分享按钮

དགོས་མཁོ་དང་རེ་སྒུག་ལ་དམིགས་ཏེ་ཞིབ་དཔྱོད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ།

ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་དམངས་ཆེད་ཞིབ་དཔྱོད་བྱེད་པའི་ལག་ལེན་ཁྲོད་གཙོ་དོན་སློབ་གསོའི་ཕན་འབྲས་ལ་ཞིབ་དཔྱད་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།གཙོ་དོན་སློབ་གསོ་སྤེལ་བ་ནས་བཟུང་།གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་དགོངས་པར་སློབ་སྦྱོང་དང་།ཏང་གཤིས་ལེགས་སུ་གཏོང་བ།ལག་ལེན་ལ་མཐོང་ཆེན།བྱས་རྗེས་གསར་པ་འཇོག་པ་བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་དང་།ཞིབ་དཔྱོད་ཀྱིས་དམངས་ལ་བྱ་བ་དངོས་སྒྲུབ་པ་གཞི་རྟེན་དུ་བྱས་ནས་གཙོ་དོན་སློབ་གསོའི་ཕན་འབྲས་གཏིང་ཟབ་དང་ལེགས་སུ་བཏང་བས་གཙོ་དོན་སློབ་གསོ་དེ་བས་མི་སེམས་ལ་ཟུག་པ་དང་།མི་སེམས་ལ་གཡོ་འགུལ་ཐེབས་པ།མི་སེམས་ལ་སྐུལ་མ་ཐེབས་པ་བཅས་བྱུང་ཡོད།

གཞི་རིམ་དུ་སྐྱོད་པ་བཞིར་བརྟེན་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་།དཀའ་ངལ།སེམས་ཁྲལ།རེ་སྒུག་བཅས་ཐག་གཅོད་བྱས་པ།དུས་རབས་གསར་པའི་ཧྥེང་ཆའོ་ཡི་ཉམས་མྱོང་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་དར་སྤེལ་བཏང་བ་དང་།གཞི་རིམ་དུ་སྐྱོད་པ་བཞིའི་ལས་ཀའི་ལམ་སྲོལ་ལག་ལེན་གཏིང་ཟབ་བྱས་པ།ཡུལ་དངོས་སུ་གཞུང་ལས་བྱེད་སྒོ་ཐེངས་13སྤེལ་བ།སྒྲོག་འགྲེལ་ཐེངས་50ལྷག་ཙམ་བྱས་པ།བཅར་འདྲི་དང་བརྟག་དཔྱད་ཞིབ་འཇུག་400ལྷག་ཙམ་བྱས་པ།ངོ་བཅར་དུ་ཡོང་མཁན་མི་ཐེངས་500ལྷག་ཙམ་ལ་སྣེ་ལེན་ཞུས་པ།མང་ཚོགས་ཀྱི་རེ་འདུན་ཁག་22བསྡུ་ལེན་བྱས་པ།འབྲེལ་ཡོད་སྡེ་ཚན་ལ་མཐུན་སྦྱོར་བྱས་ནས་གནད་དོན་ཁག་22ཐག་གཅོད་འོས་འཚམ་བྱས་ཡོད།དེའི་ནང་སྙེ་མོ་རྫོང་གཞུ་སྨད་ཤང་ཆུ་ཤར་གྲོང་ཚོའི་འོད་ཤུགས་གློག་གི་ས་ཆ་སྤྱད་པའི་ཁ་གསབ་དངུལ་བགོ་འགྲེམས་སོགས་ཀྱི་འགལ་བ་འདུམ་འགྲིག་དང་སྙེ་མོ་རྫོང་བྲག་འཁོར་ཤང་གནས་སྤོས་བཀོད་སྒྲིག་ཁུལ་གྱི་མང་ཚོགས་ཀྱི་ནོར་ལུག་འགྲོ་ས་འཛུགས་སྐྲུན་གྱི་གནད་དོན་ཐག་གཅོད་ལེགས་པོ་བྱས་པས། མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་ཡོད་པ་རེད།

དམངས་དོན་ཡིད་བཅངས་ཀྱིས་ཞིབ་བཤེར་ལས་དོན་སྤེལ་ནས་དམངས་འཚོའི་གཞི་རྩའི་མཚམས་ཐིག་དམ་པོར་བསྲུངས་བ།དམངས་འཚོའི་གནད་དོན་ནི་དོན་ཆུང་ཞིག་མ་ཡིན་ཞིང་།ཉམས་ཞན་ཚོགས་སྤྱིའི་ཁེ་དབང་འགན་ལེན་བྱ་རྒྱུ་དེ་དམངས་འཚོའི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་དང་འབྲེལ་བ་ཡོད།གཙོ་དོན་སློབ་གསོ་སྤེལ་བ་ནས་བཟུང་།རང་གྲོང་གི་རིམ་ཁག་ཞིབ་དཔྱོད་ལས་ཁུངས་ཀྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་ཧུར་ཐག་བསྟར་ནས་སྤུས་ཚད་མཐོ་བའི་ཞིབ་དཔྱོད་ཀྱི་འགན་འཁྲི་བསྒྲུབ་རྒྱུ་དེ་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་ཉམས་ཞན་ཚོགས་སྤྱིར་རྒྱབ་སྐྱོར་བྱས་ནས་ངལ་རྩོལ་གྱི་ཐོབ་ཆ་དང་སྤྱི་ཚོགས་འགན་བཅོལ་ཐོབ་ཐང་སོགས་དང་འབྲེལ་བའི་དམངས་དོན་རྒྱབ་སྐྱོར་གྱི་གྱོད་གཞི་ཁག་28སྒྲུབ་གཉེར་བྱས་པ་དང་།དམངས་དོན་རྒྱབ་སྐྱོར་གྱི་གྱོད་གཞི་20ཞིབ་དཔྱོད་འདུམ་འགྲིག་བྱས་པ།ཉམས་ཞན་ཚོགས་སྤྱིར་ངལ་ནུས་གྲོན་དངུལ་དང་སྤྱི་ཚོགས་འགན་སྲུང་གྲོན་དངུལ་སོགས་སྒོར་ཁྲི་614བདའ་འདེད་གཏོང་རོགས་བྱས་པ་རེད།《ལྷ་ས་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་དཔྱོད་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལ་ཞབས་ཞུ་དང་འགན་སྲུང་བྱེད་པའི་ལག་བསྟར་བསམ་འཆར》དོན་འཁྱོལ་ནན་པོ་བྱས་ནས་ཁྲིམས་འཛིན་རོགས་སྐྱོབ་དང་གྲོང་གསེབ་དར་རྒྱས་གཏོང་བའི་འབྲེལ་མཐུད་དམ་ཟབ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ཞིབ་དཔྱོད་ལྷུ་ཚིགས་ཐད་སྐྱོབ་དགོས་ངེས་སྐྱོབ་གང་ཐུབ་བྱེད་པའི་འགན་ལེན་བྱས་པར་གྲོང་ཁྱེར་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་འཛིན་རོགས་སྐྱོར་གྱོད་གཞི་40ཐག་གཅོད་བྱས་པ་དང་ཁྲིམས་འཛིན་རོགས་སྐྱོབ་དངུལ་སྒོར་ཁྲི་101སྤྲད་པ་རེད།

སྤྱི་ཕན་བཏང་སྙོམས་ཀྱི་སེམས་པ་བཅངས་ནས་ལྷ་སའི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་བྱས་པ།སྤྱི་ཕན་སྲུང་སྐྱོང་བྱ་གཞག་དེ་ཐོག་མཐའ་བར་གསུམ་དུ་སྔར་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག་དང་།གཞུང་ཁོངས་རྒྱུ་ནོར་གཞན་ལ་མི་ཤོར་བར་སྲུང་སྐྱོང་བྱེད་པ།བར་སྐོར་གནའ་གྲོང་ཁྲོམ་གཞུང་གི་ལོ་རྒྱུས་སྲུང་སྐྱོང་བྱེད་པ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ་སོགས་ཀྱི་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་བ་རེད།2023ལོའི་ཟླ་11པའི་བར།གྲོང་ཁྱེར་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྱོན་བསྡོམས་ཁུངས་སྣེ་905ལ་བརྟག་དཔྱད་བྱས་པ་དང་།གྱོད་གཞི་359ཐོ་འགོད་བྱས་པ།སྲིད་འཛིན་ལས་ཁུངས་ལ་ཞུ་གཏུག་མ་བྱས་གོང་ཞིབ་དཔྱོད་ཀྱི་གྲོས་འགོ་73བཏོན་པ་རེད།ཆུ་ཡུར་སྤྱི་ལེ་79.2དང་ཆུ་ཁོངས་རྒྱ་ཁྱོན་མུའུ་9ལ་གཙང་སེལ་ལྟ་སྐུལ་བྱས་པ་དང་།སྲ་གཟུགས་ཟོག་རོ་སྣ་ཚོགས་ཏུན་4000ལྷག་ཙམ་ཚུར་བསྡུ་གཙང་སེལ་བྱས་པ།ཁྲིམས་འགལ་ངང་རྨོ་ཞིང་མུའུ་16.75ལྷག་ཙམ་བཟུང་བར་གསར་སྦོལ་སླར་གསོ་བྱས་པ།ས་ཆུ་སྲུང་འཛིན་གྱི་ཁ་གསབ་རྣམ་གྲངས་41གི་རྣམ་གྲངས་1401.477དང་དམིགས་བསལ་ཆུ་རིན་སྒོར་ཁྲི་118ལེགས་སྒྲུབ་བྱས་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ལྷ་སའི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་བྱས་ཏེ་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱས་པ་རེད།

གྲངས་གཞིའི་ནུས་སྤྲོད་ཀྱིས་དམངས་འཚོར་སྲུང་སྐྱོང་དང་བདེ་སྐྱིད་བསྐྲུན་པ།གྲངས་འཛིན་ཞིབ་དཔྱོད་ཀྱི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་གྲངས་གཞི་ཅན་གྱི་སྒྱུར་བཅོས་ལ་བརྟེན་ནས་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་ཀྱིས་གྲངས་གཞིའི་ཞིབ་དཔྱོད་ལྟ་སྐུལ་ལས་སྟེགས་ལ་བརྟེན་ནས་དམངས་འཚོའི་ཁྱབ་ཁོངས་ཀྱི་ཆེད་དོན་ལྟ་སྐུལ་བྱས་ཏེ་དམངས་འཚོའི་བདེ་སྐྱིད་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད།སྨན་བཅོས་འགན་བཅོལ་དང་འབྲེལ་བ་ཡོད་པའི་སྤྱི་ཕན་གཏུགས་བཤེར་གྱི་ཁུངས་སྣེའི་གྲངས་གཞིའི་ལྟ་སྐུལ་དཔེ་དབྱིབས་ལ་བརྟེན་ནས་སྨན་བཅོས་འགན་བཅོལ་དང་འབྲེལ་བ་ཡོད་པའི་གྱོད་གཞི་176གྲལ་བཤེར་བྱས་པ་དང་།འགྲིམ་འགྲུལ་ལས་འཛོལ་དང་འབྲེལ་བ་ཡོད་པའི་སྨན་བཅོས་འགན་བཅོལ་གྱི་མ་དངུལ་སྔ་འདོན་བྱས་ཀྱང་བདའ་འདེད་ལྟ་སྐུལ་མ་བྱས་པའི་གྱོད་གཞི་ཞིག་བདེ་བླག་ངང་བསྒྲུབས་ནས་མ་དངུལ་སྒོར་ཁྲི་3ཚུར་ལེན་ཐུབ་པ་དང་།མི་དམངས་ཀྱི་ནད་གཞི་ལྟ་བའི་དངུལ་སྲུང་སྐྱོང་བྱས་ཡོད།ཁང་གླ་ཁེ་བའི་སྡོད་ཁང་གི་སྒྲིག་འགལ་ངང་རེ་ཞུ་བྱེད་པའི་གྲངས་གཞིའི་ལྟ་སྐུལ་དཔེ་དབྱིབས་ལ་བརྟེན་ནས་གྲོང་ཁྱེར་ཡོངས་ཀྱི་ཁང་གླ་ཁེ་བའི་སྡོད་ཁང་གི་ཞིབ་བཤེར་ཆོག་མཆན་གནས་ཚུལ་ལ་མཐིལ་རྟོགས་བྱས་པ་དང་གནད་དོན་གྱི་ཁུངས་སྣེ་41ཤེས་རྟོགས་ཐུབ་པ་དང་།གྲོང་ཁྱེར་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཅུས་ལ་སྒྲིག་འགལ་ངང་ཁང་གླ་ཁེ་བའི་སྡོད་ཁང་བེད་སྤྱོད་གཏོང་མཁན་དུད་ཚང་74ཕྱིར་སློག་བྱ་རྒྱུར་ཁྲིམས་ལྟར་ལྟ་སྐུལ་བྱས་ཏེ་ཕྱོགས་མང་གི་ཐོག་ནས་རྒྱལ་ཁབ་ཀྱི་སྡོད་ཁང་འགན་ལེན་སྲིད་ཇུས་དང་ནོར་སྲིད་ཀྱི་གཏོང་སྒོ་དེ་དངོས་འབྲེལ་དགོས་མཁོ་ཆེ་བའི་མི་ཚོགས་ལ་སྤྱོད་རྒྱུ་འགན་ལེན་བྱས་པ་རེད།གྲངས་འཛིན་ཞིབ་དཔྱོད་ལས་དོན་ལ་གྲོང་ཨུད་དང་གོང་རིམ་ཞིབ་དཔྱོད་ལས་ཁུངས་ཀྱི་ཚད་མཐོའི་གདེང་འཇོག་ཐོབ་པ་དང་ཐད་ཀར་ཞུ་གཏུག་ཉུང་གཏོང་གི་ལྟ་སྐུལ་དཔེ་དབྱིབས་ལ་རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱི་གྲངས་གཞི་ཆེན་མོའི་བཅའ་ཁྲིམས་ལྟ་སྐུལ་དཔེ་དབྱིབས་འགྲན་བསྡུར་གྱི་བྱ་དགའ་རིམ་པ་གསུམ་པ་ཐོབ་པ་བཅས་རེད།

དངོས་དོན་སྒྲུབ་པ་ནི་ནུས་པ་ཡིན་ལ།དོན་འཁྱོལ་བྱེད་པ་ནི་ཆུ་ཚད་ཡིན།ཕྱིས་འབྱུང་།རང་གྲོང་གི་རིམ་ཁག་ཞིབ་དཔྱོད་ལས་ཁུངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་གཙོ་དོན་སློབ་གསོ་བརྒྱུད་བསམ་བློ་གཅིག་གྱུར་དང་།འདོད་བློ་གཅིག་གྱུར།བྱ་སྤྱོད་གཅིག་གྱུར་བཅས་བྱས་ཏེ་སྐར་མ་གཅིག་བཀོད་སྒྲིག་དང་སྐར་མ་དགུ་དོན་འཁྱོལ་བྱེད་པའི་ངེས་ཤུགས་ཀྱི་ཐོག་ནས་ཞིབ་དཔྱོད་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བ་དང་།གཙོ་དོན་སློབ་གསོའི་ཕན་འབྲས་དེ་ཁྱོན་ཡོངས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་བ་དང་མི་དམངས་ཁྲིམས་འཛིན་གྱི་ཞིབ་དཔྱོད་གྲུབ་འབྲས་དངོས་ལ་འགྱུར་བར་བྱས་ནས་རང་གྲོང་གི་ཞིབ་དཔྱོད་བྱ་གཞག་གི་རྣམ་པ་གསར་པ་གཏོད་རྒྱུ་རེད།(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-01-04 དགོས་མཁོ་དང་རེ་སྒུག་ལ་དམིགས་ཏེ་ཞིབ་དཔྱོད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། 6 6 拉萨日报藏文 c173249.html 1 ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་དམངས་ཆེད་ཞིབ་དཔྱོད་བྱེད་པའི་ལག་ལེན་ཁྲོད་གཙོ་དོན་སློབ་གསོའི་ཕན་འབྲས་ལ་ཞིབ་དཔྱད་བྱས་པ། /enpproperty-->