ཟླ་5ཚེས་7ཉིན། ཀེ་རི་སེའི་རྒྱལ་ས་ཨ་ཐེན་སིའི་པའེ་ཀྲན་ཐིང་ཧོ་ཡེ་ཤུའི་ཆོས་ལུགས་ཀྱི་རྟེན་རྫས་བཤམས་མཛོད་ཁང་དུ་ཀྲུང་གོའི་ཤིན་ཅང་གི་རིག་དངོས་སྒྱུ་རྩལ་འགྲེམས་སྟོན་བྱས་པ་རེད། འགྲེམས་སྟོན་གྱིས་རིག་དངོས་འདྲ་བཟོའི་ཐོན་རྫས་དང་གྲངས་འཛིན་འགྲེམས་སྟོན་ཟུང་འབྲེལ་གྱི་རྣམ་པའི་ཐོག་ནས་ལྟད་མོ་བར་ཤིན་ཅང་དང་འཛམ་གླིང་དབར་རྒྱུན་ཆད་མེད་པར་སྤེལ་རེས་དང་། གླེང་མོལ། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ཀྱི་རྣམ་པ་མངོན་པར་བྱས་ཡོད། པར་❶དང་❷ནི་ཟླ་5ཚེས་7ཉིན། ལྟ་སྐོར་བས་ཀེ་རི་སེའི་ཨ་ཐེན་སི་རུ་གཉེར་བའི་ཀྲུང་གོའི་ཤིན་ཅང་གི་རིག་དངོས་སྒྱུ་རྩལ་འགྲེམས་སྟོན་ཐོག་འགྲེམས་རྫས་ལ་ལྟ་བཞིན་པའི་གནས་ཚུལ་ཡིན། (ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ) (པ་ཚེས་སྒྱུར་ཞུས་བྱས)