ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་12ཚེས་5ཉིན་གློག་འཕྲིན་འབྱོར་གསལ།ཟླ་12ཚེས་5ཉིན།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཏུའུ་ཅང་ཡན་དུ་ཧྥ་རན་སེའི་སྲིད་འཛིན་མཱ་ཁེ་ལུང་དང་མཛའ་མཐུན་གྱི་ཞལ་མོལ་གནང་བ་རེད།
དགུན་སྟོད་ཀྱི་ཏུའུ་ཅང་ཡན་དུ་རི་ཀླུང་སྔོ་ལྗང་གིས་བཀླུབས་ཤིང་།མཱ་ཁེ་ལུང་སྟངས་དཔྱལ་གཉིས་ཏུའུ་ཅང་ཡན་དུ་ཕེབས་སྐབས་ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཀྱིས་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད།ཞི་ཅིན་ཕིང་གིས་མཱ་ཁེ་ལུང་ཁྲེང་ཏུའུ་རུ་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་ཤིང་།ཁོང་གིས་ན་ནིང་ཁྱེད་ཀྱིས་ང་ཁྱེད་རང་གི་ཕ་ཡུལ་པི་ལི་ཉིའུ་སི་ཞིང་ཆེན་དུ་གདན་འདྲེན་ཞུས་བྱུང་།ད་ཐེངས་ཁྱེད་ཕེབས་པ་དེས་ཀྲུང་གོར་རྒྱུས་མངའ་སྔར་བས་ཟབ་ཏུ་འགྲོ་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་སྟངས་དཔྱལ་ཡན་ཀུང་ལམ་ཆེན་ཐོག་ཕེབས་ཀྱིན་དུ་ཞལ་མོལ་གནང་བ་རེད།
ཞི་ཅིན་ཕིང་གིས་ཏུའུ་ཅང་ཡན་གྱི་ལོ་རྒྱུས་དང་དོན་སྙིང་ངོ་སྤྲོད་གནང་ཞིང་།
ཁོང་གིས་ཏུའུ་ཅང་ཡན་གྱི་ཆུ་བེད་ལས་གྲྭ་ནི་ད་བར་འཛམ་གླིང་ཡོངས་སུ་སྔར་བཞིན་སྤྱོད་བཞིན་པའི་གནའ་བོའི་ཆུ་བེད་ལས་གྲྭ་གཅིག་པུ་དེ་ཡིན་ལ།མིའི་རིགས་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་བྱེད་སྔ་ཤོས་ཀྱི་གྲུབ་འབྲས་ཐོབ་པའི་ལག་ལེན་གྱི་གྲས་ཤིག་ཀྱང་ཡིན་པས།སྐྲུན་པའི་བརྒྱུད་རིམ་ཐོག་ནས་ཀྲུང་ཧྭ་མི་རིགས་ཀྱི་འབད་བརྩོན་ལྷོད་མེད་དང་།དཀའ་ངལ་ལ་མི་སྐྲག་པ།གསར་འབྱེད་བྱེད་ཕོད་པ་བཅས་ཀྱི་སྙིང་སྟོབས་གང་ལེགས་མཚོན་ཡོད།ཏུའུ་ཅང་ཡན་དུ་སླེབས་རིམ་བཞིན་སྔོན་བྱོན་པ་ཚོས་ཡུལ་བབ་དང་བསྟུན་པ་དང་།བབ་བསྟུན་ལས་སྒྲུབ།
རང་བྱུང་ཁམས་དང་མཐུན་པ།ཆུ་བེད་དམངས་སྐྱོང་བཅས་ཀྱི་རླབས་ཆེན་མྱོང་ཚོར་ཐུབ་པ་དང་དེའི་ཁྲོད་ནས་རྒྱལ་སྲིད་སྐྱོང་ལུགས་ཀྱི་བློ་གྲོས་བསྡུ་ལེན་ཐུབ་ཀྱི་ཡོད།ཧྥ་རན་སི་མི་རིགས་ལ་ཡང་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་ཡོད།
ཀྲུང་གོ་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱིས་རྒྱལ་ཁབ་གཞན་ལས་ལྷག་པར་ཕན་ཚུན་བསམ་ཤེས་དང་ཕན་ཚུན་བརྩི་འཇོག་བྱེད་དགོས་ཞེས་གསུངས་པ་རེད།
མཱ་ཁེ་ལུང་གིས་ཏུའུ་ཅང་ཡན་གྱི་རི་བོ་སྔོ་ཞིང་ཆུ་བོ་དྭངས་བ་དང་ཡུལ་ལྗོངས་ལྟ་ན་སྡུག ལོ་ཉིས་སྟོང་ལྷག་ཙམ་གོང་བསྐྲུན་པའི་ཆུ་བེད་ལས་གྲྭས་ད་བར་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད་པས།ཀྲུང་གོ་མི་དམངས་ཀྱི་ལས་ལ་བརྩོན་པའི་བློ་གྲོས་ལ་བསྔགས་བརྗོད་བྱེད་འོས་པ་ཞིག་ཡོད།ཧྥ་ཀྲུང་རྒྱལ་ཁབ་གཉིས་པོར་ལོ་རྒྱུས་ཡུན་རིང་ལྡན་པའི་རིག་གནས་ཡོད་པ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་དོན་གཉེར་བྱེད་པ་ནི་ཕན་ཚུན་འབྲེལ་བ་ཡོད་པས་ཧྥ་ཀྲུང་མཉམ་ལས་ཀྱིས་ཐུན་མོང་ཐོག་འཕེལ་རྒྱས་དང་དར་རྒྱས་དོན་གཉེར་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཐུབ་ངེས་རེད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་སྟངས་དཔྱལ་གནའ་ཉམས་དོད་པའི་བསིལ་ཁང་དུ་ཕེབས་ནས་ཞལ་མོལ་གནང་བ་རེད།
ཞི་ཅིན་ཕིང་གིས་རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་མི་རིགས་བསྐྱར་དར་ཡོང་བ་བྱེད་པར་དངོས་པོའི་དཔལ་ཡོན་གསོག་འཇོག་བྱེད་དགོས་ལ་བསམ་པའི་དཔལ་ཡོན་ཡང་རྒྱས་པར་བྱེད་དགོས།
རིག་གནས་ཀྱི་གདེང་ཚོད་ལྡན་པའི་མི་རིགས་ཤིག་ཡིན་ཕྱིན།གཞི་ནས་ཡར་ལངས་པ་དང་།བརྟན་པོར་ལངས་པ།རྒྱང་རིང་པོར་སྐྱོད་པ་བཅས་བྱེད་ཐུབ།ཀྲུང་ཧྭའི་ཤེས་དཔལ་ནི་འཛམ་གླིང་ཐོག་རྒྱུན་ཆད་མེད་པར་མ་ཟད།
རྒྱལ་ཁབ་ཀྱི་རྣམ་པའི་ཐོག་ནས་ད་བར་འཕེལ་རྒྱས་འགྲོ་བའི་རླབས་ཆེན་ཤེས་དཔལ་གཅིག་པུ་དེ་ཡིན་པས་མངོན་གསལ་དོད་པའི་རྒྱུན་མཐུད་རང་བཞིན་དང་།
གསར་གཏོད་རང་བཞིན།གཅིག་གྱུར་རང་བཞིན།བསྟུན་མཁས་རང་བཞིན།
ཞི་བདེའི་རང་བཞིན་བཅས་ལྡན་ཡོད།
ཀྲུང་གོ་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ནི་ཤར་ནུབ་ཕྱོགས་ཀྱི་ཤེས་རིག་གི་ཕུལ་བྱུང་མཚོན་བྱེད་ཡིན།རྒྱལ་ཁབ་གཉིས་ལ་ཐུན་མོང་དུ་ཡོད་པའི་རང་བཙན་རང་བདག་གི་སྙིང་སྟོབས་ནི་རང་རང་གི་རིག་གནས་ཀྱི་ནང་དོན་ཟབ་མོ་ལས་བྱུང་བ་རེད།ཀྲུང་གོ་དང་ཧྥ་རན་སེའི་དབར་ཕྱི་འབྲེལ་བཙུགས་པ་ནི་རང་བཙན་རང་བདག་གི་རྒྱལ་ཁབ་གཉིས་ཀྱི་ཕྱག་བཏང་གནང་བ་ཞིག་ཡིན་ལ།འོད་སྟོང་འཕྲོ་བའི་ཤེས་དཔལ་ཆེན་པོ་གཉིས་ཀྱི་མཉམ་འདྲེས་ཤིག་ཀྱང་ཡིན།ཟིང་ཆ་ཆེ་བའི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ་ཀྲུང་ཧྥ་རྒྱལ་ཁབ་ཆེན་པོ་གཉིས་ཀྱིས་སྐད་ཆ་ཤོད་རེས་དང་མཉམ་ལས་བྱས་པ་བརྒྱུད།འཛམ་གླིང་གི་ཞི་བདེ་བརྟན་ལྷིང་དང་མིའི་རིགས་ཀྱི་འཕེལ་རྒྱས་ཡར་ཐོན་ལ་ཐུན་མོང་ཐོག་ལེགས་སྐྱེས་དེ་བས་ཆེ་བ་འབུལ་ཐུབ་པའི་ཡིད་ཆེས་ཡོད་ཅེས་ནན་གསུངས་གནང་བ་རེད།
མཱ་ཁེ་ལུང་གིས་མིག་སྔའི་རྒྱལ་སྤྱིའི་དུས་བབ་མགྱོགས་མྱུར་འགྱུར་ལྡོག་ཕྱིན་ནས་གཏན་འཁེལ་མེད་པའི་རང་བཞིན་གྱིས་ཁེངས་ཡོད།ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འབྲེལ་གཏུགས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་སྐད་ཆ་ཤོད་རེས་དང་གྲོས་མོལ་བརྒྱུད།(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社