(པར་ངོས་དང་པོར་མཐུད)བྱིས་པ་ཚོས་མགྱོགས་མྱུར་ངང་བང་བསྒྲིགས་ནས་དགེ་རྒན་གྱི་སྣེ་ཁྲིད་འོག་སློབ་གསེང་གི་ལུས་སྦྱོང་བྱས་པ་རེད། རོལ་དབྱངས་ཀྱི་འགྱུར་ཁུག་དང་བསྟུན་ནས་ཕྲུ་གུ་ཚོ་འཕགས་མཆོངས་རྒྱག་པ་དང་ངོ་གདོང་ལས་འཛུམ་མདངས་འཕྱུར་བ་དང་། རྐང་པའི་འདེགས་འཇོག་གཅིག་མཚུངས་ཀྱི་གོམ་སྒྲ་དང་དགའ་སྤྲོའི་དགོད་སྒྲས་ཁེངས་ཡོད། བཅོལ་ཉར་འཛིན་གྲྭའི་སློབ་མ་འཇམ་དབྱངས་རྒྱལ་མཚན་གྱིས།ངས་བཅོལ་ཉར་འཛིན་གྲྭའི་ནང་གྲོགས་པོ་གསར་པ་མང་པོ་བསྒྲིགས་པ་ཡིན། སྦྱོང་ཚན་འབྲི་མ་ཤེས་ན་དགེ་རྒན་ལགས་ལ་སྐད་ཆ་འདྲི་ཆོག་པ་དང་། རྒན་ལགས་ཀྱིས་ངང་རྒྱུད་རིང་པོས་ཟུར་ཁྲིད་གནང་གི་ཡོད་ཅེས་བཤད།
ལྷ་སའི་རིམ་གསུམ་སྲིད་དོན་ཞབས་ཞུའི་ཚོམས་ཆེན་གྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཟླ་བ་པད་སྒྲོལ་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། 2021ལོར་ཞབས་ཞུ་དེ་སྤེལ་ཚུན། རིན་མེད་བཅོལ་ཉར་ཞབས་ཞུ་དུས་ཐེངས་7གཉེར་བ་དང་། མིག་སྔར། ཞབས་ཞུ་བྱ་ཡུལ་ལྷ་ས་རིམ་གསུམ་སྲིད་དོན་ཞབས་ཞུའི་ཚོམས་ཆེན་དང་ཉེ་འགྲམ་གྱི་སྲིད་གཞུང་ཚན་པ་19ཡི་ལས་བྱེད་པ་དང་ལས་བཟོ་བའི་བུ་ཕྲུག་ཚུད་པ་དང་། རྒྱུན་དུ་བྱིས་པ་40ལྷག་ཙམ་ཉར་གྱི་ཡོད། བཅོལ་ཉར་འཛིན་གྲྭས་ལོ་ཚད་ལ་གཞིགས་ནས་སྤྲོ་སྣང་སློབ་ཚན་ཇུས་འགོད་བྱས་པ་དང་འབྲེལ་བརྗོད་དོན་གཙོ་བོའི་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ་ཁྱིམ་བདག་བློ་བདེ་པོའི་ངང་ལས་ཀ་བྱེད་པ་དང་ཕྲུ་གུ་སྤྲོ་སྣང་ལྡན་པའི་ངང་གུང་གསེང་གཏོང་བའི་དམིགས་ཚད་མངོན་འགྱུར་བྱས་པ་རེད།
ལྷ་ས་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཁེ་དབང་སྲུང་སྐྱོང་པུའི་ལས་དོན་པ་བྱམས་པ་སྒྲོལ་དཀར་གྱིས།བཅོལ་ཉར་འཛིན་གྲྭ་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་པ་ནི་ལས་བཟོ་བའི་བུ་ཕྲུག་གི་དཀའ་གནད་སེལ་རོགས་དང་ལས་བཟོ་བའི་སེམས་ཁྲལ་སེལ་རོགས་བྱེད་པའི་བྱ་ཐབས་དངོས་ཤིག་རེད། ཕྱིས་འབྱུང་ང་ཚོས་ཞབས་ཞུ་ཞིབ་ཚགས་བསྒྲུབས་ཏེ་དྲོ་སྐྱིད་ལྡན་པའི་ཐུགས་ཁུར་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་ལས་བཟོ་བའི་ཐོབ་སྣང་དང་། སྐྱིད་སྣང་།གཏོགས་སེམས་བཅས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད།
ལྷ་ས་གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་འདི་ཉིད་ཁེ་ལས་དང་མང་ཚོགས་ལ་ཐད་ཀར་ཞབས་འདེགས་ཞུ་བའི་སྐར་ཁུང་ཚན་པ་ཞིག་ཡིན་པའི་ངོས་ནས་དམངས་ཕན་ཞབས་ཞུ་དེ་ལས་བཟོ་བའི་ཁྱིམ་ཚང་གི་འཚོ་བའི་སྐྱེལ་ཡུལ་བར་རྒྱ་ཆེར་བཏང་བར་མ་ཟད། ལས་དོན་དེ་གསར་བརྗེའི་སྣེ་ཁྲིད་པ་དང་སྲིད་དོན་གདོང་ལེན་པ་ཞེས་པའི་ཏང་འཛུགས་སྐྱོང་གི་སྤུས་རྟགས་འཛུགས་སྐྱོང་གི་ནང་དོན་གལ་ཆེན་ནང་བཅུག་ནས་སྲིད་གཞུང་ཚན་པས་མང་ཚོགས་ཀྱི་འཚོ་བའི་དགོས་མཁོར་རང་འགུལ་ངང་དོ་ཁུར་དང་ཞབས་ཞུའི་འབྲེལ་ཐག་སྣུར་སྲིང་བྱས་པ་ཞིག་མཚོན་ཡོད།(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社