ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རིམ་པ་དང་པོའི་སྐོར་གཟིགས་པ་ཀྲའོ་ཧུའེ་ཉན་གྱིས་མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས་ཀྱི་བྱ་ཐབས་སྤྱད་དེ་མཐུན་སྒྲིལ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་དང་། ཤར་ཟམ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས། གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས། གྲོང་ཁྱེར་ཚོང་དོན་ཅུས་སོགས་གྲོང་ཁྱེར་གྱི་ཐད་གཏོཊ་སྡེ་ཚན་ཁག་ཅིག་ལ་ཕེབས་ཏེ་ཡུལ་དངོས་སུ་དུས་ཆེན་རིང་གི་བརྟན་ལྷིང་དང་བདེ་འཇཊ་སྲུང་སྐྱོང་གི་ལས་དོན་ཁག་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ་རེད།
དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཁག་ཏུ་ཀྲའོ་ཧུའེ་ཉན་གྱིས་ལས་གནས་བརྟན་སྲུང་བྱེད་མཁན་གྱི་ལས་རེས་མི་དམངས་ཉེན་རྟོག་པ་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་ལས་རེས་དང་དམངས་ཕན་ཞབས་ཞུ་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་རེད། ཁོང་གིས་ནན་གསུངས་གནང་དོན། དུས་ཆེན་རིང་མི་སྣ་འགྲོ་འོང་བྱེད་ཚད་མང་བ་དང་། རིགས་ཁག་གི་ཉེན་ཁ་དང་མངོན་མེད་རྐྱེན་ངན་མཉམ་དུ་གནས་ཡོད་པས། ལས་རེས་མི་དམངས་ཉེན་རྟོག་པ་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་དོགས་ཟོན་ཆེན་པོ་བྱས་ཏེ། ཆུ་ཚོད་24རིང་གི་ལས་རེས་དང་ལས་གྲབས་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས་གཙོ་གནད་ལམ་དུམ་དང་མི་སྣ་འདུ་འཛོམས་ཆེ་སར་སྐོར་གཡེང་དང་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། དམངས་ཕན་ཞབས་ཞུ་རྒྱུན་མཐུད་ངང་ལེགས་སུ་བཏང་ནས་རང་འགུལ་ངང་མང་ཚོགས་ལ་སྙིང་ཉེ་བའི་རོགས་རམ་བྱེད་དགོས་པ། མཐུན་སྦྱོར་དང་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་ནས་མཐའ་འཁོར་གྱི་སྡེ་ཁུལ་དང་ཚན་པར་མཐུན་སྦྱོར་དང་གཞོགས་འདེགས་དམ་ཟབ་བྱས་ཏེ། བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་འགན་ལེན་གྱི་ལས་ཀའི་མཉམ་ཤུགས་ཤིག་ཆགས་པར་བྱས་ནས།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社