分享按钮

(པར་ངོས་དང་པོར་མཐུད)འཇམ་དབྱངས་བློ་གྲོས་ཀྱིས་ནན་གསུངས་གནང་དོན། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་བཏང་ནས་སྤྱི་ཡོངས་ཀྱི་ཐོག་ནས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བའི་ཧ་ཅང་གལ་ཆེའི་རང་བཞིན་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ་དང་། སྤྱི་ཡོངས་དང་འཐབ་ཇུས་ཀྱི་སྤྱི་ཡོངས་ནས་ལྟེ་བའི་དོན་གནད་ལ་གོ་བ་ལེན་མཁས་པོ་བྱེད་པ།དགོངས་དོན་གྱི་ངོ་བོ་ཁོང་དུ་ཆུད་པ་བཅས་བྱེད་དགོས། བསམ་བློའི་ཐད་རིགས་པའི་གཞུང་ལུགས་ཀྱི་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ་དང་། རིག་པ་དྭངས་གསལ་དང་བརྟན་པོ་རྒྱུན་འཁྱོངས་བྱེད་པ།ཆབ་སྲིད་ཐད་ཚུགས་གནས་མཐོ་རུ་གཏོང་བ།བསམ་བློའི་རྨང་གཞི་བརྟན་དུ་གཏོང་བ།བྱ་སྤྱོད་ཐད་ཚད་གཞི་དང་ཡང་ཡང་བསྡུར་བ།མཉམ་འགུལ་བཅས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་བློ་དཀར་རྣམ་དག་དང་གཅིག་གྱུར་མཐའ་གཅིག་ཏུ་བྱས་ཏེ་རྒྱལ་ཁབ་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་དགོས། སྲིད་གྲོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་འགན་ནུས་ཐད་ནས་བརྟན་ལྷིང་གི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་འགོ་འཛུགས་ས་དང་ཤུགས་རྒྱག་ས་འཕྱུགས་མེད་བཙལ་ཏེ་མིག་སྔའི་དུས་བབ་འཕེལ་རྒྱས་དང་འགྱུར་ལྡོག་ལ་གནད་སྨིན་བརྡར་ཤ་གཅོད་དགོས་པ་དང་། རང་འགུལ་ངང་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་དེ་སྲིད་གྲོས་ཀྱི་འགན་སྒྲུབ་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་ཁག་ནང་མཉམ་འདྲེས་ཐུབ་པར་བྱས་ནས་གཞི་རིམ་གྱི་ལས་ཀའི་རྨང་གཞི་བརྟན་དུ་གཏོང་བ་དང་། སྲིད་ཞུགས་སྲིད་གླེང་དང་། བརྟན་ལྷིང་སྲུང་སྐྱོང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ཕྱོགས་བསྡུས་ནུས་པ་དང་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་བཏང་སྟེ་དངོས་སྒྲུབ་འགན་འཁུར་ལ་བརྟེན་ནས་སྲིད་གྲོས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།

གྲོང་ཁྱེར་སྲིད་གྲོས་ཏང་ཙུའི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་ཡུའེ་གོ་ཧུང་དང་། ཟླ་བ།ལིའུ་ལེང་། སུང་ལིའུ་ཀྲུའུ།ལུའུ་ཝའེ་ཧྲེང་། ཀྲན་ཞའོ་ཧྲེང་བཅས་དང་དེ་བཞིན་དྲུང་ཆེ་ཙོའུ་ཡུས་མིང་ཚོགས་འདུར་ཞུགས་ཡོད་པ་རེད།

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2026-05-10 6 6 拉萨日报藏文 c221085.html 1 /enpproperty-->