分享按钮

ཀྲུང་གོ་གྲུ་གཟིངས་ཚོགས་པ་ཀྲུང་གོ་གྲུ་གཟིངས་ཡུལ་སྐོར་གྲུ་གསར་ཚོགས་པའི་རྣམ་གྲངས་ཅིང་ལི་ལུའོ་ཝ་ཏི་ཡིས།

ཀྲུང་གོའི་ཡུལ་སྐོར་མཚོ་གྲུའི་དཔལ་འབྱོར་ཕྱོགས་སྒྱུར་འཕེལ་རྒྱས་ཀྱི་དཔང་པོ་བྱས་པ།

མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཧྲེན་ཝུན་མིན།

འདི་ནི་ངའི་ཚེ་གང་ལས་རིགས་ཁྲོད་རྩ་ཆེ་ཤོས་ཀྱི་གཟི་བརྗིད་མཚན་སྙན་ཞིག་ཡིན། 2025ལོར་ཀྲུང་གོ་སྲིད་གཞུང་གི་མཛའ་གྲོགས་བྱ་དགའ་ཐོབ་མཁན་དང་ཀྲུང་གོ་གྲུ་གཟིངས་ཚོགས་པའི་ཀྲུང་གོའི་ཡུལ་སྐོར་མཚོ་གྲུ་ཚོགས་པའི་རྣམ་གྲངས་ཅིང་ལི་མར་ཁོའོ·ལུའོ་ཝ་ཏི་ཡིས་ལག་ཏུ་གཟེངས་རྟགས་འཁྱེར་བཞིན་སེམས་འགུལ་ཐེབས་པའི་ངང་ཀྲུང་གོར་ལས་ཀ་བྱེད་པར་ཡོང་བ་ནི་ངའི་མི་ཚེའི་ནང་གི་གདམ་ག་ཡག་ཤོས་དེ་ཡིན། འདི་གའི་གསར་གཏོད་ཀྱི་གསོན་ཤུགས་དང་འཕེལ་རྒྱས་ཀྱི་མྱུར་ཚད་ལས་ངའི་ལས་རིགས་ཀྱི་ཉམས་མྱོང་སྤྱོད་ས་བྱུང་སོང་ཞེས་བཤད།

ལུའོ་ཝ་ཏི་ནི་ཁ་རེ་ཤེ་ཡ་ནས་ཡིན་པ་དང་། གྲུ་གསར་བཟོའི་ལས་ཀ་ལོ་30ལྷག་ཙམ་བྱེད་མྱོང་བས་གོ་ལ་ཧྲིལ་པོའི་ཡུལ་སྐོར་མཚོ་གྲུ་ཐོན་ལས་རིམ་འཇུག་རིམ་སྤོར་ལ་དཔང་པོ་བྱས་ཡོད། ཁོང་གིས་དབྱི་ཐ་ལིའི་གྲུ་རིམ་ཚོགས་པའི་བློ་འདྲི་བ་དང་དབྱི་ཐ་ལིའི་ཧྥན་ཁན་ཏི་ཉི་གྲུ་གཟིངས་བཟོ་གྲྭའི་བཟོ་སྐྲུན་པ་སོགས་ཀྱི་འགན་ཁུར་མྱོང་ཡོད། གྲུ་གཟིངས་གསར་པ་ཞིབ་འཇུག་གསར་སྤེལ་དང་བཟོ་སྐྲུན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པ་མ་ཟད། རྒྱལ་སྤྱིའི་ཡུལ་སྐོར་མཚོ་གྲུའི་སྤུས་རྟགས་མང་པོ་ཞིག་ནས་ཡུལ་སྐོར་མཚོ་གྲུ་30ལྷག་ཙམ་གྱི་ཞིབ་སྤེལ་ལས་དོན་གཙོ་སྐྱོང་དང་དེའི་ནང་ཞུགས་ནས་རྒྱུ་ཆ་གསར་པ་བཀོལ་སྤྱོད་དང་། སྒྱུ་རྩལ་མཛེས་རིག་མངོན་པ། ལྗང་མདོག་ལག་རྩལ་སྤྱོད་པ་སོགས་ཁྱབ་ཁོངས་ཚང་མར་ལས་རིགས་ཀྱི་ཚད་ཤིང་བཟོས་ཡོད། རྣམ་གྲངས་ཀྱི་ཅིང་ལི་ལུའོ་ཝ་ཏི་ཡིས་ཀྲུང་གོའི་རྒྱལ་ཐོན་ཡུལ་སྐོར་མཚོ་གྲུ་ཆེ་གྲས་དང་པོ་ཨའེ་ཏ·མོ་ཏུའུ་རྟགས་ཅན་ཀྱི་ཇུས་འགོད་དང་། བཟོ་སྐྲུན། ཚོད་ལྟ། གཉེར་སྐྱོང་བཅས་ཐད་ལག་རྩལ་གྱི་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད།

ད་ཆ་ཨའེ་ཏ·མོ་ཏུའུ་རྟགས་ཅན་འཁོར་སྐྱོད་བྱས་ནས་ལོ་གཉིས་ལྷག་ཙམ་སོང་བ་དང་རིམ་རྩིས་བརྒྱབ་ན་ཡུལ་སྐོར་བ་ཁྲི་100ལྷག་ཙམ་ལ་ཞབས་འདེགས་ཞུས་ཡོད།(《མི་དམངས་ཉིན་རེའི་ཚགས་པར》ལས་བཏུས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2026-03-16 མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཧྲེན་ཝུན་མིན། ཀྲུང་གོ་གྲུ་གཟིངས་ཚོགས་པ་ཀྲུང་གོ་གྲུ་གཟིངས་ཡུལ་སྐོར་གྲུ་གསར་ཚོགས་པའི་རྣམ་གྲངས་ཅིང་ལི་ལུའོ་ཝ་ཏི་ཡིས། 6 6 拉萨日报藏文 c218435.html 1 ཀྲུང་གོའི་ཡུལ་སྐོར་མཚོ་གྲུའི་དཔལ་འབྱོར་ཕྱོགས་སྒྱུར་འཕེལ་རྒྱས་ཀྱི་དཔང་པོ་བྱས་པ། /enpproperty-->