ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གཟའ་འཁོར་འདིའི་གནམ་གཤིས་ཀྱི་གནས་ཚུལ་ལ་བལྟས་ན། རང་གྲོང་གི་གནམ་གཤིས་སྤྱིའི་ཆ་ནས་བརྟན་པོ་ཡོད། གསར་འགོད་པར་གྲོང་ཁྱེར་གནམ་གཤིས་ལས་ཁུངས་ནས་ཤེས་རྟོགས་བྱུང་བར། གཟའ་འཁོར་འདིར་རང་གྲོང་དུ་གངས་འབབ་པའི་གནམ་གཤིས་མངོན་གསལ་དོད་པོ་མེད་པས་དྲོད་ཚད་རིམ་བཞིན་མཐོ་རུ་འགྲོ་བའི་རྣམ་པ་མངོན་རྒྱུ་དང་། གཟའ་འཁོར་ནང་གཙང་པོ་རྒྱུག་ཁུལ་དུ་ཐོལ་ལྷགས་རིམ་པ་4ཡི་གཡས་གཡོན་དང་ས་བབ་མཐོ་བའི་ས་ཁུལ་དུ་ཐོལ་ལྷགས་རིམ་པ་8ལྡང་རྒྱུ་རེད།
སྔོན་དཔག་བྱས་ན། གཟའ་འཁོར་འདིའི་གཟའ་ཟླ་བ་ནས་གཟའ་པ་སངས་བར། རང་གྲོང་གི་ས་ཆ་ཁག་ཏུ་གནམ་དྭངས་རྒྱུ་དང་། གཟའ་སྤེན་པ་ནས་ཉི་མའི་བར། རང་གྲོང་གི་ས་ཆ་མང་ཆེ་བར་གནམ་དྭངས་རྒྱུ་དང་། བྱང་རྒྱུད་དང་ཤར་རྒྱུད་ཀྱི་ས་བབ་མཐོ་བའི་ས་ཁུལ་དུ་སྤྲིན་པ་མང་པོ་འཁོར་ནས་རིམ་བཞིན་གནམ་འཐིབ་རྒྱུ་རེད། གྲོང་ཁྱེར་གནམ་གཤིས་ལས་ཁུངས་ཀྱིས་གཟའ་འཁོར་འདིའི་ནང་ས་གནས་ཁག་ཏུ་ཕྱི་དྲོ་ལྷགས་པའི་མྱུར་ཚད་ཅུང་མགྱོགས་པ་དང་། ནུབ་རྒྱུད་སྙེ་མོ་རྫོང་དང་འདམ་གཞུང་རྫོང་གི་ས་ཆ་མང་ཆེ་བ་དང་དེ་བཞིན་མལ་གྲོ་གུང་དཀར་རྫོང་གི་ཤར་རྒྱུད་སོགས་ས་བབ་མཐོ་བའི་ས་ཁུལ་དུ་ལྷགས་པ་ཆེན་པོ་རིམ་པ་8ལྡང་རྒྱུ་ཡིན་པས་སྒྲིག་བཀོད་ཞིང་ལས་དང་། སྐབས་འཕྲལ་གྱི་སྐྲུན་དངོས། ཕྱི་རོལ་གྱི་བརྡ་ཁྱབ་བྱང་བུ་སོགས་ཀྱི་རླུང་འགོག་བརྟན་གཏོང་ཐད་བྱ་ཐབས་ཡག་པོ་སྤྱོད་དགོས་པ་དང་། ཁུག་ཆའི་ལམ་དུམ་བུ་འཕྲེད་ཕྱོགས་ཀྱི་ལྷགས་པ་རྒྱག་པའི་ཉེན་ཁར་དོ་སྣང་བྱེད་དགོས་པ་དང་། ཆབས་ཅིག་ལྷགས་པ་དང་དངོས་པོ་སྐམ་ཤས་ཆེ་བས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དང་གྲོང་ཁྱེར་གྱི་མེ་སྤྱོད་དང་གློག་སྤྱོད་ཀྱི་བདེ་འཇགས་ལས་དོན་སོགས་ལ་ཤུགས་སྣོན་རྒྱག་དགོས་པའི་གྲོས་འགོ་བཏོན་ཡོད། (བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社