དཔྱིད་གསར་དུས་ཆེན་བཏང་ཟིན་རྗེས། ས་གནས་ཁག་གི་ཁེ་ལས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱས་པ་དང་། འཁོར་ཁང་ནང་འཕྲུལ་འཁོར་གྱི་ལྡིར་སྒྲ་གྲགས་ཤིང་། ཐོན་སྐྱེད་ཀྱི་ལས་དོན་ཁག་མགྱོགས་མྱུར་ངང་སྤེལ་ཏེ། ལོ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆེད་དུ་རྨང་གཞི་བརྟན་དུ་བཏང་ཡོད།
པར①ནི་ཟླ་2ཚེས་26ཉིན། ཧུའུ་པེ་ཞིང་ཆེན་ཆི་ཀུའེ་རྫོང་མའོ་ཕིང་གྲོང་རྡལ་དུ་གནས་པའི་ཧུའུ་པེ་ཅི་ཧྲེང་འཁེལ་འཐག་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིའི་གྱོན་ཆས་འཁོར་ཁང་དུ་བཟོ་པ་ལས་ལ་བྲེལ་བཞིན་བཞིན་པའི་རྣམ་པ་ཡིན།
པར②ནི་ཟླ་2ཚེས་26ཉིན། ཅང་སུའུ་ཞིང་ཆེན་ཝུའུ་ཤིས་གྲོང་ཁྱེར་དུ་གནས་པའི་དབྱིན་པང་ལྕགས་རིགས་མཉམ་འདུས་རྒྱུ་ཆ་མ་རྐང་ཚད་ཡོད་ཀུང་སིར་ལས་དོན་པས་ཐོན་སྐྱེད་འཁོར་ཁང་དུ་ཐོན་སྐྱེད་བྱེད་བཞིན་པའི་རྣམ་པ་ཡིན།
(ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社