་ལུང་གྲོང་ཚོའི་ནུས་རྒྱུ་གསར་པའི་རླངས་འཁོར་གློག་གསོག་ས་ཚིགས་བསྐྲུན་ཐུབ་པ་བྱུང་ཡོད།ས་ཚིགས་དེར་ཁྱོན་མ་དངུལ་སྒོར་ཁྲི་28བཏང་ཡོད་ཅིང་།གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་མ་དངུལ་བསྡུ་སྒྲིལ་བྱས་ནས་ཐད་རྒྱུགས་གློག་གསོག་མཐའ་སྣེ་4བཀོད་སྒྲིག་བྱས་པ་དང་སྤེལ་རེས་གློག་གསོག་མཐའ་སྣེ་4བཀོད་སྒྲིག་བྱས་པས།ཁྱོན་གློག་གསོག་མཐའ་སྣེ་8ཡོད་པ་དང་ཆབས་ཅིག་ནུས་རྒྱུ་གསར་པའི་རླངས་འཁོར་8ལ་གློག་གསོག་ཆོག་གི་ཡོད། སྔོན་དཔག་བྱས་ན་ལོ་ལྟར་གྲོང་ཚོར་མཉམ་སྡེབ་དཔལ་འབྱོར་གྱི་འབབ་འཕར་སྒོར་ཁྲི་3ཡོང་རྒྱུ་རེད།
ནུས་རྒྱུ་གསར་པའི་རླངས་འཁོར་གྱི་གློག་གསོག་ས་ཚིགས་བེད་སྤྱོད་བྱས་རྗེས་ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་ནུས་རྒྱུ་གསར་པའི་རླངས་འཁོར་ལ་གློག་གསོག་ས་མེད་པའི་སྟོང་ཆ་ནུས་ལྡན་ངང་གསབ་ནས་གྲོང་གསེབ་འཕེལ་རྒྱས་གཏོང་བར་སྒུལ་ནུས་གསར་པ་སྣོན་རྒྱུ་དང་ལྷ་ལུང་གྲོང་ཚོའི་ཡུལ་སྐོར་ཐོན་ལས་ཡག་པོ་གཉེར་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社