分享按钮

རང་གྲོང་གི་2026ལོའི་རྒྱ་གྲམ་དམར་པོའི་བྱམས་སེམས་གཟའ་འཁོར་གྱི་རིམ་སྤེལ་བྱེད་སྒོ་སྤེལ་འགོ་ཚུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་8ཉིན། འཛམ་གླིང་རྒྱ་གྲམ་དམར་པོའི་ཉིན་མོ་ཐེངས་79པར་དྲན་གསོ་ཞུ་བའི་ཆེད་དུ། བོད་རང་སྐྱོང་ལྗོངས་རྒྱ་གྲམ་དམར་པོའི་ཚོགས་པ་དང་ལྷ་ས་གྲོང་ཁྱེར་རྒྱ་གྲམ་དམར་པོའི་ཚོགས་པས་ཁྲེང་ཀོན་ཆུས་བཅིངས་འགྲོལ་ནུབ་ལམ་ཁྲོམ་གཞུང་དན་བག་སྡེ་ཁུལ་དར་སྤེལ་ཐང་ཆེན་དུ། མི་ཆོས་དང་། བྱམས་སེམས། ལེགས་སྐྱེས་བཅས་གཙོ་དོན་དུ་བྱས་པའི་2026ལོའི་རྒྱ་གྲམ་དམར་པོའི་བྱམས་སེམས་གཟའ་འཁོར་གྱི་རིམ་སྤེལ་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ་རེད། ཐེངས་འདིའི་བྱེད་སྒོ་བརྒྱུད་ནས་བདེ་ཐང་འོས་འགན་སྨན་བཅོས་དང་། མྱུར་སྐྱོབ་རྩལ་ནུས་ཁྱབ་གདལ། རོགས་སྐྱོབ་གསུམ་དང་ལེགས་སྐྱེས་འབུལ་བ་གསུམ་སོགས་ཀྱི་དྲིལ་བསྒྲགས་བྱ་ཐབས་སྣ་ཚོགས་བརྒྱུད་ནས་མང་ཚོགས་ཀྱི་སྒོ་འགྲམ་དུ་བསྐྱོད་དེ་སེམས་སྐྱིད་ཞབས་ཞུ་ཧུར་ཐག་ངང་བསྒྲུབ་རྒྱུ་ཡིན་པ་རེད།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2026-05-10 6 6 拉萨日报藏文 c221076.html 1 རང་གྲོང་གི་2026ལོའི་རྒྱ་གྲམ་དམར་པོའི་བྱམས་སེམས་གཟའ་འཁོར་གྱི་རིམ་སྤེལ་བྱེད་སྒོ་སྤེལ་འགོ་ཚུགས་པ། /enpproperty-->