分享按钮

མལ་གྲོ་གུང་དཀར་རྫོང་གིས་གཞི་རིམ་དུ་སྐྱོད་པ་བཞི་ལག་བསྟར་བྱས་ནས་གཙོ་དོན་སློབ་གསོ་གཏིང་ཟབ་སྤེལ་བ།

(པར་ངོས་དང་པོར་མཐུད)འཕྲལ་མར་འཐུང་ཆུའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་ཚང་དུ་བཏང་སྟེ་གཉན་གྲོང་ཚོའི་ཁྲོ་ལ་ཁ་ཚོགས་ཆུང་དང་གཉན་ཕུ་ཚོགས་ཆུང་གི་ཞིང་འབྲོག་དུད་ཚང་40ཡི་བདེ་འཇགས་འཐུང་ཆུའི་གནད་དོན་འགན་ལེན་བྱས་པ།དབང་པོ་སྐྱོན་ཅན་གྱི་ཁ་ལོ་བའི་ལག་རྩལ་གསོ་སྦྱོང་སོགས་དཀའ་ངལ་ཆེ་བའི་རེ་ཞུ་ཁག་52མཐུན་སྦྱོར་ངང་ཐག་གཅོད་བྱས་ཡོད། བརྟག་དཔྱད་ཞིབ་འཇུག་གི་གསལ་ཐོ་བཞི་བཟོས་ནས་གྲུབ་འབྲས་གཞན་སྒྱུར་ལ་དམ་འཛིན་ཏན་ཏིག་བྱས་ཏེ་མི་གཏན་འཁེལ་དང་། འགན་འཁྲི་གཏན་འཁེལ། དུས་བཀག་བཅས་ཀྱི་བྱ་ཐབས་ཐོག་ནས་གནད་དོན་49ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ཐབས་ཇུས་ཀྱི་བྱ་ཐབས་74བཏོན་ཡོད། ཏང་འཛུགས་སྐྱོང་ལ་དམིགས་ནས་1+9ཡི་ཏང་འཛུགས་སྐྱོང་གི་ལམ་ལུགས་མ་ལག་བཟོས་ནས་བཏོན་པ་དང་། སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ལག་བསྟར་བྱས་ནས་བྱས་རྗེས་འཇོག་ཞེས་པ་སོགས་གཙོ་དོན་ཏང་གི་སློབ་ཚན་ཁྲིད་པ། ལས་ཐོག་ཏང་ཡོན་གྲོང་ཚོར(སྡེ་ཁུལ)མི་ཐེངས་2760ལྷག་ཙམ་འབྱོར་ཐོ་བཀོད་པ། གཅེས་སེམས་བདེ་ཐང་གི་འོས་འགན་སྨན་བཅོས་སོགས་གཙོ་དོན་ཏང་གི་ཉིན་མོའི་དང་བླངས་ཞབས་ཞུའི་བྱེད་སྒོ་210ལྷག་ཙམ་སྤེལ་བ། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་དམིགས་ནས་ནུས་ལྡན་གྱི་མ་འཇོག་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ་ཀློང་གྲོལ་སྒང་ཟམ་ཆེན་དང་རྣམ་རྒྱལ་གླིང་ཟམ་ཆེན་སོགས་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་རྣམ་གྲངས་66ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་བས་རྣམ་གྲངས་སྐྲུན་འགོ་ཚུགས་ཚད་བརྒྱ་ཆ་98ཟིན་ནས་2024ལོའི་བརྟན་འཇགས་རྒྱུན་ནོར་གྱི་མ་འཇོག་རྣམ་གྲངས་མཛོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུའི་འཆར་འགོད་བྱས་པ་ཡོད་པ་རེད།

འདུམ་འགྲིག་པ་ཡག་པོ་བྱས་ཏེ་ཡིག་བསྐུར་ངོ་བཅར་ལ་སྣེ་ལེན་ཞུ་སྐབས་དམངས་ཀྱི་བསམ་འཆར་ཉན་ཞིང་། མལ་གྲོ་གུང་དཀར་རྫོང་གིས་འགོ་ཁྲིད་ལས་བྱེད་པ་གཞི་རིམ་དུ་བསྐྱོད་དེ་ངོ་བཅར་དུ་ཡོང་མཁན་ལ་སྣེ་ལེན་ཞུ་བའི་བྱེད་སྒོ་ཏན་ཏིག་སྤེལ་བ་དང་། ཁྱོན་ཡོངས་དང་ཐབས་ལམ་མང་པོའི་ཐོག་ནས་སྤྱི་ཚོགས་ལ་ངོ་བཅར་དུ་ཡོང་མཁན་ལ་སྣེ་ལེན་ཞུ་བའི་བཀོད་སྒྲིག་ཁྱབ་བསྒྲགས་བྱས་པ། ཟླ་རེའི་ཚེས་16ཉིན་རྒྱུན་གཏན་གྱི་ངོ་བཅར་དུ་ཡོང་མཁན་ལ་སྣེ་ལེན་ཞུ་བའི་ལམ་སྲོལ་དོན་འཁྱོལ་ཞིབ་ཚགས་བྱས་པ། རྫོང་རིམ་པའི་ལས་བྱེད་པ་39ཡིས་ཤང་དང་གྲོང་རྡལ་8ཀྱི་གྲོང་ཚོ(སྡེ་ཁུལ)41འགན་གཙང་བླངས་པ། སྒོ་བསྟེན་དུ་ནད་བརྟག་དང་ཁྱིམ་དུ་བཅར་ནས་ནད་བརྟག་གི་བྱ་ཐབས་ཐོག་ནས་མང་ཚོགས་ཀྱི་སྨན་བཅོས་འགན་བཅོལ་དང་། སྤྱི་ཚོགས་འགན་སྲུང་། ལས་ཞུགས་དང་ལས་གཏོད། ཕྱིར་སྐྱོད་འགྲུལ་བཞུད་སོགས་རེ་ཞུ་78ལ་ལན་བཏབ་ནས་གནད་དོན་41ཐག་གཅོད་བྱས་པ་དང་། རྗེས་སྙེགས་བྱས་ནས་གནད་དོན་37ཐག་གཅོད་བྱས་པ། ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་ཡིག་བསྐུར་ངོ་བཅར་གྱི་མངོན་གསལ་དོད་པའི་གནད་དོན་ལ་གཙོ་གནད་ཐོག་དོ་ཁུར་བྱས་ཏེ་ཅུས་ལུང་ཀུང་སིའི་འགྱངས་ཆད་གཉིས་དེ་ལྡོག་ཕྱོགས་ཀྱི་དཔེ་མཚོན་དང་ཆེད་དོན་བཅོས་སྒྲིག་ནང་བཅུག་ནས་རྫོང་རིམ་པའི་འགོ་ཁྲིད་ཀྱི་ལས་འགན་གཙང་ལེན་གྱི་གྱོད་གཞི་དང་། གཤམ་སྐྱོད་འདྲི་རྩད་ཀྱི་བྱེད་ཐབས་ལ་བརྟེན་ནས་གནད་དོན་གྱི་འབྱུང་རྩ་གཏིང་ཟབ་བསྔོགས་པ། ཨར་སྐྲུན་ཁེ་ལས་ཁྲོམ་རར་ཞུགས་འཐུས་དང་། ཞིང་པ་ལས་མིའི་གླ་ཆའི་ཆེད་སྤྱོད་རྩིས་ཁྲར་དོ་དམ། གླ་ཆ་ཆད་འགྱངས་ཀྱི་ཐོལ་བྱུང་དོན་རྐྱེན་ལ་འཕྲལ་སྡོམ་ཐག་གཅོད་སོགས་ཀྱི་ལམ་ལུགས་དང་ལམ་སྲོལ་བཅས་འཐུས་སྒོ་ཚང་པོ་བཙུགས་པ། ཡུན་ནན་ཨར་ཨན་ཀུང་སིས་ཁྲལ་དངུལ་ཆད་འགྱངས་དང་། ལིང་རྫོང་ཧུང་ཏ་ཀུང་སིས་གླ་ཆ་ཆད་འགྱངས་སོགས་ཡིག་བསྐུར་ངོ་བཅར་གྱི་དོན་དག་5ཐག་གཅོད་འོས་འཚམ་བྱས་ཡོད། ངོ་བཅར་དུ་ཡོང་མཁན་ལ་སྣེ་ལེན་ཞུ་བ་དང་། བདག་སྤྲོད་བྱེད་པ། ལན་སྤྲོད་པ་བཅས་ཀྱི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་ཁ་པར་ཐོག་ནས་ཕྱིར་ལན་སྤྲོད་པ་དང་དུད་ཚང་དུ་འཚམས་འདྲིར་བསྐྱོད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ཕན་འབྲས་ལ་རྗེས་འདེད་འདྲི་རྩད་བྱས་པ་དང་། ཧྭ་ཐའེ་ལུང་གི་ཆུ་འབུད་སྒྲིག་ཆས་ཀྱི་ཉིན་གྲངས་དང་དངུལ་གྲངས་ཐད་རྩོད་གཞི་ཡོད་པའི་གནད་དོན་ལ་བསྐྱར་དུ་ཞིབ་དཔྱད་བྱས་པ་དང། རྩིས་ཁྲ་ཁག་3འཐུས་ཚང་བཙུགས་པ། མང་ཚོགས་ཀྱིས་བཏོན་པའི་གནད་དོན་བདག་སྤྲོད་དང་ཚུར་ལན་སྤྲད་པའི་གནས་ཚུལ་རིམ་པ་བཞིན་ཐོ་འགོད་བཅས་བྱས་ནས་ཡིག་བསྐུར་ངོ་བཅར་ལ་སྣེ་ལེན་བྱས་པར་གནད་དོན་ཚང་མ་དོན་ཐོག་ཏུ་འཁྱོལ་ཐུབ་པ་དང་དོན་དག་ཚང་མར་ལན་འདེབས་ཐུབ་པར་བྱས་ཡོད།

འབྲེལ་གཏུག་པ་ཡག་པོ་བྱས་ནས་ཡུལ་དངོས་སུ་གཞུང་དོན་བསྒྲུབས་ཏེ་དམངས་ཀྱི་སེམས་ཁྲལ་བསལ་བ། མལ་གྲོ་གུང་དཀར་རྫོང་གིས་ཟླ་རེའི་ཚེས་18ཉིན་སྒོ་རྩར་བསྐྱོད་ནས་ཁེ་ལས་ལ་རོགས་རམ་བྱེད་པའི་ཉིན་མོའི་ལམ་ལུགས་དོན་འཁྱོལ་བྱས་ནས་དཔུང་ཁག་གི་འགོ་ཁྲིད་གཙོ་བོས་འགན་གཙང་ལེན་པའི་ལམ་སྲོལ་བཙུགས་པ་དང་། རྫོང་རིམ་པའི་འགོ་ཁྲིད་བཞིས་ཁེ་ལས་21ལ་ཆ་སྒྲིག་ཞབས་ཞུ་བྱས་པ། རིམ་རྩིས་བྱས་ན་ཁེ་ལས་21ལ་བཅར་འདྲི་ཐེངས་19བྱས་ནས་དྭགས་པོ་གླིང་སྲོལ་རྒྱུན་འཚེམ་བཟོའི་ལག་རྩལ་ཚད་ཡོད་ཀུང་སིའི་བཟོ་ཁང་དང་འབྲི་གུང་ལྷམ་བཟོ་ཞིང་པའི་མཉམ་ལས་ཁང་གི་ཐོན་རྫས་བྲིན་འཚོང་ཐབས་ལམ་ལ་དཀའ་ངལ་ཡོད་པ་སོགས་ཀྱི་རེ་འདུན་11ཐག་གཅོད་བྱས་པ་རེད། མང་ཚོགས་ཀྱི་བསམ་འཆར་མང་བའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་བྱ་རྒྱུ་ཚད་བརྒལ་སར་བྱས་ཏེ་གྲོང་དོན་གྱི་སྒྲིག་བཀོད་དང་། གཞུང་ལམ་འགྲིམ་འགྲུལ། ཐོན་སྐྱེད་བདེ་འཇགས། ཁོར་ཡུག་འཕྲོད་བསྟེན་སོགས་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་གཅིག་སྡུད་ཐོག་སྤེལ་བ་དང་། རྫོང་རིམ་པའི་འགོ་ཁྲིད་39ཡིས་སྔ་རྗེས་སུ་འགན་འཁྲི་སྒྲུབ་ཁོངས་ཁག་ལ་ལྟ་སྐུལ་ཞིབ་བཤེར་ཐེངས་159བྱས་པ། བཟོ་གཏེར་ཁེ་ལས་ཀྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་18ལ་གྲལ་བཤེར་བྱས་པ།ལམ་ཧམ་བཟུང་བྱས་ནས་ཚོང་གཉེར་བྱེད་མཁན་ཚོང་དུད་12ཚད་ལྡན་དུ་བཏང་བ། སྤྱི་པའི་སྒྲིག་བཀོད་321ཉམས་གསོ་དང་སྲུང་སྐྱོང་བྱས་པ། ཐོན་སྐྱེད་དང་འཚོ་བའི་གད་སྙིགས་ཏུན་3050ལྷག་ཙམ་གཙང་སེལ་བྱས་པ། རྫོང་རིམ་པའི་འགོ་ཁྲིད་ཀྱིས་སྣེ་ཁྲིད་པ་དང་། ཡུག་ཁུལ་གྱི་འགན་འཁྲིའི་ཚན་པས་འགན་ཁུར་བ། ཏང་ཡོན་ལས་བྱེད་པས་སྣེ་ཁྲིད། རྒྱ་ཆེའི་མང་ཚོགས་ཐེ་ཞུགས་བཅས་ཀྱི་རྣམ་པ་ཞིག་ཆགས་ཡོད། གངས་འཁྱགས་ཡུལ་སྐོར་དང་ནུས་རྒྱུ་གཙང་མ་སོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་འཕར་གཞི་སྐྱེད་སྲིང་ཧུར་ཐག་བྱས་ནས་རྣམ་གྲངས་ཀྱི་ཚོང་འགུགས་མ་འདྲེན་དང་། འཛུགས་སྐྲུན་དོན་འཁྱོལ་། ཐོན་སྐྱེད་ཀྱི་ཕན་འབྲས་ཐོན་པ་བཅས་ལ་དམ་པོར་དམིགས་པ་དང་ཚན་པའི་དབར་མཉམ་འགུལ་གྱི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། སྔ་རྗེས་སུ་མཐུན་སྦྱོར་སྐུལ་འདེད་ཚོགས་འདུ་ཐེངས་6འཚོགས་ནས་རྣམ་གྲངས་ཀྱི་ས་སྤྱོད་དང་། འགྲོ་ལུགས། སྐྱིན་གསབ་སོགས་ཀྱི་གནད་དོན་ཡུལ་དངོས་སུ་ཐག་གཅོད་བྱས་པ་དང་། རྣམ་གྲངས་ཀྱི་ས་ཞིང་བརྒྱུད་བཤུག་དང་། གཟན་རྩྭའི་ཁ་གསབ་ཀྱི་མ་དངུལ་སྒོར་ཁྲི་107སྤྲད་པ་རེད།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-01-04 6 6 拉萨日报藏文 c173255.html 1 མལ་གྲོ་གུང་དཀར་རྫོང་གིས་གཞི་རིམ་དུ་སྐྱོད་པ་བཞི་ལག་བསྟར་བྱས་ནས་གཙོ་དོན་སློབ་གསོ་གཏིང་ཟབ་སྤེལ་བ། /enpproperty-->